ཁྱེད་རང་གི་གློག་ཀླད་ནང་ཡོད་པའི་གལ་ཆེའི་ཡིག་ཆ་ཁག་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ།

ཁ་གསབ།2010

ལམ་ཡིག་འདི་བཞིན་ད་ལྟ་བདག་གཅེས་བྱས་ཀྱི་མེད།

ཁྱེད་ཀྱི་གློག་ཀླད་དང་ཡིག་ཆ་གསོག་འཇོག་བྱེད་སའི་སྟབས་བདེའི་ཡོ་ཆས་ནང་ཡོད་པའི་གལ་ཆེའི་གནད་དོན་ཁག་གཟབ་གཟབ་ངང་མིས་མ་ཤེས་པའི་ཐོག་སྦས་སྲུང་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། གལ་སྲིད་ཧམ་བཟུང་བྱེད་མཁན་གྱི་མིས་ཁྱེད་ཀྱི་གནས་ཚུལ་ཁག་དྲ་ཐོག་བརྒྱུད་ཀློག་པའམ་བཟོ་བཅོས་རྒྱག་པ། ཡང་ན་གློག་ཀླད་ཀྱི་མཁྲེགས་ཆས་ལ་ལག་པ་འཆང་ནས་དོ་དམ་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཡོང་གི་ཡོད་ན་ངེས་པར་གཟབ་གཟབ་བྱེད་དགོས། ཁྱེད་ཀྱིས་དཀའ་ངལ་དེ་གཉིས་ལ་གདོང་ལེན་བྱེད་དགོས་བསམ་ན་གློག་ཀླད་ཀྱི་མཁྲེགས་ཆས་དང་དྲ་རྒྱའི་ཉེན་སྲུང་ལ་དོ་སྣང་དང་ཡར་རྒྱས་མང་ཙམ་གཏོང་དགོས། དེ་ཡང་སློབ་ཚན་དང་པོའི་ནང་འགྲེལ་བཤད་ཞུས་པའི་ནང་དོན་ཏེ་ཁྱེད་རང་གིས་གང་འདྲ་སེ་གློག་ཀླད་དེ་བཞིན་མཉེན་ཆས་རྫུས་མ་དང་གློག་ཀླད་མཁས་པའི་གཡོ་རྒྱུ་ལས་སྐྱོབ་ཐུབ་བམ།ཞེས་པ་དང་སློབ་ཚན་གཉིས་པའི་ནང་ཡོད་པའི་ཁྱེད་རང་གི་ཡིག་ཆ་ཕྱིའི་གནོད་འཚེ་ལས་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ།ཞེས་པ་གཉིས་གཟིགས་ན་མཁྱེན་ཐུབ། དུས་རྒྱུན་ནས་ཁྱེད་རང་གིས་གློག་ཀླད་དང་གློག་ཀླད་ནང་ཡོད་པའི་གལ་ཆེའི་ཡིག་ཆ་ཁག་ཉེན་སྲུང་བྱེད་མཁན་བང་རིམ་བཞིན་སྒྲིག་ཡོད་ན་ཕན་ཐོགས་ཆེ་བ་ཡོད། གལ་ཏེ་ཁྱེད་ཀྱི་བྱ་ཐབས་དེ་ཚོ་ལག་ལེན་བསྟར་ཐུབ་ན་གློག་ཀླད་ཉེན་སྲུང་བྱེད་མཁན་ཁ་ཤས་བེད་མེད་དུ་གྱུར་ཀྱང་རྩ་འཛིན་ཡིག་ཆ་ཁག་གནོད་སྐྱོན་གཅིག་ཀྱང་མེད་པའི་ཐོག་བརྟན་པོར་གནས་ཐུབ་ཀྱི་རེད།

