ཁྱེད་ཀྱི་དྲ་རྒྱའི་བརྒྱུད་ལམ་ཁག་ཇི་ལྟར་སྒེར་སྤྱོད་བྱས་ཏེ་ཉར་འཚག་བྱེད་དགོས་སམ།

ཁ་གསབ།2010

ལམ་ཡིག་འདི་བཞིན་ད་ལྟ་བདག་གཅེས་བྱས་ཀྱི་མེད།

བརྡ་འཕྲིན་དུས་རབས་ཀྱི་གཡོ་རླབས་ཤིག་འཛམ་གླིང་གང་སར་ཁྱབ་དུས་གློག་ཀླད་ཀྱི་དྲ་ལམ་བརྒྱུད་ཨེ་མལ་དང་མྱུར་འཕྲིན་སོགས་དྲ་ལམ་གྱི་མཐུན་རྐྱེན་དེ་ཙམ་མེད་པའི་མི་སྒེར་དང་ཚོགས་པ་ཁག་ལ་སྟབས་བདེ་པའི་ཐོག་ནས་གནས་ཚུལ་ཁག་མཁོ་གཏོང་བྱེད་ཐུབ་ཀྱི་ཡོད། གལ་སྲིད་དྲ་ལམ་མྱུར་པོ་དེ་འདྲ་ཡོད་པ་ཡིན་ན་Jitsi, Skype, Voice-over-IP VoIPབརྒྱུད་སྐད་ཆ་བཤད་དེ་གནས་ཚུལ་ཁག་གཅིག་གཅིག་ལ་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་།བརྒྱུད་ལམ་དེ་ཚོས་གནད་འགག་ཆེ་བའི་གནས་ཚུལ་ཁག་ཡིད་ཆེས་བློས་འཁེལ་གྱིས་སྒེར་སྤྱོད་བྱས་པ་མ་ཟད་བདག་ཟུང་ཡག་པོ་བྱེད་ཐུབ་ཀྱི་མེད། འདི་ནི་གནས་ཚུལ་གསར་པ་ཞིག་མིན་དུས་ཧོན་འཐོར་དགོས་དོན་མེད། དེ་བས་གཞུང་གི་ལྟ་སྲུང་འོག་ཡོད་པའི་མི་སྣའི་ཡིག་སྐུར་སྦྲག་ཏམ་དང་ཁ་པར། དེ་བཞིན་འཕྲིན་ཐུང་ལ་བལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་དུས་བརྒྱུད་ལམ་དེ་བེད་སྤྱད་ནས་གནས་ཚུལ་ཁག་མི་གཞན་ལ་མཁོ་སྤྲོད་བྱེད་རྒྱུ་ནི་ཉེན་ཁ་ཅན་ཞིག་ཆགས་ཡོད།

གདོད་མའི་དུས་རབས་དང་ད་ལྟའི་དྲ་རྒྱའི་དུས་རབས་ཀྱི་གནས་ཚུལ་མཁོ་གཏོང་བྱེད་ཡག་གི་བརྒྱུད་ལམ་གཉིས་ཞིབ་བསྡུར་བྱས་པ་ཡིན་ན། དྲ་རྒྱའི་བརྒྱུད་ལམ་གྱི་བཟང་བ་དང་ཉེན་སྲུང་བྱེད་ཡག་ལ་བཙན་པ་ཡོད། གལ་སྲིད་ཁྱེད་ཀྱི་ཉེན་སྲུང་མེད་པའི་བྱ་ཐབས་བེད་སྤྱད་དེ་ཨེ་མལ་དང་མྱུར་འཕྲིན། དེ་བཞིན་VoIPབརྒྱུད་སྐད་ཆ་བཤད་པ་ཡིན་ན་ཡི་གེ་དང་ཁ་པར་བཏང་པ་ལས་ཉེན་ཁ་ཆེ་བ་ཡོད། གང་ཡིན་ཞེ་ན། ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད་པའི་གློག་ཀླད་དེ་ཚོས་རང་འགུལ་ངང་གནས་ཚུལ་གཏོང་མཁན་དང་གཏོང་ཡུལ་གྱི་མི། དེ་བཞིན་གནད་འགག་ཆེ་བའི་ཚིག་ཁག་ངོས་བཟུང་སྟེ་རྩད་གཅོད་གཏོང་ཐུབ་ཀྱི་ཡོད། གདོད་མའི་སྤྱི་ཚོགས་ཀྱི་གནས་ཚུལ་བརྒྱུད་ལམ་དེ་ཚོ་ཡང་བལྟ་སྲུང་ནན་པོ་བྱེད་ཡག་ལ་གཅིག་མཚུངས་མཐུན་རྐྱེན་དེ་འདྲ་ཚང་དགོས། ཡིན་ནའང་། གལ་སྲིད་ཁྱེད་ཀྱི་སྔོན་འགོག་ཁ་ཤས་བྱས་པ་ཡིན་ན་དེ་སྒྲུབ་ཀྱི་མ་རེད། གང་ཡིན་ཞེ་ན། སྔོན་མ་རྒྱལ་ཁབ་ཀྱི་དམག་མི་དང་གསང་བའི་ལས་ཁུངས་ཁོ་ན་ལ་ཡོད་པའི་གནས་ཚུལ་ཉེན་སྲུང་གི་བྱ་ཐབས་དེ། དུས་དེང་སང་ཁྱེད་ཀྱི་དྲ་རྒྱའི་བརྒྱུད་ལམ་ཀྱི་བཀོལ་སྤྱོད་དང་བརྡ་ཚིག་གི་ནུས་པར་བརྟེན་གནས་ཚུལ་ག་རེ་ཡིན་ཀྱང་ཉེན་སྲུང་བྱེད་ཐུབ་ཀྱི་ཡོད།

སློབ་ཚན་འདིའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་ལམ་སྟོན་ཁག་ལ་གཟིགས་ཏེ་མཉེན་ཆས་ཁག་འཚོལ་ཞིབ་ཀྱིས་ལག་ལེན་བསྟར་བ་ཡིན་ན། ཁྱེད་རང་གི་གནས་ཚུལ་ཁག་ཉེན་སྲུང་བྱེད་ཡག་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་གི་རེད། དེ་ཡང་། RiseUpཨེ་མལ་ཞབས་ཞུ་དང་ OTR, Pidgin, Mozilla Firefox, Enigmail, Mozilla Thunderbird སོགས་ཀྱི་མཉེན་ཆས་འདི་རྣམས་ཀྱི་བྱ་ཐབས་ཁྱེད་ཀྱིས་བེད་སྤྱོད་གཏོང་ཐུབ་ན་གནས་ཚུལ་ཉེན་སྲུང་བྱེད་ཡག་ལ་ཕན་ཐོགས་ཆེན་པོ་ཡོད། ཡིན་ནའང་། ཁྱེད་རང་གིས་ཤེས་དགོས་པ་ཞིག་ལ་དྲ་ལམ་ཐོག་བཤད་པའི་སྐད་ཆ་ཁག་བརྒྱ་ཆ་བརྒྱ་ཐམ་པ་མཉེན་ཆས་འདི་ཚོས་ཉེན་སྲུང་བྱེད་ཐུབ་ཀྱི་མེད། ཁྱེད་ལ་ཉེན་ཁ་ཞིག་ག་དུས་ཡིན་ནའང་འཕྲད་ཀྱི་རེད། དེ་ཡང་། གློག་ཀླད་ཐོག་ཡོད་པའི་གློག་ཀླད་ཀྱི་མཇུག་སྒོ་འགྲམ་དུ་རྣ་ཅོག་ཉན་ནས་བསྡད་ཡོད་པའི་མི། དོ་སྣང་མ་བྱས་པར་བཏང་བའི་ཨེ་མལ་སོགས་ཀྱི་རྐྱེན་པས་ཉེན་ཁ་འདྲ་མིན་འཕྲད་ཀྱི་ཡོད། སློབ་ཚན་འདིའི་དམིགས་ཡུལ་གཙོ་བོ་ནི་ཁྱེད་ལ་དྲ་ཐོག་ཏུ་ཉེན་ཁ་འཕྲད་པ་ཁག་ཉུང་དུ་གཏོང་ཆེད་ཆེད་མངག་འཆར་འགོད་བྱས་ནས་བཀོད་སྒྲིག་བྱས་པ་ཞིག་ཡིན་པས་འདིར་དོ་སྣང་ངེས་པར་སྤྲོད་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ཡིན།

:Snippet

ཁྱེད་རང་གིས་སློབ་ཚན་འདི་ནས་ག་རེ་ཤེས་ཀྱི་རེད་དམ།

 • ག་རེ་བྱས་ནས་དྲ་ཐོག་གི་ཨེ་མལ་དང་མྱུར་འཕྲིན་གྱི་བརྡ་འཕྲིན་གཏོང་ས་ཁག་བཙན་པོ་མེད་དམ།
 • ཇི་ལྟར་ཨེ་མལ་གྱི་ཁ་བྱང་གསར་པ་དང་བཙན་པོ་ཞིག་བཟོ་དགོས་སམ།
 • ད་ལྟའི་ཨེ་མལ་གྱི་ཁ་བྱང་ཉེན་སྲུང་ཡར་རྒྱས་ཇི་ལྟར་གཏོང་དགོས་སམ།
 • ཇི་ལྟར་བཙན་པོ་ཡོད་པའི་མྱུར་འཕྲིན་གྱི་བརྡ་འཕྲིན་ཞབས་ཞུ་བེད་སྤྱོད་གཏོང་དགོས་སམ།
 • གལ་སྲིད་མི་གཞན་ཞིག་གིས་ཁྱེད་རང་གི་ཨེ་མལ་བལྟ་ཀློག་བྱེད་ཀྱི་ཡོད་ན་ག་རེ་བྱེད་དགོས་སམ།
 • ཇི་ལྟར་ཨེ་མལ་གྱི་ཐོག་ཡིག་འབྲེལ་བྱེད་མཁན་དེ་སུ་ཡིན་མིན་ངོས་འཛིན་བྱེད་སྟངས།

