Security in a Box

སྒམ་ནང་གི་ཉེན་སྲུང་ཟེར་བ་འདི་ནི་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོའི་བརྡ་འཕྲིན་གྱི་ཉེན་སྲུང་ལམ་སྟོན་ཞིག་ཡིན།

གལ་སྲིད་ཁྱེད་རང་བརྡ་འཕྲིན་གྱི་ཉེན་སྲུང་ལ་རྒྱུས་མངའ་མེད་མཁན་གྱི་ལས་དང་པོ་བ་ཞིག་ཡིན་ན། ཁྱེད་ཀྱིས་ཐབས་ལམ་གྱི་ལམ་སྟོན་ (Tactics Guides) ཞེས་པ་འདིར་གཟིགས་པ་ཡིན་ན། དེའི་ནང་སྤྱི་ཚོགས་དྲ་རྒྱ་དང་ལག་ཁྱེར་ཁ་པར་གང་འདྲ་བྱས་ནས་བདེ་འཇགས་ངང་བེད་སྤྱོད་གཏོང་དགོས་མིན་གྱི་གཙོས་གཞི་རྩའི་རྩ་འཛིན་ཁག་ངོ་སྤྲོད་བྱས་ཡོད་པ་རེད། བྱེད་ཚུལ་གྱི་ལམ་སྟོན་ (Tool Guides) ཟེར་བ་འདིས། ཁྱེད་ལ་བྱེད་ཚུལ་ཁག་གོ་རིམ་བཞིན་སློབ་ཁྲིད་བྱས་ཏེ། ཧ་ཅང་དགོས་མཁོ་ཆེ་བའི་བརྡ་འཕྲིན་གྱི་ཉེན་སྲུང་མཉེན་ཆས་དང་ཞབས་ཞུ་ཁག་ནང་འཇུག་བྱ་རྒྱུར་ཕན་ཐོགས་བྱེད་ཀྱི་ཡོད།

སྤྱི་ཚོགས་ཀྱི་ལམ་སྟོན་(Community Guides) ཟེར་བ་འདི་ནི་མི་ཚོགས་བྱེ་བྲག་པ་དང་སྐབས་རེ་ས་ཁུལ་བྱེ་བྲག་པ་བརྡ་འཕྲིན་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཕྲད་མཁན་དག་ལ་དམིགས་ནས་བཟོས་པ་ཞིག་ཡིན་སྟབས། དེའི་ནང་ཁོ་ཚོར་དགོས་མཁོ་ཆེ་བའི་བྱེད་ཚུལ་དང་ཐབས་ལམ་ཁག་ངོ་སྤྲོད་བྱས་ཡོད་པ་རེད།

སྒམ་ནང་གི་ཉེན་སྲུང་ཞེས་པ་འདི་ནི་མདུན་ཐིག་སྲུང་སྐྱོབ་པ་ Front Line Defender དང་བརྡ་འཕྲིན་ཚན་ཚན་གྱི་བཀོལ་སྤྱོད་ཕྱོགས་བསྡུས་ Tactical Technology Collective ཚན་ཁག་ཟུང་འབྲེལ་བྱས་ཏེ། རྒྱལ་སྤྱིའི་ལས་འགུལ་བ་དང་སྤྱོང་བརྡར་སྤྲོད་མཁན། དེ་བཞིན་བརྡ་འཕྲིན་གྱི་ཉེན་སྲུང་གནད་དོན་ཆེད་མཁས་པ་བཅས་མི་སྟོང་ཕྲག་མང་པོས་མཉམ་འདེགས་བྱས་ནས་བཟོས་པ་ཞིག་ཡིན། གལ་སྲིད་ཁྱེད་རང་བརྡ་འཕྲིན་གྱི་ཉེན་སྲུང་ལ་རྒྱུས་མངའ་མེད་མཁན་གྱི་ལས་དང་པོ་བ་ཞིག་ཡིན་ན།

ཐབས་ལམ།

These tactics guides cover digital security basics and identify tools related to each topic