ཁྱེད་རང་གི་ཡིག་ཆ་ཉེན་སྲུང་བྱེད་ཡག་ལ་གདོང་ལེན་བྱེད་དགོས་པའི་ཐབས་ལམ་གཉིས་ཡོད། ཁྱེད་རང་གིས་ཡིག་སྣོད་ཀྱི་བརྡ་ཚིག་འཕོ་འགྱུར་བྱས་ཏེ་ཁྱེད་རང་མ་གཏོགས་མི་གཞན་པས་ཀློག་མ་ཐུབ་པ་ཞིག་བཟོ་དགོས། ཧམ་བཟུང་བྱེད་མཁན་ཚོས་ཁྱེད་ཀྱི་རྩ་འཛིན་ཡིག་ཆ་ཁག་མ་རྙེད་པའི་ཆེད་ཁྱེད་ཀྱིས་དེ་ཚོ་སྦེད་སྐུང་བྱེད་དགོས། ཐབས་ལམ་དེ་གཉིས་བཀོལ་སྤྱོད་བྱེད་ཡག་ལ་ཕན་ཐོགས་བྱེད་མཁན་གྱི་FOSSམ་ལག་གི་བྱ་ཐབས་VeraCryptཞེས་པ་ཞིག་ཡོད། དེས་*encryptཞེས་པ་འདི་བརྒྱུད་ཡིག་སྣོད་ཀྱི་བརྡ་ཚིག་འཕོ་འགྱུར་དང་སྦེད་སྐུང་བྱེད་ཡག་གི་ལས་ཀ་གཉིས་ཀ་བྱེད་ཀྱི་ཡོད།

རྒྱབ་ལྗོངས་ཀྱི་གནས་ཚུལ།

:Snippet

སློབ་ཚན་འདི་ནས་ཁྱེད་ཀྱིས་གང་ཤེས་སམ།

 • གློག་ཀླད་ནང་ཡོད་པའི་གནས་ཚུལ་ཁག་འཕོ་འགྱུར་ཇི་ལྟར་བྱེད་དགོས།
 • ཁྱེད་རང་གིས་ཡིག་ཆ་ཁག་འཕོ་འགྱུར་བྱས་པར་ཉར་ཚགས་བྱས་ན་ཉེན་ཁ་གང་འཕྲད་ཀྱི་རེད་དམ།
 • གནས་ཚུལ་ལམ་ཡིག་ཆ་དེ་ཚོ་བརླག་དོར་མ་ཤོར་བའི་ཆེད་ཀུན་ཁྱབ་གློག་རྡུལ་ཡོ་ཆས་ (USB) ནང་གསོག་འཇོག་བྱས་ཏེ་ཉེན་སྲུང་གང་འདྲ་བྱེད་དགོས་མིན།
 • མངོན་པར་གསལ་བ་དང་མངོན་པར་མི་གསལ་བའི་ཕྱི་དགྲའི་ཉེན་ཁ་ལས་ཐར་ཆེད་ཇི་ལྟར་གནས་ཚུལ་ཁག་སྦེད་སྐུང་བྱེད་དགོས་མིན།

ཁྱེད་ཀྱི་གནས་ཚུལ་བརྡ་ཚིག་འཕོ་འགྱུར་བྱེད་སྟངས།

:Snippet

Encryptingཞེས་པ་འདིའི་ནང་ཁྱེད་ཀྱི་གནས་ཚུལ་ལམ་ཡིག་ཆ་ཁག་ནང་བཅུག་བྱས་ན་ཅུང་ཉེན་ཁ་ཆུང་བ་ཡོད། Encryptingཞེས་པ་འདིའི་གསང་ཡིག་གམ་ལྡེ་མིག་ཡོད་ན་དེའི་ནང་ཡོད་པའི་གནས་ཚུལ་ཁག་བལྟ་ཀློག་ཐུབ་ཀྱི་ཡོད་རེད། དེ་དང་ཕྱོགས་མཚུངས་པའི་བྱ་ཐབས་ནི་VeraCryptཞེས་པ་འདི་ཡིན་པར་བརྟེན། འདིས་བརྡ་ཚིག་'འཕོ་འགྱུར་གླེགས་བམ་ཞེས་པའི་བླུག་སྣོད་'ཞིག་བཟོས་པ་ཙམ་ལས་དུས་ཚོད་དེ་རང་ལ་ཡིག་སྣོད་ཉེན་སྲུང་གི་ལས་ཀ་བྱེད་ཀྱི་མེད། ཁྱེད་རང་གིས་བརྡ་ཚིག་འཕོ་འགྱུར་གླེགས་བམ་ནང་ཡིག་ཆ་ག་ཚོད་ཀྱིས་མང་བ་བླུག་པ་ཡིན་ནའང་། ཁྱེད་རང་གི་གློག་ཀླད་དང་ཀུན་ཁྱབ་གློག་རྡུལ་ཡོ་ཆས་ནང་གསོག་འཇོག་བྱས་པའི་ཡིག་ཆ་ཁག་ལ་དེས་གང་ཡང་ཉེན་སྲུང་བྱེད་ཐུབ་ཀྱི་མ་རེད།