ཁྱེད་ཀྱི་ཨེ་མལ་ཉེན་སྲུང་བྱེད་སྟངས།

ཁྱེད་ཀྱི་ཨེ་མལ་ཉེན་སྲུང་ཡར་རྒྱས་གོང་འཕེལ་ཡོང་ཡག་ལ་ཐབས་ལམ་ཁ་ཤས་ཤིག་ཡོད། དང་པོ་ཁྱེད་ཀྱི་ཨེ་མལ་གཏོང་ས་དེར་ཁྱེད་ཀྱི་ཡི་གེ་དེ་ཀློག་ཐུབ་པ་ཞིག་བསྐུར་ཞིག་བསྐུར་དགོས། འདི་གང་འདྲ་སེ་བྱེད་དགོས་མིན་ནི་ཁྱེད་ཀྱི་ཨེ་མལ་འཕྲིན་ཐུང་ཁག་ཇི་ལྟར་མི་གཞན་གྱི་མ་ཤེས་པའི་ཆེད་གསང་ཉར་བྱེད་དགོས་སམཞེས་པ་དང་ཡང་ན་གཤམ་དུ་འགྲེལ་བརྗོད་ཞུས་པའི་ཉེན་སྲུང་དུ་མ་ཡོད་པའི་ཨེ་མལ་ཁ་བྱང་ཁག་ཇི་ལྟར་སྤྱོད་ཐབས་ཞེས་པའི་གནད་དོན་ཁག་ལ་གཟིགས་ན་མཁྱེན་ཐུབ། གཞི་རྩའི་རྨང་གཞི་དེ་ལས་ཏོག་ཙམ་རྒྱ་ཆེ་རུ་བཏང་བ་ཡིན་ན་མཚམས་རེ་ཁྱེད་ཀྱི་ཨེ་མལ་གྱི་འབྲེལ་ལམ་བརྒྱུད་ཡི་གེ་དེ་དངོས་གནས་ཁྱེད་ཀྱིས་བཏང་ཡོད་མེད་དང་ཡང་ན་མི་གཞན་གྱིས་ཁྱེད་རང་གི་མིང་བེད་སྤྱད་དེ་བཏང་ཡོད་མེད་ཀྱི་གནས་ཚུལ་སོགས་ངོ་རྟགས་ཡག་པོ་ཆོད་ཀྱི་ཡོད། དེ་ལྟ་བུའི་ཐབས་ལམ་དེ་ལམ་ལྷོང་ཡོང་ཡག་ལ སློབ་ཚན་བདུན་པའི་བཞི་པ་སྟེ་ཡར་ཐོན་ཅན་གྱི་ཨེ་མལ་ཉེན་སྲུང་བྱེད་སྟངས་ཞེས་པའི་སོ་སོའི་ཨེ་མལ་གྱི་འཕྲིན་ཐུང་འཁྲུལ་མེད་ངོས་འཛིན་དང་བརྡ་ཚིག་འཕོ་འགྱུར་བྱེད་སྟངས་ཞེས་པར་གཟིགས་ན་མཁྱེན་ཐུབ།

གལ་སྲིད་ཁྱེད་ཀྱི་ཨེ་མལ་གྱི་ཉེན་སྲུང་དོ་དམ་མི་གཞན་གྱིས་འཕྲོག་འདུག་བསམ་ན་དེ་ལས་སྐྱོབ་ཐབས་ཀྱི་ཐབས་ལམ་ཁག་གཤམ་དུ་འགྲེལ་བརྗོད་ཞུས་ཡོད་པས་ཁྱེད་ཀྱིས་གཟིགས་ན་མཁྱེན་ཐུབ།

ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ་ཉེན་སྲུང་བྱས་ཡོད་པའི་ཨེ་མལ་དེ་ཚོ་སོ་ཉུལ་དྲ་རྒྱ་དང་དུས་དུས་སུ་དྲ་ཐོག་བརྒྱུད་མི་གསུམ་པ་ཞིག་ལ་བསྡུ་འཇུག་བྱས་ནས་བཏང་བ་ཡིན་ན་ཁྱེད་ཀྱིས་བཏང་བའི་ཨེ་མལ་དེ་ཚོ་མི་གཞན་གྱིས་དོ་དམ་བྱེད་ཡག་ལ་ཉེན་ཁ་ཡོད། དེའི་སྐོར་ལ་ཞིབ་ཕྲ་སློབ་ཚན་དང་པོའི་བརྗོད་དོན་ཁྱེད་ཀྱི་གློག་ཀླད་མཉེན་ཆས་རྫུན་མ་དང་གློག་ཀླད་མཁས་པའི་གཡོ་བྱུས་ལས་སྐྱོབ་ཐུབ་བམ་དང་སློབ་ཚན་གསུམ་པའི་བརྗོད་དོན་ཏེ་ཇི་ལྟར་གསང་ཡིག་བཙན་པོ་བཟོ་སྟངས་དང་ཉར་འཚག་བྱེད་སྟངས ཞེས་པ་འདི་གཉིས་ཀྱི་ནང་དོན་ཁག་ལ་ཁྱེད་ཀྱིས་མཐིལ་ཕྱིན་སློབ་སྦྱོང་བྱས་ན་མཁྱེན་ངེས་ཡིན་པས་གཤམ་དུ་གཟིགས་རོགས།

ཁྱེད་ཀྱི་དྲ་འབྲེལ་ཡི་གེ་ཁག་ཁེ་གཙང་ཉར་འཚག་བྱེད་སྟངས།

དྲ་རྒྱ་ནི་གུ་ཡངས་ཀྱི་འབྲེལ་ལམ་བྱེད་ས་ཞིག་ཡིན་པ་གང་ཞིག་ཡི་གེ་ཀློག་བདེ་པོའི་ངང་མི་གཞན་ལ་མཁོ་སྤྲོད་བྱེད་ཀྱི་ཡོད། གལ་སྲིད་ཨེ་མལ་གྱི་འཕྲིན་ཐུང་དཀྱུས་མ་ཞིག་གཏོང་ས་དེར་ཏག་ཏག་མ་འབྱོར་བར་ལམ་ཁར་འགོག་རྐྱེན་འཕྲད་པ་ཡིན་ནའང་དེའི་ནང་དོན་དཀའ་ངལ་གཅིག་ཀྱང་མེད་པའི་ཐོག་བལྟ་ཀློག་བྱེད་ཐུབ་ཀྱི་ཡོད། དྲ་རྒྱ་ནི་འཛམ་གླིང་ཀུན་ཁྱབ་ནང་བེད་སྤྱོད་གཏོང་གི་ཡོད་དུས་འབྱོར་ས་དེར་མ་འབྱོར་བར་ལམ་ཁར་འགོག་རྐྱེན་མང་པོ་ཞིག་འཕྲད་ཀྱི་ཡོད། གང་ཡིན་ཞེ་ན། འཛམ་གླིང་ནང་ཡོད་པའི་མི་མང་པོས་དྲ་རྒྱ་བཀོལ་སྤྱོད་བྱེད་ཀྱི་ཡོད་དུས་འགྲོ་ལམ་ཁག་ལ་མཚམས་རེ་འགོག་རྐྱེན་འཕྲད་ཀྱི་ཡོད། ཁྱེད་རང་གི་ཨེ་མལ་གཏོང་ས་དེར་མ་འབྱོར་གོང་ཁྱེད་རང་གི་དྲ་རྒྱའི་བརྒྱུད་ལམ་མཁོ་སྤྲོད་བྱེད་མཁན་[ISP](/bo/glossary#ISP)དེའི་སར་འབྱོར་གྱི་ཡོད། དེ་དང་ཕྱོགས་མཚུངས་ཡི་གེ་དེ་མཁོ་སྤྲོད་མ་བྱས་གོང་འབྱོར་ས་དེ་མཐའ་མ་ཆགས་ཀྱི་ཡོད། ཁྱེད་ཀྱིས་སྔོན་འགོག་མ་བྱས་ན་ཡི་གེ་དེ་ཚོ་མིས་ཀློག་པའམ་ཡང་ན་མཉམ་སྲེ་བྱེད་སྲིད་པ་ཞིག་ཡིན་པས་གཟབ་གཟབ་བྱེད་དགོས།

:Snippet

ཁྱེད་རང་གི་དྲ་ལམ་དང་དྲ་རྒྱ་བལྟ་ས་དེར་ངེས་པར་ཉེན་སྲུང་གང་ཐུབ་ཐུབ་བྱེད་རྒྱུ་ནི་གནད་འགག་ཆེན་པོ་ཞིག་ཡིན། དེ་ཡང་། ཁྱེད་རང་གི་གསང་ཡིག་གམ་ཡང་ན་དྲ་རྒྱའི་ནང་དངུལ་ཁང་གི་ཤོག་བྱང་བཀོལ་སྤྱོད་བྱེད་དུས་ཡང་སེ་ཉེན་སྲུང་བྱེད་དགོས་པ་འདི་འདྲ་ཆགས་ཀྱི་རེད། དེ་ལམ་ལྷོང་ཡོང་ཡག་ལ་ཉེན་མེད་སྒོར་ལེབ་ཕྲ་མོ་ Secure Sockets Layer SSL ཞེས་པའི་བརྡ་ཚིག་འཕོ་འགྱུར་གྱི་འཕྲུལ་ཆས་འདི་བེད་སྤྱོད་བྱས་པ་ཡིན་ན་ཉེན་སྲུང་བྱེད་ཐུབ་ཀྱི་ཡོད། ཁྱེད་རང་གིས་ཉེན་མེད་སྒོར་ལེབ་ཕྲ་མོ་བེད་སྤྱོད་བྱེད་ཀྱི་ཡོད་མེད་ནི་དྲ་རྒྱའི་བཀག་སྡོམ་ཁ་བྱང་ལ་བརྟག་ཞིབ་ནན་པོ་བྱས་ན་མཁྱེན་ངེས་ཡིན་པས་དེར་གཟིགས་རོགས།

དྲ་རྒྱ་མང་ཆེ་བ་HTTP ཡི་ཡི་གེ་འདི་བརྒྱུད་འགོ་འཛུགས་བྱེད་ཀྱི་ཡོད་པས་གཤམ་དུ་གཟིགས་ན་མཁྱེན་ཐུབ།

ཉེན་སྲུང་ཡོད་པའི་དྲ་རྒྱ་ཁག་ཁྱེད་རང་གིས་གཟིགས་དུས་HTTPS ཡི་གེས་འགོ་འཛུགས་བྱེད་ཀྱི་ཡོད་པ་མཁྱེན་གྱི་རེད།

