ངོས་ལེན་མི་བྱེད་མཁན།

སྒམ་ནང་གི་ཉེན་སྲུང་ཞེས་པའི་ནང་གི་མཉེན་ཆས་དང་ཡིག་ཆ་ཕྱོགས་བསྒྲིགས་ཁག་ནི་གོང་དུ་མཁོ་སྤྲོད་བྱས་པ་ལྟར་ཡིན་སྟབས། ང་ཚོས་འདི་དག་གཞན་གྱིས་ཟུར་འདོན་བྱེད་པ་དང་བརྗོད་དོན་ཡོངས་རྫོགས་ལ་བདག་སྤྲོད་བྱེད་ཀྱི་ཡོད་པ་ཤེས་ཚེ། འགན་ཁག་གམ་ཡང་ན་ཆ་རྐྱེན་གང་རུང་ཞིག་བཏོན་སྲིད་པ་ཞིག་ཡིན་ཡང་། ཚོང་གི་འགན་ཁག་ལེན་མཁན་དང་དམིགས་བསལ་གྱི་དགོས་དོན་ཆེད་ལས་ཀ་བྱེད་མཁན་ཚོར་དབྱེ་མཚམས་མ་ཕྱེ་བར་ཆོག་མཆན་སྤྲད་ཡོད་པ་རེད། མདུན་ཐིག་སྲུང་སྐྱོབ་པ་ (Front Line Defender) དང་བརྡ་འཕྲིན་ཚན་ཚན་གྱི་བཀོལ་སྤྱོད་ཕྱོགས་བསྡུས་ (Tactical Technology Collective) ཚན་ཁག་གམ། ཡང་ན་ངོ་ཚབ་དང་སྐུ་ཚབ་སོགས་ཀྱིས་ཐད་ཀར་དང་ཐད་ཀར་མིན་པའི་འགན་ཁུར་རམ། དེ་མིན་རང་འགར་དང་དམིགས་བཀར། དཔེ་མཚོན་བྱ་རུང་བའམ་ཡང་ན་རང་ངོས་ཀྱིས་གནོད་སྐྱོན་བྱུང་བ། གང་ལྟར་འགན་ཁུར་གྱི་རྣམ་གཞག་གི་རྐྱེན་བྱས་ཏེ། ཐབས་ལམ་འདྲ་མིན་དཔྱད་ནས་འདོན་ཐབས་བྱེད་པའམ་ཡང་ན་མཉེན་ཆས་བེད་སྤྱོད་གཏོང་མ་ཐུབ་པ་སོགས། གང་ལྟར་ལམ་སྟོན་བྱས་པ་དག་ལག་བསྟར་བྱས་ནས་གཏོར་སྐྱོན་འབྱུང་ཚེ། ངོས་ལེན་མ་བྱེད་མཁན་དེས་ཁྱེད་ཀྱི་ཁྲིམས་ལུགས་ཀྱི་རང་དབང་ལ་དོ་ཕོག་གང་ཡང་འགྲོ་གི་མ་རེད།