མགོ་ཚུགས་བྱེད་སྟངས། VeraCrypt - ཡིག་སྣོད་གསོག་འཇོག་གི་ལམ་སྟོན་ཤེས་བྱར་ལག་པ་འཆང་ནས་མགོ་ཚུགས་བགྱིས།

དེ་དང་ཕྱོགས་མཚུངས་མཉེན་ཆས་གཞན་ཁག་གིས་ཀྱང་འཕོ་འགྱུར་, VeraCrypt ནང་ཡོད་པའི་བྱ་ཐབས་ཁག་དང་འདྲ་བ་གལ་འགངས་ཆེ་བའི་ཁྱད་ཆོས་ལ་བརྟེན་གློག་ཀླད་ནང་ཡོད་པའི་གནས་ཚུལ་ཁག་ལ་བྱུས་བཀོད་བྱེད་རྒྱུའི་དབང་ཆ་ཁྱེད་ལ་སྤྲད་ཀྱི་རེད། དེས་ཁྱེད་རང་གི་གློག་ཀླད་ནང་ཡོད་པའི་སྡེར་མ་དང་གནས་སྐབས་རིང་གསོག་འཇོག་བྱས་པའི་ཡིག་སྣོད་དམ་ཡིག་ཆ་ཁག་དེ་བཞིན་གློག་ཀླད་ནང་དུ་ནང་འཇུག་བྱས་པའི་གློག་ཀླད་མ་ལག་གི་སྟངས་འཛིན་མཉེན་ཆས་ཁག་ལ་ཡང་བརྡ་ཚིག་འཕོ་འགྱུར་གྱིས་ཞབས་འདེགས་ཞུ་སྲིད་པ་ཞིག་ཡིན། (VeraCrypt) ཞེས་པ་འདིས་ཡིག་ཆ་གསོག་འཇོག་བྱེད་སའི་སྟབས་བདེའི་ཡོ་ཆས་ཀྱི་ཤོང་ཚད་ལ་རོགས་པ་བྱེད་ཀྱི་ཡོད། འདིའི་སྐོར་ལ་རྒྱས་པ་གཤམ་དུ་སློབ་ཚན་བཞི་པའི་ནང་ཚན་གཉིས་པ་སྟེ་ཇི་ལྟར་ཁྱེད་ཀྱིས་རྩ་ཆེའི་གནས་ཚུལ་སྦེད་རྒྱུ་ ཞེས་པའི་དགག་བྱའི་བྱ་ཐབས་ཀྱི་ཁྱད་ཆོས་ནང་འགྲེལ་བརྗོད་ཞུས་ཡོད་པས་དེར་གཟིགས་རོགས། དེས་མ་ཚད་ (VeraCrypt) ཞེས་པ་འདི་ནི་རིན་མེད་ངོ་ལྐོག་མེད་པའི་གློག་ཀླད་ཀྱི་ལས་གཞིའི་འབྱུང་ཁུངས་ཤིག་ཡིན།