དེའི་མཐའ་མ་དེར་ཡོད་པའི་ཡི་གེ་ S དེས་ག་རེ་མཚོན་ནམ་ཞེ་ན། ཁྱེད་རང་གི་གློག་ཀླད་ཀྱི་ཉེན་སྲུང་ཡོད་པའི་དྲ་རྒྱ་ཁ་ཕྱེ་ཡོད་པ་མཚོན་གྱི་ཡོད། ཁྱེད་རང་གིས་བལྟ་ཀློག་བྱེད་བཞིན་པའི་དྲ་རྒྱའི་ངོ་གདོང་གི་ཞབས་ལ་ཁ་བྱང་བཀག་སྡོམ་མམ་ཡང་ན་གནས་བབས་བཀག་སྐོམ་གང་རུང་གི་སྒོ་ལྕགས་མཚོན་རྟགས་དེ་ཧ་གོ་གི་རེད། འདི་དག་ནི་ཁྱེད་རང་གི་དྲ་རྒྱའི་དོ་དམ་ཁག་ལ་ཚོད་འཛིན་བྱེད་མཁན་སུ་ཡིན་མིན་གྱི་ཁུངས་སྣེ་ཞིག་ཡིན་པས་ཁྱེད་ཀྱི་དྲ་རྒྱ་དེ་ཚོ་ངེས་པར་དུ་གཟིགས་རྒྱུ་མ་བརྗེད་པ་བྱེད་དགོས།

གསང་ཡིག་དང་དཔལ་འབྱོར་འཕོ་ལེན་བྱེད་ཡག་ལ་བརྡ་ཚིག་འདི་ལྟ་བུ་ནི་དྲ་ཐོག་ཏུ་ཡོད་པའི་འཕྲིན་ཐུང་ཁག་ཉེན་སྲུང་བྱེད་ཡག་ལ་མེད་དུ་མི་རུང་བ་ཞིག་ཡིན་པས་ཁྱེད་ཀྱིས་ངེས་པར་བཀོལ་སྤྱོད་བྱེད་དགོས། ཡིན་ནའང་། དྲ་རྒྱ་མང་པོ་ཞེ་པོ་ཞིག་གིས་ཉེན་སྲུང་བྱ་ཐབས་དེ་མཁོ་སྤྲོད་བྱེད་ཀྱི་མེད་པར་བརྟེན་HTTPS ཞེས་པའི་ཡི་དེ་འདི གློག་ཀླད་ཐོག་ཕབ་ཏེ་བཀོལ་སྤྱོད་བྱེད་དགོས། ཁྱེད་རང་དྲ་ཐོག་ཏུ་ཞུགས་ཏེ་ཨེ་མལ་ཀློག་པའམ་གཏོང་བ་སོགས་མ་བྱས་གོང་ངེས་པར་གློག་ཀླད་ཀྱི་དྲ་ལམ་ཡག་པོ་ཡོད་མེད་བརྟག་ཞིབ་བྱེད་དགོས།

ཁྱེད་རང་གི་ཉེན་མེད་དྲ་ཐོག་ཁ་བྱང་བརྒྱུད་གནས་ཚུལ་བལྟ་ཀློག་བྱེད་དུས་དེ་ནུས་མེད་རེད་བཞག་ཅེས་དྲ་ཐོག་ནས་ཉེན་བརྡ་གཏོང་གི་ཡོད་ན་དེར་གཟབ་གཟབ་བྱེད་དགོས། གང་ཡིན་ཞེ་ན། མི་གཞན་ཞིག་གིས་ཁྱེད་རང་གི་དྲ་ལམ་གྱི་གནས་ཚུལ་དང་འཕྲིན་ཐུང་ཁག་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད། མཐའ་དོན་གལ་སྲིད་ཁྱེད་རང་གིས་དྲ་ཐོག་བརྒྱུད་གནས་ཚུལ་ཁག་མི་གཞན་ལ་བཤད་རེས་བྱེད་ཀྱི་ཡོད་ན་ངེས་པར་ཁྱེད་རང་གི་དྲ་ལམ་དེ་མྱུར་པོ་དང་ཁུངས་གང་དག་པོ་དགོས། ངས་བྱས་ན་ཁྱེད་རང་གི་གློག་ཀླད་ནང་ Mozilla Firefoxདང་དེའི་ཉེན་སྲུང་དང་འབྲེལ་བ་ཡོད་པའི་མཉེན་ཆས་ཁག་ནང་འཇུག་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད།

Hands-on: Get started with the Firefox with add-ons - Secure Web Browser Guide

:Snippet

ཉེན་མེད་ཨེ་མལ་ཁ་བྱང་ལ་མང་ཙམ་འཇུག་སྟངས།

དྲ་རྒྱ་ཁ་ཤས་ཤིག་གིས་ཇི་ལྟར་ཨེ་མལ་ཉེན་སྲུང་བྱེད་དགོས་མིན་གྱི་མཐུན་རྐྱེན་སྦྱོར་གྱི་ཡོད། (Yahoo) དང་ (Hotmail) གྱིས་ཉེན་མེད་དྲ་ལམ་བརྒྱུད་གསང་ཡིག་ཁོ་ན་ཉེན་སྲུང་བྱེད་པ་ལས་འཕྲིན་ཐུང་བཏང་བ་དང་འབྱོར་བ་ཁག་འགན་སྲུང་བྱེད་ཐུབ་ཀྱི་མེད། དེ་དང་ཕྱོགས་མཚུངས་ (Yahoo) དང་ (Hotmail) དེ་བཞིན་རིན་མེད་དྲ་རྒྱ་མཁོ་སྤྲོད་བྱེད་མཁན་ཚོས་ཁྱེད་རང་གི་གློག་ཀླད་ཀྱི་ IP address ཁ་བྱང་བརྒྱུད་ཁྱེད་ཀྱིས་འཕྲིན་ཐུང་བཏང་བ་ཁག་བརྟག་ཞིབ་བྱེད་ཐུབ་ཀྱི་ཡོད།

ཇི་མལ་ཁ་བྱང་ཡོད་པའི་མི་ཚོས་ཨེ་མལ་ཁ་ཕྱེ་བ་དང་ཁ་རྒྱག་དུས་ཉེན་སྲུང་གི་དྲ་ལམ་བེད་སྤྱོད་གཏོང་གི་ཡོད། དེ་ཡང་བཀག་སྡོམ་གྱི་ཁ་བྱང་བརྒྱུད་'https'བཀོལ་སྤྱོད་བྱས་ཏེ་ཉེན་སྲུང་དྲ་རྒྱར་འཇུག་གི་ཡོད། ཇི་མལ་ནི་ Yahoo ཡང་ན་ Hotmail དང་མི་འདྲ་བར་འཕྲིན་ཐུང་གཏོང་ཡུལ་དེར་གློག་ཀླད་ཀྱི་IP addressཁྲོམ་བསྒྲགས་བྱེད་ཀྱི་མེད། ཡིན་ནའང་། ཁྱེད་རང་གི་གནད་འགག་དང་གསང་དགོས་པའི་གསང་གནས་ཁག་ (Google) གྱིས་ཉེན་སྲུང་བྱེད་ཀྱི་རེད་བསམ་ནས་ཡིད་ཆེས་བྱས་ཏེ་སྡོད་རྒྱུ་མེད། (Google) གྱི་བརྡ་འཕྲིན་བཀོལ་སྤྱོད་བྱེད་ཡག་གི་རང་དབང་ལ་གཞུང་གིས་བཀལ་འཁྲོལ་ཐོབ་དགོས་ཀྱི་ཡོད་དུས་དྲ་རྒྱ་དེ་བེད་སྤྱོད་གཏོང་མཁན་གྱི་འཕྲིན་ཐུང་གི་ནང་དོན་ཁག་ལ་དགོས་པ་རྒྱུ་མཚན་མང་པོ་ཞིག་བལྟས་ཏེ་ཚོད་འཛིན་གྱིས་ཐོ་འགོད་དང་འཚག་སེལ་བྱེད་ཀྱི་ཡོད། (Google) དྲ་རྒྱའི་རང་སྲུང་བྱ་ཐབས་སྐོར་ལ་ཤེས་རྟོགས་བྱེད་དགོས་ན་སློབ་ཚན་བདུན་པའི་ལྔ་པ་སྟེ་བསྐྱར་སྦྱོང་ངམ་བསྐྱར་ཀློག་ཞེས་པ་དེར་གཟིགས་ན་མཁྱེན་ཐུབ།

གལ་སྲིད་ཁྱེད་ཀྱིས་བཟོ་ཐུབ་ན་https://mail.riseup.net དྲ་ཐག་འདི་བརྒྱུད་ལོངས་ཤོག་RiseUpཞེས་པའི་ཨེ་མལ་ཁ་བྱང་ཞིག་བཟོ་དགོས། དྲ་རྒྱ་འདིས་འཛམ་གླིང་གང་སར་ཡོད་པའི་རང་དབང་འཐབ་རྩོད་བྱེད་མཁན་ཚོར་ལས་སླ་པོའི་ཐོག་ནས་ཨེ་མལ་མཁོ་སྤྲོད་བྱེད་ཐུབ་པ་མ་ཟད་དྲ་རྒྱ་ཁག་ཏུ་གསོག་འཇོག་བྱས་ཡོད་པའི་ཁོང་ཚོའི་གནས་ཚུལ་ཁག་ཉེན་སྲུང་བྱེད་ཐུབ་ཀྱི་ཡོད། ཁོང་ཚོས་དེ་ལྟ་བུའི་ཉེན་མེད་ཉེན་སྲུང་བྱེད་ཡག་གི་དྲ་རྒྱ་དེ་རེ་སྒུག་རྒྱུན་རིང་བྱས་ཡོད། (Google) དང་མ་འདྲ་བ་དྲ་རྒྱ་དེ་བཀོལ་སྤྱོད་བྱེད་མཁན་ཚོར་རང་སྲུང་དོ་དམ་ཤུགས་ཆེ་ཡོད་དུས་ཉིན་ཞིག་བྱ་ཐབས་དེ་ཚོར་དཀའ་ངལ་འཕྲད་སྲིད་པ་ཞིག་ཡིན། ལོངས་ཤོག་ཞེས་པའི་ཨེ་མལ་ཁ་བྱང་གསར་པ་ཞིག་བཟོ་དགོས་ན་ངེས་པར་བརྡ་ཚིག་གཉིས་དགོས་ཀྱི་ཡོད། བརྡ་ཚིག་འདི་གཉིས་ནི་ལོངས་ཤོག་RiseUpཨེ་མལ་ཁ་བྱང་ཡོད་མཁན་གྱི་མི་སུས་སྤྲད་ཀྱང་འགྲིག་གི་ཡོད། གལ་སྲིད་ཁྱེད་ལ་དེབ་འདིའི་ངོ་བཤུས་ཡོད་པ་ཡིན་ན་མགྲོན་འབོད་བརྡ་ཚིག་དེ་གཉིས་འབྱོར་ངེས་ཡིན། དེ་མིན་ན་ཁྱེད་ལ་ལོངས་ཤོག་RiseUpདྲ་རྒྱ་བེད་སྤྱོད་གཏོང་མཁན་གཉིས་དགོས་པ་མ་ཟད་རེ་རེས་ཁྱེད་ལ་བརྡ་ཚིག་རེ་གཏོང་དགོས་པ་ཆགས་ཀྱི་རེད།