:Snippet

བརྟན་པོའི་ངང་ཡིག་སྣོད་ཀྱི་བརྡ་ཚིག་བཀོལ་སྤྱོད་བྱེད་སྟངས།

གསང་གནས་ཀྱི་ཡིག་ཆ་གསོག་འཇོག་བྱས་ཏེ་ཉར་རྒྱུ་ནི་ཁྱེད་རང་ཙམ་མ་ཟད་ཁྱེད་རང་དང་ལས་ཀ་མཉམ་དུ་བྱེད་མཁན་ཚོ་ལ་ཡང་ཉེན་ཁ་ཡོད། བརྡ་ཚིག་འཕོ་འགྱུར་གཏོང་ཐུབ་ན་ཁྱེད་ལ་ཉེན་ཁ་ཆུང་བ་འཕྲད་སྲིད་ཀྱང་ཉེན་ཁ་དེ་རྩ་མེད་ནམ་ཡང་བཟོ་ཐུབ་ཀྱི་མེད། རྩ་ཆེའི་གནས་ཚུལ་ཁག་ཉེན་སྲུང་བྱེད་ཡག་གིས་ཐབས་ལམ་ལེགས་ཤོས་ནི་ཁྱེད་ཀྱི་གནས་ཚུལ་དེ་ཁྱབ་སྤེལ་གང་འདྲ་བྱེད་མིན་ལ་རག་ལུས་ཡོད། ཁྱེད་ལ་དམིགས་སུ་བཀར་ནས་ཡིག་སྣོད་ཞིག་གམ་ཡང་ན་ཡིག་སྣོད་དེའི་ནང་ཚན་བྱེ་བྲག་ཅིག་ནང་གནས་ཚུལ་དེ་ཚོ་བླུག་ཡག་གི་དགོས་པ་རྒྱུ་མཚན་མ་ཐུག་བར་ཁྱེད་ཀྱི་གནས་ཚུལ་དེ་ཚོ་ངེས་པར་སུབ་དགོས། དེའི་སྐོར་ལ་རྒྱས་པ་སློབ་ཚན་དྲུག་པའི་ནང་འཁོད་པའི་བརྗོད་གཞི་གང་འདྲ་སེ་རྩ་ཆེའི་གནས་ཚུལ་ཁག་གཏོར་བཤིག་གཏོང་དགོས་སམ ཞེས་པ་དེར་གཟིགས་ན་མཁྱེན་ཐུབ། ཐབས་ལམ་གཉིས་པ་ནི་ཡིག་སྣོད་ལེགས་པའི་བརྡ་ཚིག་འཕོ་འགྱུར་གྱི་བྱ་རིམ་སྟེ་ VeraCrypt ཞེས་པ་འདི་བེད་སྤྱོད་བཏང་ན་མཁྱེན་ཐུབ།

:Snippet

བརྟན་སྲུང་དེའི་ཐོག་ཕྱིར་བལྟས་ཤིག་བལྟ་དགོས་ན། VeraCryptཞེས་པའི་བྱ་ཐབས་འདི་བེད་སྤྱོད་གཏོང་དུས་ངེས་པར་སེམས་ནང་བཞག་དགོས་པའི་གནད་དོན་ཁ་ཤས་ཤིག་ཡོད། ཁྱེད་རང་གི་ཉེན་སྲུང་དེ་སྤ་ཆ་ཐང་པོ་ག་ཚོད་ཡོད་ཀྱང་གལ་སྲིད་ཁྱེད་ཀྱི་སྒོ་ཕྱེ་ནས་བཞག་ཡོད་ན་དེས་ཁྱེད་རང་ལ་ཕན་ཐོགས་བརྒྱ་ཆ་བརྒྱ་ཐམ་པ་བྱེད་ཐུབ་ཀྱི་མ་རེད། VeraCrypt ཞེས་པ་འདིའི་ནང་མ་ཤོང་པའི་དུས་སྐབས་ཤིག་བྱུང་ན། དེའི་དུས་ཁྱེད་རང་གི་ཡིག་ཆ་ཁག་གནོད་སྐྱོན་ཤོར་ཆོག་ཆོག་ཅིག་ཆག་གི་རེད། དེར་བརྟེན། ཁྱེད་རང་གིས་ཡིག་སྣོད་དེ་དགོས་གལ་ལ་གཟིགས་ཏེ་ཀློག་དུས་དང་བཟོ་བཅོས་རྒྱག་དུས་མ་གཏོགས་སྒོ་བརྒྱབ་ཏེ་ཉར་ཚགས་ཡག་པོ་བྱེད་དགོས།

འདིར་གལ་འགངས་ཆེ་བའི་གནས་སྟངས་ཁ་ཤས་ཤིག་ཡོད་པ་ནི་ཁྱེད་རང་གི་བརྡ་ཚིག་ འཕོ་འགྱུར་ གྱི་ཡིག་སྣོད་དེ་གང་ཚང་བཀང་སྟེ་གཡུག་བཞག་རྒྱུ་མེད།