Hands-on: Get started with the RiseUp - Secure Email Service Guide

ཇི་མལ་དང་ལོངས་ཤོག་RiseUpདྲ་རྒྱ་གཉིས་ནི་དྲ་རྒྱ་ཙམ་མ་ཡིན་པར་དེ་ལས་ལྷག་པའི་ལས་ཀ་བྱེད་ཀྱི་ཡོད། དེ་ཚོ་ Mozilla Thunderbirdཀྱི་དྲ་རྒྱ་བརྒྱུད་སློབ་ཚན་བདུན་པའི་བཞི་པའི་ནང་འགྲེལ་བརྗོད་བྱས་ཡོད་པའི་ཡར་ཐོན་ཅན་གྱི་ཨེ་མལ་ཉེན་སྲུང་གི་བྱ་ཐབས་རམ་འདེགས་ཀྱིས་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། ཁྱེད་རང་གི་ཨེ་མལ་མཁོ་སྤྲོད་བྱེད་མཁན་ཚོར་བརྡ་ཚིག་འཕོ་འགྱུར་གྱིས་དྲ་ལམ་མཐུད་རྒྱུ་ནི་ HTTPS ཡི་དྲ་ཐོག་ཉེན་སྲུང་བཀོལ་སྤྱོད་བྱས་པ་ལས་ལྷག་པ་ཡོད། གལ་སྲིད་ཁྱེད་ཀྱི་ཨེ་མལ་མཁོ་སྤྲོད་བྱེད་མཁན་ཚོའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ཡོད་ན་Thunderbird Guideཞེས་པའི་ལམ་སྟོན་ཤེས་བྱ་ཁག་ལ་གཟིགས་ན་མཁྱེན་ཐུབ། ཡིན་ནའང་། ཁྱེད་རང་གི་ཉུང་མཐར་འགྲོ་འོང་བྱེད་མཁན་གྱིས་དྲ་ཐོག་འཕྲིན་ཐུང་ཁག་ལ་བརྡ་ཚིག་བཀོད་པའམ་ཡང་ན་SSLབཟོ་བཀོད་བྱེད་དགོས།

:Snippet

ཁྱེད་རང་གིས་ཉེན་མེད་ཨེ་མལ་ཁ་བྱང་གང་འདྲ་ཞིག་བཀོལ་སྤྱོད་བྱེད་ཀྱི་ཡོད་ཀྱང་དེར་ཡི་གེ་གཏོང་མཁན་གཅིག་དང་འབྱོར་མཁན་མང་པོ་ཞིག་ཡོད་པ་སེམས་ནང་ངེས་དགོས། ཁྱེད་རང་དེ་བཀོལ་སྤྱོད་བྱེད་མཁན་ཞིག་ཡིན་པས་སོ་སོས་ཐག་གཅོད་བྱེད་དགོས། ཁྱེད་རང་གིས་ཨེ་མལ་བརྟན་པོའི་ངང་བེད་སྤྱོད་གཏོང་གི་ཡོད་ཀྱང་དེ་ཚོ་མི་གཞན་ལ་གཏོང་དུས་སམ་ཡང་ན་ཀློག་དུས་དེ་བཞིན་ལན་རྒྱག་དུས་ངེས་པར་སྔོན་འགོག་ག་རེ་བྱེད་མིན་ཐད་བསམ་གཞིགས་བྱེད་དགོས། དེ་ཙམ་མ་ཟད་ཁྱེད་རང་གི་ཨེ་མལ་མཁོ་སྤྲོད་བྱེད་ས་དེ་ག་པར་ཡིན་མིན་ཤེས་དགོས། རྒྱལ་ཁབ་ཁ་ཤས་ནང་རང་བཞིན་གྱིས་རྒྱལ་ཁབ་གཞན་པ་ལས་ཨེ་མལ་ལ་བལྟ་སྲུང་ནན་པ་བྱེད་ཀྱི་ཡོད། སྒེར་གྱི་གནས་ཚུལ་མཁོ་གཏོང་བྱེད་ཡག་ལ་རང་དབང་ཡོད་པའི་རྒྱལ་ཁབ་ཀྱིས་འགོ་འཛུགས་བྱས་ཡོད་པའི་ཉེན་མེད་ཨེ་མལ་གྱི་བརྒྱུད་ལམ་དེ་ཁྱེད་དང་འབྲེལ་ཡོད་ཚོས་བེད་སྤྱོད་ངེས་པར་གཏོང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། གལ་སྲིད་ཁྱེད་ཀྱི་འཕྲིན་ཐུང་དེ་བཞིན་ཨེ་མལ་གཏོང་ཡུལ་དང་མཁོ་སྤྲོད་བྱེད་མཁན་ལ་མ་འབྱོར་བར་ལམ་ཁར་དཀའ་ངལ་འཕྲད་ཀྱི་ཡོད་ན། ཁྱེད་རང་གིས་མཁོ་སྤྲོད་བྱེད་མཁན་དྲ་རྒྱ་གཅིག་པ་གཅིག་གདམ་སྟེ་བེད་སྤྱོད་གཏོང་དགོས། RiseUpལོངས་ཤོག་ཞེས་པའི་དྲ་རྒྱ་འདི་གདམ་ག་ཡག་པོ་ཞིག་ཡིན།

ཁྱེད་ཀྱི་ཨེ་མལ་ཉེན་སྲུང་ཡར་རྒྱས་གོམ་སྟབས་ཇི་ལྟར་བྱེད་དགོས་མིན་གྱི་བྱ་ཐབས་ཁ་ཤས།

 • དུས་རྒྱུན་ཁྱེད་ཀྱི་མི་གཞན་ས་ནས་རེ་སྒུག་མ་བྱས་པར་འབྱོར་བའི་ཨེ་མལ་མཐུད་འཛར་དང་དོགས་གནས་ཡོད་པའི་གནས་ཚུལ་ཁག་ཁ་མ་ཕྱེ་བའི་གོང་ངེས་པར་གཟབ་གཟབ་བྱེད་དགོས། ཨེ་མལ་དེ་ལྟ་བུ་ཁྱེད་ཀྱིས་ཁ་ཕྱེ་དུས་ཁྱེད་ཀྱི་ཉེན་སྲུང་མཉེན་ཆས་དུས་ཐོག་དུས་འགྱང་བྱས་ཡོད་པ་མ་ཟད་དེས་ཉེན་བརྡ་ག་རེ་གཏོང་གི་ཡོད་མེད་ངེས་པར་བརྟག་ཞིབ་བྱེད་དགོས།
 • མིང་མེད་མཉེན་ཆས་Torའདི་ལྟ་བུ་བེད་སྤྱོད་ཇི་ལྟར་བྱེད་དགོས་མིན་ནི་སློབ་ཚན་བརྒྱད་པའི་ནང་འགྲེལ་བརྗོད་བྱས་ཡོད་པའི་བརྗོད་དོན་དྲ་ཐོག་ནང་བཀག་སྡོམ་དོ་དམ་མ་ཡོང་བ་དང་མིས་མ་ཤེས་པའི་ཆེད་རང་ཉིད་ཇི་ལྟར་དེའི་ནང་ཞུགས་ཐུབ་བམཞེས་པ་འདིས་མི་གཞན་གྱིས་ཁྱེད་རང་གི་དྲ་ལམ་དང་ཨེ་མལ་དོ་དམ་བདག་ཟུང་མ་བྱས་པའི་སྔོན་འགོག་བྱེད་ཐུབ་ཀྱི་ཡོད། ཁྱེད་རང་གི་རྒྱལ་ཁབ་ནང་དྲ་རྒྱ་བཀོལ་སྤྱོད་བྱེད་ཡག་གི་རང་དབང་ཇི་ལྟར་ཡོད་མིན་ལ་བསམ་གཞིགས་བྱས་ཏེ། ཁྱེད་རང་གི་Torདང་ཡང་ན་སློབ་ཚན་བརྒྱད་པའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་ཉེན་མེད་ཨེ་མལ་མཁོ་སྤྲོད་བྱེད་མཁན་གྱི་དྲ་རྒྱ་RiseUpཡང་ན་ (Gmail) ལ་སོགས་ག་རེ་བེད་སྤྱོད་བྱེད་མིན་བསམ་བློ་གཏོང་དགོས།
 • ཁྱེད་ཀྱི་ཨེ་མལ་གཏོང་ས་དེ་དང་དྲ་ཐོག་ཏུ་ཡོད་པའི་མི་ཚོས་ཁྱེད་ཀྱིས་བཏང་བའི་ཨེ་མལ་དེ་བལྟ་ཀློག་བྱས་ཀྱང་ཁོང་ཚོས་ཁ་བྱང་དེ་མ་ཤེས་པ་ཞིག་བཟོ་དགོས། དྲ་རྒྱའི་ཁ་བྱང་བཟོ་དུས་ཁྱེད་རང་གི་མིང་དང་ཡང་ན་ལས་ཀ་སོགས་འབྲེལ་བ་ཡོད་པའི་གནས་ཚུལ་བཀོད་དེ་བཟོ་རྒྱུ་མེད། དེ་ཡང་། ཁྱེད་རང་གི་IP addressཤེས་བཅུག་མཁན་གྱི་དྲ་རྒྱ་ (Hotmail) དང་ (Yahoo) དེ་བཞིན་དེ་དང་འདྲ་བའི་དྲ་རྒྱ་ཁག་བེད་སྤྱོད་གཏོང་རྒྱུ་མེད།
 • ཁྱེད་རང་གི་གློག་ཀླད་བེད་སྤྱོད་བྱེད་མཁན་སུ་ཡིན་མིན་ལ་བལྟས་ནས་ཨེ་མལ་དང་འབྲེལ་བ་ཡོད་པའི་འཕྲལ་སེལ་ཡིག་ཆ་ཁག་རྩ་མེད་བཟོ་རྒྱུ་ནི་དྲ་ཐོག་ནས་འབྱོར་བའི་ཨེ་མལ་ཉེན་སྲུང་བྱེད་ཡག་ལས་གལ་ཆེ་བ་ཡོད། དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ཡོད་ན་སློབ་ཚན་དྲུག་པའི་བརྗོད་དོན་གནད་འགག་ཆེ་བའི་ཡིག་ཆ་ཁག་ཇི་ལྟར་གཏོར་བཤོག་གཏོང་དགོས་སམཞེས་པ་དང་གཙང་བཟོའི་བྱ་ཐབས་ལམ་སྟོན་CCleaner Guideལ་གཟིགས་ན་མཁྱེན་ཐུབ།
 • ཁྱེད་རང་གི་འབྲེལ་གཏུགས་མི་སྣར་དོ་ཕོག་མི་ཡོང་བའི་ཆེད་མངོན་མེད་ཨེ་མལ་ཁ་བྱང་འདྲ་མིན་བཟོས་ཏེ་གནས་ཚུལ་ཁག་མཁོ་གཏོང་བྱེད་རྒྱུར་འདོད་མོས་ཡོད། ཡང་ན་ཁྱེད་རང་དྲ་ཐོག་བཀོལ་སྤྱོད་བྱེད་ཡག་ལ་ཨེ་མལ་ཁ་བྱང་འདྲ་མིན་དགོས་སྲིད་པ་ཞིག་ཡིན།
 • གོང་དུ་འགྲེལ་བརྗོད་ཞུས་པའི་སྡོན་འགོག་དེ་ཁྱེད་ཀྱི་ལག་ལེན་བསྟར་མིན་ལ་མ་ལྟོས་པར་ཁྱེད་ཀྱིས་བྲིས་པའི་ཨེ་མལ་འཕྲིན་ཐུང་དེ་མི་ངན་གྱི་ལག་པར་མ་སླེབས་པ་བྱེད་རྒྱུ་གཟབ་གཟབ་བྱེད་དགོས། འཕོ་ལེན་བྱེད་ཡག་གི་གནད་འགག་ཆེ་བའི་གནས་ཚུལ་ཁག་བརྡ་ཚིག་བརྒྱབ་ཏེ་ཉེན་སྲུང་བྱེད་ཡག་ནི་གལ་ཆེན་པོ་ཆགས་ཡོད་པས། ཁྱེད་རང་གི་མིའི་མིང་དང་སྡོད་སའི་ཁ་བྱང་ངོ་མ་བེད་སྤྱོད་གཏོང་རྒྱུ་མེད།

དོགས་གནས་ཨེ་མལ་བལྟ་སྲུང་བྱེད་སྟངས་ཀྱི་ཐབས་ལམ།

གལ་སྲིད་མི་གཞན་གྱིས་ཁྱེད་རང་གི་ཨེ་མལ་དོ་དམ་བྱེད་ཀྱི་ཡོད་པའི་དོགས་གནས་སྐྱེས་ཀྱི་ཡོད་ན། ཁྱེད་ཀྱི་ཁ་བྱང་གསར་པ་ཞིག་བཟོས་ཏེ་རྙིང་པ་དེ་བེད་སྤྱོད་གཏོང་གི་མེད་པའི་བཟོ་འདྲ་བྱེད་ཀྱི་རེད། འདས་པའི་དུས་ཚོད་ནང་ཁྱེད་རང་གི་ཨེ་མལ་ཁ་བྱང་གང་འདྲ་ཞིག་ལ་ཡིག་འབྲེལ་བྱས་པ་ཡིན་ནའང་ད་ལྟ་དེ་ཚོ་བལྟ་སྲུང་འོག་གནས་ཡོད། དེར་བརྟེན། ཁྱེད་རང་གི་སྔོན་འགོག་ཁ་ཤས་ཤིག་བསམ་བློ་གཏོང་དགོས་པ་ཆགས་ཀྱི་རེད། དེ་ཡང་།

 • ཁྱེད་རང་དང་འབྲེལ་གཏུགས་བྱེད་མི་གཉིས་ཀས་ཨེ་མལ་ཁ་བྱང་གསར་པ་རེ་བཟོས་ཏེ་གློག་ཀླད་རྩེད་ཁང་བརྒྱུད་དེ་བེད་སྤྱོད་གཏོང་དགོས། ང་ཚོས་ཐབས་བྱུས་འདི་ནི་ཁྱེད་རང་གི་དུས་རྒྱུན་གློག་ཀླད་བེད་སྤྱོད་གཏོང་སའི་དྲ་ལམ་མི་གཞན་གྱིས་དོ་དམ་བྱེད་ཀྱི་ཡོད་པ་ཉེན་སྲུང་བྱ་ཆེད་ཞིག་ཡིན། གལ་སྲིད་ཁྱེད་ཀྱི་བརྗེ་ལེན་གྱིས་ཚུལ་དུ་ཨེ་མལ་ཁ་བྱང་གསར་པ་དེ་དུས་རྒྱུན་དྲ་རྒྱ་བཀོལ་སྤྱོད་བྱེད་ས་དེ་ནས་བེད་སྤྱོད་གཏོང་དགོས་པ་ཆགས་ཀྱི་ཡོད་ན་སློབ་ཚན་བརྒྱད་པའི་བརྗོད་དོན་ཇི་ལྟར་དྲ་རྒྱ་བཀག་སྡོམ་དང་མི་མ་ཤེས་པ་བེད་སྤྱོད་གཏོང་དགོས་སམཞེས་པའི་བྱ་ཐབས་འདི་གཟིགས་ན་མཁྱེན་ཐུབ།
 • ཨེ་མལ་ཁ་བྱང་གསར་པ་འདིའི་གནས་ཚུལ་བརྗེ་པོ་རྒྱག་དགོས་ན་ཉེན་སྲུང་བརྒྱུད་ལམ་ཁོ་ན་བེད་སྤྱོད་གཏོང་དགོས། དེ་ཡང་། གདོང་དང་གདོང་ཐུག་ནས་གནས་ཚུལ་ཁག་VoIPསྐད་ཆ་བཤད་དེ་འཕོ་ལེན་བྱེད་དགོས།
 • ཉུང་མཐར་ཁྱུག་ཙམ་ཞིག་རིང་། ཁྱེད་རང་གི་ཨེ་མལ་ཁ་བྱང་རྙིང་པ་དེ་འཁྲུག་ཆ་དོད་པོའི་ངང་བེད་སྤྱོད་གཏོང་དགོས། དེ་ཡང་། ཁྱེད་རང་གི་ཨེ་མལ་བེད་སྤྱོད་ལོག་པ་གཏོང་མཁན་ཚོར་མགོ་སྐོར་བཏང་ཏེ་ད་དུང་གནད་འགག་ཆེ་བའི་གནས་ཚུལ་ཁག་ཁྱེད་ཀྱི་ཨེ་མལ་ཁ་བྱང་དེ་བརྒྱུད་གཏོང་གི་ཡོད་པ་མངོན་དགོས། ཁྱེད་ཀྱི་ཕལ་ཆེར་མ་འོངས་པར་སྐྱོན་འཛུགས་ཅན་གྱི་གནས་ཚུལ་དེ་ཚོ་ཁྱབ་བསྒྲགས་བྱེད་ཡག་སྤོང་གི་རེད། ཡིན་ནའང་། ཁྱེད་ཀྱི་དེ་མངོན་གསལ་དོད་པོ་བྱེད་རྒྱུ་མེད། གང་ཡིན་ཞེ་ན། འདི་ནི་དཀའ་འཛེགས་ཅན་ཞིག་ཡིན་དུས་ཁྱེད་ཀྱིས་བསམ་པ་ལས་དཀའ་ལས་ཁག་པ་ཡོད།
 • ཁྱེད་རང་གི་ངོ་བོ་ངོ་མ་དེ་ཁ་བྱང་གསར་པ་དེས་འབྲེལ་མཐུད་བྱེད་ཡག་ལ་དཀའ་ལས་ཁག་པོ་བཟོ་དགོས། ཁྱེད་རང་གི་ཨེ་མལ་ཁ་བྱང་གསར་པ་དང་རྙིང་པ་བར་ལ་ཡིག་འབྲེལ་བྱེད་རྒྱུ་མེད་ལ་དོགས་གཞི་ཡོད་པའི་མི་སྣར་འབྲེལ་གཏུགས་བྱེད་རྒྱུ་མེད།
 • ཁྱེད་རང་གི་ཨེ་མལ་ཁ་བྱང་གསར་པ་བེད་སྤྱོད་གཏོང་དུས་ག་རེ་འབྲི་དགོས་མིན་ཐད་དོགས་ཟོན་བྱེད་དགོས། དེ་ཡང་། མིང་དང་ཁ་བྱང་ངོ་མ་བེད་སྤྱོད་གཏོང་བའམ་ཡང་ན་ཚིག་འགྲོས་འགྲོ་བ་མིའི་ཐོབ་ཐང་ངམ་མནར་གཅོད་སོགས་ཀྱི་མིང་ཚིག་བེད་སྤྱོད་གཏོང་རྒྱུ་མེད། ཁྱེད་རང་གི་ཨེ་མལ་ལ་སྟབས་བདེའི་བརྡ་ཚིག་ཞིག་བཀོལ་སྤྱོད་བྱས་ཏེ་ཡང་སེ་དེ་བརྗེ་པོ་རྒྱག་དགོས།
 • ཨེ་མལ་ཉེན་སྲུང་བྱེད་ཡག་འདི་ནི་བཀོལ་སྤྱོད་བྱ་ཐབས་ཀྱི་འགོག་སྲུང་ཤུགས་ཆེ་ཡོད་པ་གཅིག་པུས་འགྲིག་གི་མེད། འདི་ནི་ཁྱེད་རང་དང་ཁྱེད་རང་གི་ཨེ་མལ་འབྲེལ་གཏུགས་བྱེད་ས་བར་ཇི་ཙམ་དོ་སྣང་སྤྲད་དེ་འབྲེལ་བ་བྱེད་ཀྱི་ཡོད་མེད་ལ་རག་ལུས་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད།

དྲ་རྒྱའི་བརྒྱུད་ལམ་གྱི་བྱ་ཐབས་གཞན་པ་ཉེན་སྲུང་བྱེད་སྟངས།

ཨེ་མལ་དང་མྱུར་འཕྲིན། དེ་བཞིན་VoIP མཉེན་ཆས་ལ་ཉེན་སྲུང་ཡོད་མེད་ནི། ཁྱེད་རང་གིས་བྱ་ཐབས་ག་རེ་འདེམ་སྒྲུག་བྱས་ཏེ་བེད་སྤྱོད་བྱེད་མིན་ལ་རག་ལུས་ཡོད།