 • ཁྱེད་རང་དུས་ཚོད་རིང་ཐུང་གང་འདྲ་ཞིག་གློག་ཀླད་དང་ཁ་བྲལ་རུང་། ཁྱེད་ཀྱིས་གློག་ཀླད་ཀྱི་འབྲེལ་མཐུད་ཁག་ངེས་པར་གཅོད་དགོས། ཁྱེད་རང་གིས་གློག་ཀླད་ཁ་ཕྱེ་ནས་ཚན་གཅིག་བཞག་པ་ཡིན་ན། གཟུགས་ཅན་དང་གཟུགས་མེད་ཚོའི་ཉེན་ཁ་མི་ཡོང་བའི་ཆེད་ཁྱེད་ཀྱིིས་རྩ་ཆེའི་ཡིག་རིགས་ཁག་གློག་ཀླད་ནང་བཞག་རྒྱུ་མེད།
 • ཁྱེད་རང་གི་གློག་ཀླད་ཁ་མ་བརྒྱབ་པའི་སྔོན་གློག་ཀླད་ཀྱི་འབྲེལ་མཐུད་ཁག་གཅོད་དགོས། ཐབས་ལམ་འདི་ནི་ལག་ཐོག་གློག་ཀླད་ཀྱི་ཐེ་ཚོམ་དང་གྲང་གཡོལ་དུ་སྤྱོད་པའི་བྱ་སྤྱོད་ (suspend) དང་ (hibernation) ཀྱི་ཁྱད་ཆོས་ལ་འཇུག་གི་ཡོད། ཡིན་ནའང་། དེ་སྤྱིར་བཏང་གློག་ཀླད་ནང་ལའང་ཡོད་སྲིད་པ་ཞིག་ཡིན།
 • མི་གཞན་ཞིག་གིས་ཁྱེད་རང་གི་གློག་ཀླད་ལ་ལག་པ་མ་འཆང་སྔོན་ཁྱེད་ཀྱིས་གློག་ཀླད་ཀྱི་འབྲེལ་མཐུད་ཁག་གཅོད་དགོས། ས་མཚམས་ལ་ལག་ཐོག་གློག་ཀླད་ཁྱེར་ནས་འགྲོ་དུས། ཁྱེད་ཀྱི་བརྡ་ཚིག་འཕོ་འགྱུར་བྱེད་ས་ཁག་བཅད་དེ་གློག་ཀླད་ཁ་ཆ་ཚང་བརྒྱབ་རྒྱུ་ནི་དེ་བས་གལ་ཆེན་པོ་ཡིན།
 • ཁྱེད་རང་གི་གྲོགས་པོ་དང་ལས་རོགས་ལ་ཡོད་པའི་ཀུན་ཁྱབ་གློག་རྡུལ་གྱི་ཡོ་ཆས་ (USB) སམ་ཡིག་རིགས་གསོག་འཇོག་བྱེད་སའི་ཡོ་ཆས་ཁག་གློག་ཀླད་ནང་མ་བཅུག་གོང་ངེས་པར་གློག་ཀླད་ཀྱི་འབྲེལ་མཐུད་ཁག་བཅད་དགོས།
 • གལ་སྲིད་ཁྱེད་ཀྱིས་ཀུན་ཁྱབ་གློག་རྡུལ་ཡོ་ཆས་ (USB) ནང་བརྡ་ཚིག་འཕོ་འགྱུར་འཕོ་འགྱུར་བྱེད་ས་ཉར་ཚགས་བྱས་ཡོད་ན་མཁོ་ཆས་དེ་ཕྱིར་སྟོན་པ་ཙམ་གྱིས་བརྡ་ཚིག་འཕོ་འགྱུར་གྱི་འབྲེལ་ཐག་དེ་ཆད་སྲིད་ཀྱི་མ་རེད། གལ་སྲིད་བྲེལ་ཚུབ་ངང་ཁྱེད་ཀྱི་ཡིག་སྣོད་དེ་ཉེན་སྲུང་བྱེད་དགོས་ན་འབོར་ཚད་དེ་ཆུང་དུ་བཏང་སྟེ་གློག་ཀླད་ཀྱི་ཕྱི་ལོགས་སུ་ཡོད་པའི་ཡོ་ཆས་དེའི་འབྲེལ་ཐག་བཅད་དེ་མཁོ་ཆས་མར་སྟོན་དགོས། དེའི་སྐོར་ཁྱེད་ལ་མགྱོགས་ཤོས་བྱེད་རྒྱུའི་ཐབས་ལམ་དེ་མ་རག་བར་ཁྱེད་ཀྱིས་སྦྱོང་བརྡར་དེ་བྱེད་དགོས།