ཁྱེད་རང་གི་མྱུར་འཕྲིན་མཉེན་ཆས་ཉེན་སྲུང་བྱེད་སྟངས།

ཁྱེད་ཀྱི་དྲ་ལམ་ཐོག་ཡོད་པའི་མྱུར་འཕྲིན་ནམ་བབ་ཅོལ་ 'chat' བཤད་སའི་གར་སྟེགས་འདི་ནི་ཨེ་མལ་ནང་བཞིན་མིའི་བལྟ་སྲུང་འོག་ཡོད་དུས་ཉེན་ཁ་འཕྲད་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ་དེང་སང་བབ་ཅོལ་བཤད་སའི་གར་སྟེགས་དེར་རང་སྲུང་བྱེད་ཡག་གི་མཐུན་རྐྱེན་ཡོད། ཨེ་མལ་ནང་བཞིན་ཉེན་མེད་བརྒྱུད་ལམ་དེ་ཚོར་ཡང་གཅིག་མཚུངས་ཁྱེད་རང་དང་ཁྱེད་རང་གི་མྱུར་འཕྲིན་གཏོང་ཡུལ་ལ་མཉེན་ཆས་གཅིག་པ་བེད་སྤྱོད་གཏོང་དགོས་པ་དང་ཉེན་སྲུང་གི་སྔོན་འགོག་ཀྱང་གཅིག་པ་བྱེད་དགོས་པ་དེ་ལྟར་དེ་ཚོར་ཡང་བྱེད་དགོས་ཀྱི་ཡོད།

བབ་ཅོལ་བྱེད་སའི་Pidginམཉེན་ཆས་འདིས་མྱུར་འཕྲིན་མང་པོ་ཞིག་རམ་འདེགས་བྱེད་ཀྱི་ཡོད་དུས་བེད་སྤྱོད་གཏོང་སྐབས་ཁ་བྱང་བརྗེ་པོ་རྒྱག་དགོས་པ་དང་། འབྲེལ་གཏུགས་མི་སྣའི་ཐོ་འགོད་ཡང་བསྐྱར་བྱེད་དགོས་པ་ཆགས་ཀྱི་མེད། Pidginམཉེན་ཆས་འདིའི་ཐོག་ཁེ་གཙང་རང་སྲུང་བྱས་ཏེ་སྐད་ཆ་བཤད་དགོས་ན། ཁྱེད་རང་གིས་Off-the-Record [OTR](/bo/glossary#OTR)ཞེས་པ་འདི་གློག་ཀླད་ནང་ནང་འཇུག་བྱེད་དགོས། བྱ་ཐབས་འདི་ནི་སྟབས་བདེ་ཞིག་ཡིན་པས་ངེས་པར་བཀོལ་སྤྱོད་བྱེད་དགོས། དེ་ཡང་ (OTR) ཉེན་མེད་མྱུར་འཕྲིན་བཀོལ་སྤྱོད་བྱེད་སྟངས་ཀྱི་ལམ་སྟོན་ཁག་ལ་གཟིགས་ན་མཁྱེན་ཐུབ།

Hands-on: Get started with the Pidgin with OTR - Secure Instant Messaging Guide

:Snippet

ཁྱེད་ཀྱི་ (VoIP) མཉེན་ཆས་ཉེན་སྲུང་བྱེད་སྟངས།

VoIP མཉེན་ཆས་འདི་བེད་སྤྱོད་བྱེད་མཁན་གཉིས་ནི་རིན་མེད་ངང་ཕན་ཚུན་སྐད་ཆ་བཤད་ཐུབ་ཀྱི་ཡོད་པ་མ་ཟད་རྒྱལ་སྤྱི་རྒྱལ་ནང་གི་ཁ་པར་ཁག་ལ་རིན་པ་དེ་ཙམ་སྤྲད་མི་དགོས་པའི་ཐོག་སྐད་ཆ་བཤད་ཐུབ་ཀྱི་ཡོད། དེར་བརྟེན། བྱ་ཐབས་འདི་ནི་ཧ་ཅང་བེད་སྤྱོད་ཅན་ཞིག་ཡིན་པ་ང་ཚོས་རྟོགས་ཐུབ། དེང་སང་སྐད་གྲགས་ཆེ་བའི་ VoIP དྲ་རྒྱ་ཁག་ནི་ Skype, Google Talk, Yahoo! Voice, MSN Messengerལ་སོགས་པ་འདི་ཚོ་ཡིན།

དྲ་ཐོག་ཏུ་སྐད་ཆ་བཤད་ཡག་ཡོད་པའི་བརྒྱུད་ལམ་འདི་དག་ནི་ཉེན་སྲུང་མེད་པའི་ཨེ་མལ་དང་མྱུར་འཕྲིན་ལས་བཙན་པ་གང་ཡང་མེད། ཁྱེད་རང་གིས་བརྒྱུད་ལམ་འདི་བེད་སྤྱད་དེ་གནད་འགག་ཆེ་བའི་གནས་ཚུལ་ཁག་བསམ་ཚུལ་བརྗེ་ལེན་བྱེད་དགོས་ན་བརྡ་ཚིག་ཡོད་པའི་བྱ་ཐབས་ཤིག་བེད་སྤྱད་དེ་གཏོང་ཡུལ་དེའི་གློག་ཀླད་ནང་མཁོ་སྤྲོད་བྱེད་དགོས། མང་ཚོགས་ཀྱིས་བརྟག་དཔྱད་བྱས་ཏེ་ཡིད་ཆེས་ཐོབ་པའི་དུས་ཐོག་བསྐྱར་ཞིབ་བྱས་པའི་རིན་མེད་གུ་ཡངས་ཀྱི་མཉེན་ཆས་ཁག་བཀོལ་སྤྱོད་ཡག་ཤོས་དེ་བྱེད་ཐུབ་པ་བྱེད་དགོས། ང་ཚོས་ལམ་སྟོན་བྱས་པའི་དྲ་རྒྱ་Jitsi ཁག་ལ་བཀོལ་སྤྱོད་ཀྱིས་ཚོད་ལྟ་ཞིག་གྱིས་དང་ཁྱེད་ལ་ཕན་ཐོགས་ཡོང་སྲིད་པ་ཞིག་ཡིན།

(Skype) ཀྱི་སྐོར་ལ་ཉེན་སྲུང་དོ་སྣང་བྱེད་སྟངས།

Skypeནི་མི་མང་ཆེ་བས་བཀོལ་སྤྱོད་བྱེད་སའི་དྲ་ཐོག་གི་གར་སྟེགས་ཤིག་ཡིན་པ་མ་ཟད་ཁ་པར་དང་ལག་ཐོག་ཁ་པར་ལ་ཡང་བཀོལ་སྤྱོད་བྱེད་ཐུབ་པའི་དྲ་རྒྱ་ཞིག་ཡིན། ཡིན་ནའང་། དྲ་རྒྱ་འདིས་གནས་ཚུལ་ཁག་ཉེན་སྲུང་བྱེད་ཡག་ལ་ཕན་ཐོགས་དེ་ཙམ་ཡོང་གི་མེད་པས་ཁྱེད་ཀྱིས་གཤམ་དུ་གཟིགས་ན་མཁྱེན་ཐུབ།

(Skype) ལ་ཆ་བཞག་ན་འཕྲིན་ཐུང་གཏོང་ཡག་དང་སྐད་ཆ་བཤད་ཡག་གཉིས་ཀ་ཡོང་དགོས་ན་བེད་སྤྱོད་བྱེད་མཁན་གཉིས་ཀར་དྲ་རྒྱ་དེ་དགོས་ཀྱི་ཡོད། གལ་སྲིད་དྲ་རྒྱ་དེ་མི་གཉིས་ཀར་མེད་པའམ་ཡང་ན་གཅིག་ལ་མེད་པ་ཡིན་ན་འཕྲིན་ཐུང་དང་ཁ་པར་སོགས་གཏོང་ཐུབ་ཀྱི་མེད།

གལ་སྲིད་མི་གཉིས་ཀས་ (Skype) བེད་སྤྱོད་གཏོང་གི་ཡོད་ན་འདིས་བརྡ་ཚིག་གིས་ཉེན་སྲུང་ཡོད་པའི་ཐོག་མི་གཞན་ལ་ཁ་པར་ཐོག་འབྲེལ་ལམ་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་། འདི་ནི་སྒེར་གྱི་བདག་དབང་ཡོད་པའི་དྲ་རྒྱ་ཞིག་ཡིན་དུས་བརྡ་ཚིག་གི་བཀག་རྒྱ་དེར་བསྐྱར་ཞིབ་བྱས་ཏེ་རང་དབང་ངང་བཀོལ་སྤྱོད་བྱེད་ཡག་གི་མཐུན་རྐྱེན་དེ་ཡོང་མི་སྲིད་པ་ཞིག་ཡིན། དེར་བརྟེན། དྲ་རྒྱ་འདི་བཀོལ་སྤྱོད་བྱེད་མཁན་དང་ཁོང་ཚོའི་གནས་ཚུལ་ལ་བརྟག་ཞིབ་བྱེད་ཐུབ་མི་སྲིད་པ་ཞིག་ཡིན། འདིའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ན་སློབ་ཚན་དང་པོའི་བརྗོད་དོན་ཇི་ལྟར་ཁྱེད་རང་གི་གློག་ཀླད་མཉེན་ཆས་རྗུན་མ་དང་གློག་ཀླད་མཁས་པའི་འཁྲུལ་སྣང་ལས་ཉེན་སྲུང་བྱེད་ཐུབ་བམ།ཞེས་པ་དང་སློབ་ཚན་དང་པོའི་བཞི་པ་སྟེ་ཁྱེད་རང་གི་མཉེན་ཆས་དུས་ཐོག་ཏུ་གསོག་འཇོག་བྱེད་སྟངས།ཞེས་པའི་རིན་མེད་གུ་ཡངས་ཀྱི་མཉེན་ཆས་བཀོལ་སྤྱོད་བྱེད་སྟངས་ཁག་ལ་གཟིགས་ན་མཁྱེན་ཐུབ།

(Skype) ནི་ཉེན་སྲུང་བཙན་པོ་མེད་པའི་དྲ་རྒྱ་ཞིག་ཡིན་དུས། གལ་སྲིད་གནད་འགག་ཆེ་བའི་གནས་ཚུལ་བཤད་དགོས་པ་དང་འབྲི་དགོས་པ་ཆགས་པ་ཡིན་ན་ཁྱེད་ཀྱིས་སྔོན་འགོག་ཁ་ཤས་ཤིག་ངེས་པར་བཀོལ་སྤྱོད་བྱེད་དགོས།