གལ་སྲིད་ཁྱེད་རང་གིས་ཀུན་ཁྱབ་གློག་རྡུལ་ཡོ་ཆས་ (USB) ནང་VeraCryptཞེས་པའི་གླེགས་བམ་འདི་ཉར་ཚགས་བྱེད་རྒྱུ་ཐག་གཅོད་མ་བྱས་བར།ཁྱེད་རང་གི་ལས་གཞི་དེ་པར་བཤུས་བརྒྱབ་ནས་མཉམ་དུ་ཉར་དགོས། འདིས་མི་གཞན་གྱི་གློག་ཀླད་ཁག་ནང་ཁྱེད་རང་གི་ལས་འཆར་རམ་ཡིག་ཆ་ཁག་བཀོལ་སྤྱོད་བྱེད་ས་རག་གི་རེད། ལམ་ལུགས་དེ་ད་ལྟ་བེད་སྤྱོད་བྱེད་ཀྱི་ཡོད་ན་ཡང་། ཁྱེད་ཀྱི་གློག་ཀླད་ནང་དྲ་འབུ་དྲ་འབུ་ཞེས་པ་འདི་མེད་པའི་གྲུབ་བྱེད་བཤད་རྒྱུ་མེད་པར་བརྟེན། ཁྱེད་ཀྱིས་གསང་ཡིག་བརྒྱབ་ཏེ་གལ་ཆེའི་ཡིག་རིགས་ཁག་བལྟ་ཀློག་བྱེད་རྒྱུའི་འབད་བརྩོན་ནམ་ཡང་བྱེད་རྒྱུ་མེད།

ཁྱེད་ཀྱི་རྩ་ཆེའི་གནས་ཚུལ་ཁག་སྦེད་སྐུང་བྱེད་སྟངས།

གནད་དོན་གཅིག་ནི་ཁྱེད་ཀྱི་རྩ་ཆེའི་ཡིག་རིགས་ཁག་ལས་ཁུངས་སམ་ཡང་ན་རང་ཁྱིམ་དུ་ཉར་ཚགས་ཡག་པོ་བྱེད་རྒྱུ་ལས་སྦ་ཁུག་ནང་བླུག་ཏེ་གང་བྱུང་ཁྱེར་རྒྱུ་མེད། མི་མང་པོ་ཞེ་པོ་ཞིག་བརྡ་ཚིག་འཕོ་འགྱུར་བེད་སྤྱད་དེ་ཁོང་ཚོར་ནག་ཉེས་འཛུགས་ཀྱི་ཡོད་པས་དེར་སེམས་ཁྲལ་བྱེད་ཀྱི་ཡོད། དེ་ཡང་ཁྲིམས་འགལ་གྱིས་བརྡ་ཚིག་འཕོ་འགྱུར་བྱེད་མཁན་ནི་ཁྲིམས་མཐུན་ལས་མང་བ་ཡོད་དུས་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད། དེར་བརྟེན། VeraCryptཞེས་པའི་བྱ་རིམ་འདི་བརྒྱུད་འདྲོགས་མགོ་དེ་མེད་པ་བཟོ་ཆེད་མེད་དུ་མི་རུང་བའི་རྒྱུ་མཚན་གཉིས་འགོད་རྒྱུ་ཡོད། རང་ལེན་ཉེས་འཛུགས་ཀྱི་ཉེན་ཁ། ཁྱེད་རང་གིས་རྩ་ཆེ་ཤོས་བྱེད་སའི་གནས་ཚུལ་འཇོག་ས་ཁག་རྩད་གཅོད་བྱེད་མ་ཐུབ་པའི་ཉེན་ཁ།