 • www.skype.com ཞེས་པ་ནས་དྲ་རྒྱ་དེ་ཕབ་ལེན་གྱིས་ནང་འཇུག་བྱས་པ་ཡིན་ན་སོ་ཉུལ་མཉེན་ཆས་ཀྱིས་གནོད་སྐྱོན་ལས་འགོག་སྲུང་བྱེད་ཐུབ་ཀྱི་ཡོད། དྲ་རྒྱ་ངོ་མ་དེར་ཁྱེད་ཀྱིས་མཐུད་འབྲེལ་བྱས་ཡོད་མེད་ནི་ (URL) བེད་སྤྱད་དེ་བརྟག་ཞིབ་ནན་པོ་བྱེད་དགོས། རྒྱལ་ཁབ་ཁ་ཤས་ནང་ (Skype) བེད་སྤྱོད་གཏོང་ཆོག་གི་མེད་དུས་དྲ་རྒྱ་རྫུས་མ་ཁ་ཤས་ (Skype) ཡིན་ཁུལ་གྱིས་བཀོལ་སྤྱོད་བྱེད་ཀྱི་ཡོད། གནས་ཚུལ་དེ་ལྟ་བུར་དྲ་རྒྱ་རྫུན་མས་འགོག་རྐྱེན་སྤྲོད་ཀྱི་ཡོད་དུས་ངེས་པར་གཟབ་གཟབ་བྱེད་དགོས། སློབ་ཚན་བརྒྱད་པའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་བྱ་ཐབས་འདི་ཚོ་ཐབས་ཀྱིས་བསླུས་ཏེ་ (Skype) ཐོན་གསར་ཤོས་དེ་ཕབ་ལེན་གྱིས་ནང་འཇུག་བྱེད་དགོས།
 • ཁྱེད་རང་གི་ (Skype) གསང་ཡིག་རྟག་པར་བརྗེ་པོ་རྒྱག་རྒྱུ་ནི་གལ་འགངས་ཆེན་པོ་ཆགས་ཡོད། དྲ་རྒྱ་འདིས་ས་ཆ་འདྲ་མིན་ནས་བེད་སྤྱོད་བྱེད་མཁན་སྣ་ཚོགས་དུས་གཅིག་ཏུ་གར་སྟེགས་ཐོག་འཕོ་ལེན་གྱིས་དྲ་རྒྱ་དེ་བཀོལ་སྤྱོད་བྱེད་ཐུབ་པ་བཟོ་གི་ཡོད། གལ་སྲིད་ཁྱེད་ཀྱི་གསང་ཡིག་དེ་ནང་སྒྲིག་བྱས་པ་ཡིན་ན་མི་གཞན་གྱིས་བེད་སྤྱོད་བྱེད་སྲིད་པའི་ཉེན་ཁ་ཡོད། དྲ་རྒྱ་དེའི་ནང་ཞུགས་ཡོད་པའི་མི་ཚོར་འཕྲིན་ཐུང་ཚང་མ་འབྱོར་བ་མ་ཟད་ཁ་པར་བཀོལ་སྤྱོད་བྱེད་ཡག་རག་གི་ཡོད། དེར་བརྟེན། ཁྱེད་རང་ཉེན་ཁ་དེ་ལས་ཐར་དགོས་ན་ངེས་པར་གསང་ཡིག་བརྗེ་པོ་རྒྱག་དགོས།
 • (Skype) ཐོག་ཡོད་པའི་རང་སྲུང་བྱེད་ཡག་དེ་ཕབ་ལེན་བྱས་པ་ཡིན་ན་དེས་བབ་ཅོལ་གྱི་སྐད་ཆ་དེ་ཚོ་ཉར་འཚག་བྱེད་ཀྱི་མ་རེད།
 • (Skype) གྱིས་རང་འགུལ་ངང་འབྱོར་བའི་ཡིག་སྣོད་དེ་ཚོ་ནུས་མེད་བཟོ་ཐུབ་པ་ཞིག་ལམ་སྟོན་བྱེད་དགོས། གང་ཡིན་ཞེ་ན། ཡིག་སྣོད་དེ་ཚོ་བརྒྱུད་གློག་ཀླད་ལ་འགོག་རྐྱེན་བཟོ་མཁན་སོ་ཉུལ་མཉེན་ཆས་དང་མཉེན་ཆས་རྫུན་མ་དེ་འདྲ་མང་པོ་ཡོང་གི་ཡོད།
 • སོ་སོས་ཁྱེད་རང་དང་འབྲེལ་བ་བྱེད་མཁན་གྱི་མི་དེ་ངོ་རྟགས་ངེས་པར་ཆོད་དགོས། དེ་ནི་ཁྱེད་རང་གིས་སྐད་ཆ་བཤད་འདོད་ཡོད་མཁན་གྱི་མི་དེར་སྐད་ཆ་བཤད་ན་ཧ་གོ་ཐུབ་ཡག་ཞིག་ཡིན།
 • ཁྱེད་ཀྱི་ (Skype) མིང་དེ་ཁྱེད་རང་དང་ཡང་ན་ཁྱེད་རང་གི་མིང་། དེ་བཞིན་ཁྱེད་རང་གི་ཚོགས་པའི་མིང་སོགས་དང་འབྲེལ་བ་ཡོད་མེད་བརྟག་ཞིབ་བྱེད་དགོས།
 • ཁྱེད་ཀྱི་ག་དུས་ཡིན་ཡང་འབྲེལ་བ་བྱེད་སའི་ཐབས་ལམ་གཞན་ཞིག་འཚོལ་དགོས། གང་ཡིན་ཞེ་ན། སྐབས་རེ་ (Skype) དྲ་ལམ་གྱི་དཀའ་ངལ་འོག་བེད་སྤྱོད་གཏོང་ཐུབ་ཀྱི་མེད།
 • སྐད་ཆ་བཤད་དུས་གཟབ་གཟབ་བཤད་དགོས། གལ་སྲིད་གནད་འགག་ཆེ་བའི་བརྗོད་གཞིའི་ཐོག་གོ་བསྡུར་བྱེད་དུས་བརྡ་ཚིག་བྱ་ཐབས་བཀོལ་སྤྱོད་བྱེད་པ་ལས་ཐ་སྙད་བེད་སྤྱོད་གཏོང་རྒྱུ་མེད།

(Skype) དྲ་རྒྱ་འདི་བཞིན་སྐད་གྲགས་ཡོད་མིན་ལ་མ་ལྟོས་པར་གོང་འཁོད་གནས་ཚུལ་ཁག་ལ་བསམ་གཞིགས་བྱེད་རྒྱུ་ནི་ཉེན་སྲུང་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་དུས་ངེས་པར་ཁྱེད་ཀྱིས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། དེར་བརྟེན། ང་ཚོས་ཁྱེད་རང་ལ་དྲ་རྒྱ་དེ་ལྟ་བུ་བེད་སྤྱོད་གཏོང་ཡག་ལ་བྱ་ཐབས་འདི་ཚོ་ (VoIP) ཆེད་ Jitsi དང་Pidginམཉམ་OTR བེད་སྤྱོད་གཏོང་ཤེས་པ་བྱེད་དགོས།

ཡར་ཐོན་ཅན་གྱི་ཨེ་མལ་ཉེན་སྲུང་བྱེད་སྟངས།

གཤམ་དུ་འགྲེལ་བརྗོད་བྱས་ཡོད་པའི་བྱ་ཐབས་དང་གོ་དོན་ཁག་ནི་གློག་ཀླད་བེད་སྤྱོད་གཏོང་ཐུབ་མཁན་ཉམས་མྱོང་ཅན་ཚོའི་ཆེད་ངོ་སྤྲོད་བྱས་པ་ཞིག་ཡིན།

ཨེ་མལ་ནང་མང་ཚོགས་ཀྱི་བརྡ་ཚིག་ལྡེ་མིག་བེད་སྤྱོད་བྱེད་སྟངས།

ཉེན་སྲུང་མེད་པའི་ཨེ་མལ་ཁ་བྱང་ལ་ཡང་རང་སྲུང་ཤུགས་ཆེ་དགོས་ཡག་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཀོལ་སྤྱོད་བྱེད་ཡག་ལ་ཁྱེད་རང་གིས་མང་ཚོགས་ཀྱི་བརྡ་ཚིག་ལྡེ་མིག་དེ་ཧ་གོ་ཐུབ་པ་བྱེད་དགོས། བྱ་ཐབས་འདིས་ཁྱེད་ཀྱིས་རེ་སྒུག་བྱེད་མཁན་གྱི་མི་དེ་མ་གཏོགས་འཕྲིན་ཐུང་ལ་བརྡ་ཚིག་བརྒྱབ་ཏེ་མི་གཞན་ཀློག་མ་ཐུབ་པ་བཟོ་གི་ཡོད། མང་ཚོགས་ཀྱི་བརྡ་ཚིག་ལྡེ་མིག་གི་ཐབས་བྱུས་བཟང་པོའི་རྣམ་པ་ནི་ཁྱེད་རང་གི་འབྲེལ་ཡོད་མི་སྣར་ཁྱེད་ཀྱི་གསང་གནས་དེ་ཚོ་བཤད་རྒྱུ་མེད། དེ་ཡང་མ་འོངས་པར་ཁྱེད་རང་གི་འཕྲིན་ཐུང་ལ་བརྡ་ཚིག་ག་རེ་རྒྱག་གི་ཡིན་མེད་སོགས་ཀྱི་བསམ་ཚུལ་བརྗེ་ལེན་ནམ་ཡང་བྱེད་རྒྱུ་མེད།

:Snippet

བྱ་ཐབས་འདི་ཁྱེད་རང་གིས་ཨེ་མལ་ཁ་བྱང་གང་འདྲ་ཞིག་ཐོག་བཀོལ་སྤྱོད་བྱེད་ཆོག་ཀྱང་དེར་ཉེན་སྲུང་མེད། གང་ཡིན་ཞེ་ན། ཁོང་ཚོ་གློག་ཀླད་དང་ཁ་མ་བྲལ་གོང་འཕྲིན་ཐུང་རེ་རེར་བརྡ་ཚིག་བརྒྱབ་ཀྱི་ཡོད།