རང་ལེན་ཉེས་འཛུགས་ཀྱི་ཉེན་ཁར་བསམ་གཞིགས་བྱེད་སྟངས།

རྒྱལ་ཁབ་ཁ་ཤས་ནང་བརྡ་ཚིག་འཕོ་འགྱུར་བྱེད་ཡག་ནི་ཁྲིམས་འགལ་གྱི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མཉེན་ཆས་འདི་རིགས་ཕབ་ལེན་དང་ནང་འཇུག་བྱེད་ཡག་ནི་ནག་ཉེས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གལ་སྲིད་ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་གནས་ཚུལ་ཁག་ཉེན་རྟོག་པ་དང་དམག་མི། དེ་བཞིན་གསང་བའི་ལས་བྱེད་ཚོའི་བལྟ་རྟོག་འོག་ཡོད་ན། ཁྲིམས་ལུགས་ལ་མ་བརྩི་བར་ཡ་མེད་བཏང་བ་ཡིན་ན། ཁྱེད་ཀྱི་བྱ་སྤྱོད་ལ་ཁོང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་སྙད་འདོགས་རྟོག་ཞིབ་དང་ཚོགས་པ་ཡང་མེད་པ་བཟོ་སྲིད་པ་ཞིག་ཡིན། ཡིན་ནའང་། ཉེན་ཁ་འདི་རིགས་ཀྱིས་ཁྲིམས་མཐུན་གྱི་གློག་ཀླད་བྱ་སྤྱོད་ལ་ཐེ་བྱུས་བྱེད་ཡག་གི་འོས་བབ་གང་ཡང་བསྐྲུན་གྱི་མེད། དུས་རྒྱུན་ཁྱེད་ལ་བརྡ་ཚིག་འཕོ་འགྱུར་གྱི་མཉེན་ཆས་དང་འབྲེལ་བ་ཡོད་པའི་སྤུས་ཚད་ལྡན་པའི་གློག་ཀླད་ཀྱི་མ་ལག་ཁག་ཡོད་ན། ཁྱེད་ལ་ནག་ཉེས་འཛུགས་མཁན་སུ་ཡིན་མིན་ཐེར་འདོན་བྱེད་ཐུབ་ཀྱི་ཡོད། དེར་བརྟེན་གནས་སྟངས་ལ་བསམ་བློ་བཏང་སྟེ་གློག་ཀླད་ཀྱི་མ་ལག་དེ་འདྲ་ཞིག་ཁྱེད་ཀྱི་གློག་ཀླད་ནང་བཅུག་དགོས་མེད་བསམ་བློ་ཞིབ་ཕྲ་གཏོང་དགོས།

གལ་སྲིད་གནས་སྟངས་དེ་འདྲ་ཞིག་ཡོད་ན། ཁྱེད་ལ་གདམ་ག་ཁ་ཤས་ཤིག་ཡོད།

 • གསང་གནས་མིན་པའི་ཡིག་ཆ་ཁག་གསོག་འཇོག་བྱེད་སའི་ཉེན་སྲུང་མཉེན་ཆས་ཡོངས་རྫོགས་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་བྱེད་པའམ་ཡང་ན་བརྡ་ཚིག་གི་ཐབས་ཚུལ་ཞིག་བཟོས་ཏེ་རྩ་ཆེའི་ཡིག་སྣོད་ནང་ཡོད་པའི་ཡིག་ཆ་ཁག་བརྟན་སྲུང་བྱེད་རྒྱུ།
 • ཁྱེད་ཀྱིས་བརྡ་ཚིག་འཕོ་འགྱུར་ལ་བརྟེན་གལ་ཆེའི་ཡིག་ཆའམ་གནས་ཚུལ་ཁག་སྦེད་པ་ལས་མགྱོགས་ཡིག་Steganographyལ་བརྟེན་ནས་ཉེན་སྲུང་བྱས་ན་ལེགས་པ་ཡོད། དེར་རོགས་རམ་བྱེད་མཁན་གྱིས་བྱ་ཐབས་གཞན་ཞིག་འདིར་ཡོད། ཡིན་ནའང་། བྱ་ཐབས་དེ་བེད་སྤྱོད་ཏག་ཏག་གཏོང་ཡག་ལ་གྲ་སྒྲིག་ལེགས་པོ་ཞིག་བྱེད་དགོས། གང་ཡིན་ཞེ་ན། མི་གཞན་གྱིས་ཁྱེད་རང་ལ་མིག་ལྡིར་ནས་ཉེས་འཛུགས་བྱེད་ཡག་སྒུག་ནས་བསྡད་ཡོད་དུས་བྱ་ཐབས་དེ་ལག་ལེན་བསྟར་དུས་མི་གཞན་གྱིས་མ་ཤེས་པ་བྱེད་དགོས།
 • ཁྱེད་རང་གི་རྩ་ཆེའི་གནས་ཚུལ་ཁག་དྲ་ཐོག་ཏུ་ཡོད་པའི་ཁྱེད་རང་གི་ཁ་བྱང་བཙན་ས་ཞིག་ནང་གསོག་འཇོག་ངེས་པར་བྱེད་དགོས། ཡིན་ནའང་དེ་ཉར་འཇོག་བྱེད་ཡག་ལ་དྲ་ལམ་ཚད་འཕེར་ཐུབ་པ་ཞིག་དང་རྙོག་འཛིང་ཆེ་བའི་གློག་ཀླད་ཀྱི་དྲ་ལམ་གྱི་ཞབས་ཞུའི་ཐོག་གོ་རྟོགས་ཡོད་པ་ཞིག་དགོས། ཐབས་ལམ་འདིས་ག་རེ་གསལ་བཤད་བྱེད་ཐུབ་བམ་ཞེ་ན། དྲ་ཐོག་བརྡ་ཚིག་འཕོ་འགྱུར་བྱེད་ཡག་ནི་ཡིག་སྣོད་བརྡ་ཚིག་འཕོ་འགྱུར་བྱེད་ཡག་ལས་ཅུང་ནག་ཉེས་ཆུང་བ་ཡོད། གློ་བུར་དུ་ཁྱེད་རང་གི་རྩ་ཆེའི་ཡིག་ཆ་ཁག་ཡིག་སྣོད་བླུག་སའི་ཡོ་ཆས་ནང་བླུག་ཏེ། དེ་དེར་གཡུག་བཞག་ནས་འགྲོ་རྒྱུ་མེད།
 • ཁྱེད་རང་གི་རྩ་ཆེའི་གལ་འགངས་ཆེ་བའི་ཡིག་ཆ་ཁག་གློག་ཀླད་ནང་མ་བཞག་པར་གློག་ཀླད་ཀྱི་མཁྲེགས་ཆས་ཀུན་ཁྱབ་གློག་རྡུལ་ཡོ་ཆས་ནང་བཅུག་ཏེ་བཞག་དགོས། ཡིན་ནའང་། མཁོ་ཆས་དེ་ཚོ་གློག་ཀླད་ལས་སྐྱོན་དང་བརླག་དོར། གཞུང་བཞེས་ཤོར་སླ་བ་ཡོད་པས་གལ་འགངས་ཆེ་བའི་བརྡ་ཚིག་མེད་པའི་ཡིག་ཆ་ཁག་གང་སར་ཁྱེར་ནས་འགྲོ་རྒྱུ་མེད།