བརྡ་ཚིག་འཕོ་འགྱུར་བྱེད་སྟངས་དེ་བཀོལ་སྤྱོད་བྱས་པ་ཡིན་ན་ཁྱེད་རང་ལ་དོ་སྣང་སླེབས་ཀྱི་ཡོད་པ་དེ་ཤེས་དགོས། ཁྱེད་རང་གི་དྲ་རྒྱ་དང་ཨེ་མལ་བཀོལ་སྤྱོད་བྱེད་སྐབས་བརྡ་ཚིག་འཕོ་འགྱུར་བྱས་ཏེ་བེད་སྤྱོད་བཏང་བ་དེ་གོང་དུ་འགྲེལ་བརྗོད་བྱས་ཟིན་པའི་མང་ཚོགས་ཀྱི་བཀོལ་སྤྱོད་བྱེད་སའི་བརྡ་ཚིག་འཕོ་འགྱུར་བྱེད་སྟངས་ལས་ཉེན་ཁ་ཆུང་བ་ཡོད། གནས་སྟངས་ཁ་ཤས་ཤིག་ལ་གལ་སྲིད་བརྡ་ཚིག་བརྒྱབ་ཡོད་པའི་ཨེ་མལ་འཕྲིན་ཐུང་ཁག་མིས་འགོག་རྐྱེན་བཟོས་པའམ་ཡང་ན་མང་ཚོགས་ནང་བཀྲམ་པ་ཡིན་ན། འཕྲིན་ཐུང་དེའི་ནང་དོན་ག་རེ་ཡིན་མིན་ལ་མ་ལྟོས་པར་ཡི་གེ་གཏོང་མཁན་དེར་ནག་ཉེས་འཛུགས་ཆོག་གི་ཡོད། ཁྱེད་ཀྱི་མཚམས་རེ་འཕྲིན་ཐུང་གི་རང་སྲུང་དང་མངོན་མི་ཐུབ་པའི་ཐབས་ལམ་གཉིས་ཀྱི་ནང་ནས་གཅིག་འདེམས་དགོས།

སོ་སོའི་འཕྲིན་ཐུང་ཁག་ཁུངས་དག་བཟོ་སྟངས་དང་བརྡ་ཚིག་བཀོལ་སྤྱོད་བྱེད་སྟངས།

ཀུན་སྤྱོད་བརྡ་ཚིག་བཀོལ་སྤྱོད་བྱེད་སྟངས་ལྡེ་མིག་འདི། དང་ཐོག་རྙོག་ཁྲ་ཅན་ཞིག་ཡིན་ཀྱང་ཁྱེད་ཀྱིས་རྨང་གཞི་དེ་ཧ་གོ་ན་སྟབས་བདེ་པོའི་ངང་བེད་སྤྱོད་བྱེད་ཆོག་གི་ཡོད། གློག་ཀླད་བེད་སྤྱོད་བྱེད་མཁན་ཚོར་མཁོ་བའི་སྟབས་བདེའི་ gpg4usb མཉེན་ཆས་འདིས་ཁྱེད་རང་དྲ་ཐོག་ཏུ་མ་ཞུགས་ཀྱང་ཁྱེད་ཀྱི་ཨེ་མལ་དང་ཡིག་སྣོད་ཁག་ལ་བརྡ་ཚིག་རྒྱག་ཐུབ་ཀྱི་ཡོད།

Hands-on: Get started with the Portable gpg4usb - email text and files encryption program guide

Mozilla Thunderbird ཀྱི་ཨེ་མལ་ནི་Enigmailཞེས་པའི་མཉེན་ཆས་འདི་རྒྱ་སྐྱེད་བྱས་ཏེ་བཀོལ་སྤྱོད་བྱེད་ཐུབ་པ་མ་ཟད་ཨེ་མལ་གྱི་འཕྲིན་ཐུང་ཁག་ལ་ལས་སླ་པོའི་ཐོག་ནས་བརྡ་ཚིག་བཟོ་བ་དང་དེ་གྲོལ་ཐུབ་ཀྱི་ཡོད་པས་གཤམ་གྱི་ལམ་སྟོན་ཁག་ལ་གཟིགས་ན་མཁྱེན་ཐུབ།

Hands-on: Get started with the Thunderbird with Enigmail and GPG - Secure Email Client Guide

ཨེ་མལ་ཚད་འཕེར་ཡོང་ཡག་ནི་ཉེན་སྲུང་གི་གནད་དོན་གལ་ཆེ་ཞིག་ཡིན། གང་ཡིན་ཞེ་ན། ཨེ་མལ་བཀོལ་སྤྱོད་བྱེད་ཡག་ཡོད་པའི་མི་ཚོས ཁྱེད་རང་ཡིན་དོག་དོག་བྱས་ཏེ་ཁ་བྱང་རྫུས་མ་བེད་སྤྱད་ནས་མི་གཞན་ལ་འཕྲིན་ཐུང་བསྐུར་ཏེ་མགོ་སྐོར་གཏོང་གི་ཡོད། འཕྲིན་ཐུང་འབྱོར་ས་དེའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། དེ་ནི་མངོན་གསལ་དོད་པོས་ཉེན་ཁ་འཕྲད་སྲིད་པའི་བྱ་ཐབས་ཤིག་ཡིན། དཔེར་ན། ཁྱེད་རང་གིས་ཡིད་ཆེས་ཡོད་པའི་འབྲེལ་གཏུགས་བྱེད་སའི་ཨེ་མལ་ཁ་བྱང་ཞིག་ནས་ཁྱེད་ལ་ཉེན་ཚབས་ཆེ་བའི་འཕྲིན་ཐུང་ཞིག་འབྱོར་བ་ཡིན་ན། དེ་ནི་མི་གཞན་ཞིག་གིས་ཁྱེད་རང་གི་བྱ་སྤྱོད་གཏོར་འཕམ་དང་ཚོགས་པའི་གནད་འགག་ཆེ་བའི་གནས་ཚུལ་ཁག་ཤེས་རྟོགས་བྱེད་ཆེད་བཏང་བ་ཡིན་པ་ཁྱེད་ཀྱིས་ཤེས་ཐུབ་པ་བྱེད་དགོས། ང་ཚོས་ཨེ་མལ་བརྒྱུད་ཡི་གེ་གཏོང་མཁན་དེ་ཚོ་མཐོང་ཐོས་བྱེད་ཐུབ་ཀྱི་མེད་དུས་ཁ་བྱང་ནས་ངོ་རྟགས་ཆོད་དགོས་པར་བརྟེན་ཁོང་ཚོས་ང་ཚོར་ཨེ་མལ་ཁ་བྱང་རྫུས་མ་བཀོལ་སྤྱོད་བྱས་ཏེ་མགོ་སྐོར་གཏོང་གི་ཡོད།

ཀུན་སྤྱོད་བརྡ་ཚིག་ལྡེ་མིག་ནང་གློག་ཆས་ཀྱི་རྟགས་Digital signaturesདེ་ཡོད་དུས་འཕྲིན་ཐུང་གཏོང་མཁན་སུ་ཡིན་མིན་ལམ་སེང་ངོ་རྟགས་ཆོད་ཐུབ་པའི་ཉེན་སྲུང་བཀོལ་སྤྱོད་མ་ལག་ཡོད། དེའི་སྐོར་ལ་ཞིབ་ཕྲ་བཀོལ་སྤྱོད་བདེ་བའི་portable gpg4usb ལམ་སྟོན་ཤེས་བྱ་དང་ཡང་ན་ཇི་ལྟར་ཇི་ལྟར་ (Enigmail) དང་མཉམ་དུ་ (Thunderbird)བཀོལ་སྤྱོད་བྱེད་དགོས་སམ་ཞེས་པའི་དེར་གཟིགས་ན་མཁྱེན་ཐུབ།

:Snippet

བསྐྱར་སྦྱོང་།

 • ཨེ་མལ་རྫུན་མའི་ངོ་བོ་ཤེས་འདོད་ན་སློབ་ཚན་གཉིས་པའི་ལྔ་པ་སླུ་བྲིད་བྱེད་སྟངས་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱིས་གློག་ཀླད་གནས་ཚུལ་ཇི་ལྟར་སྦ་གསང་དང་སྲུང་སྐྱོབ་བྱེད་དགོས་ཞེས་པའི་སྤྱོད་དེབ་དེའི་ནང་གཟིགས་ན་ཁྱེད་ཀྱིས་མཁྱེན་ཐུབ། Digital Security and Privacy for Human Rights Defenders
 • འདིར་ཁྱེད་རང་ Riseup དང་ Thunderbird ལག་སྤྱོད་ལམ་སྟོན་ཙམ་མ་ཡིན་པར་ཨེ་མལ་གང་འདྲ་སེ་བེད་སྤྱོད་གཏོང་དགོས་མིན་ཐད་སློབ་སྦྱོང་སྤྲོད་མཁན་སྐད་གྲགས་ཅན་གྱི་དྲ་རྒྱ་མང་པོ་ཡོད།
 • SSL བརྡ་ཚིག་འཕོ་འགྱུར་ལ་རྒོལ་འཛིང་གཏོང་མཁན་སྐད་གྲགས་ཅན་ ཞེས་པ་འདི་ཡིན།
 • ཁྱེད་ཀྱི་ཇི་མལ་ཁ་བྱང་བཟོ་དུས་ངེས་པར་དེའི་རང་སྲུང་བྱ་ཐབས་དང་ལེན་བྱེད་དགོས་ གལ་སྲིད་ཁྱེད་ཀྱིས་དེ་ནང་འཇུག་བྱེད་ཐུབ་ན་རང་སྲུང་ཡར་རྒྱས་གོང་འཕེལ་ཕྱོགས་སུ་ཁྲིད་ཐུབ་པ་མ་ཟད་བཀོལ་སྤྱོད་ཀྱང་བྱེད་ཐུབ་ཀྱི་ཡོད། ཨེ་མལ་མཁོ་སྤྲོད་བྱེད་མཁན་ཚོས་ཁྱེད་རང་གི་ཨེ་མལ་འཚག་སེལ་བྱེད་ཀྱི་ཡོད་ཀྱང་དེ་ཚོས་ཁྱེད་ལ་ཡིག་རྙོག་ཉེན་སྲུང་ལ་སོགས་པའི་ཞབས་ཞུ་སྒྲུབ་ཀྱི་ཡོད། ཁྱེད་ཀྱི་ཨེ་མལ་གྱི་ནང་དོན་ལ་གཞི་བཞག་ཏེ་ཁྱབ་བསྒྲགས་བྱས་པ་ཡིན་ན་དྲ་རྒྱས་ཆེད་མངགས་སམ་ཡང་ན་སྣང་མེད་དུ་གསང་སྒྲོག་བྱེད་སྲིད་པ་ཞིག་ཡིན་པས་ཆུ་མ་ཡོང་གོང་ངེས་པར་ཆུ་རགས་རྒྱག་དགོས་པ་ཤེས་དགོས།
 • སྟོང་ལོ་བརྒྱད་ལོར་དྲ་ཐོག་སྐད་ཆ་བཤད་ཡག་ཡོད་པའི་བརྒྱུད་ལམ་ཁག་ལ་རང་སྲུང་དང་བརྡ་ཚིག་གི་བྱ་ཐབས་བཀོལ་དགོས་པ་ཆགས་ཡོད། དེ་ཡང་privacy and encryption policies ཞེས་པ་འདིར་གཟིགས་རོགས།