གལ་སྲིད་དགོས་ངེས་བྱུང་ན་ཁྱེད་རང་གི་ཐབས་ལམ་དེ་འདྲ་བཀོལ་སྤྱོད་བྱེད་དགོས། ཡིན་ནའང་། རང་ལེན་ཉེས་འཛུགས་ཀྱི་རྐྱེན་ངན་དེ་འདྲ་ཁྱེད་ལ་འཕྲད་ན་VeraCryptཞེས་པ་འདི་ཟོག་རྫུ་བྱས་ནས་བེད་སྤྱོད་བྱས་ན་ནི་ཐབས་ལམ་ཡག་ཤོས་ཤིག་དང་བརྟན་ཤོས་ཤིག་ཡིན།

གལ་སྲིད་བརྡ་ཚིག་གི་ཐ་སྙད་དེ་ཁྱེད་ཀྱིས་མངོན་གསལ་དོད་པོ་མ་བཟོས་པ་ཡིན་ན། ཡིག་སྣོད་དེར་མིང་མི་འདྲ་བ་ཞིག་བཏགས་ཏེ་བཞག་དགོས། འོད་སྡེར་སྣང་བརྙན་ (CD image) ཚབ་ཏུ་ (.iso) ཡིག་སྣོད་རྒྱ་སྐྱེད་ཀྱི་མ་ལག་བེད་སྤྱོད་གཏོང་རྒྱུ་ནི་གདམ་ག་གཞན་ཞིག་ཡིན་པ་མ་ཟད་ཤོང་ཚད་ (700 MB) ཡས་མས་ཡོད་པ་དེ་ཚོར་ཡང་སྐུལ་འདེད་བྱེད་ཐུབ་ཀྱི་ཡོད། ཤོང་ཚད་ཉུང་ཉུང་ལས་མེད་པ་ཚོར་རྒྱ་སྐྱེད་ཀྱི་ཡོ་ཆས་གཞན་དག་བེད་སྤྱོད་བྱས་ན་དོན་དངོས་དང་མཐུན་པ་ཞིག་ཡོང་གི་རེད། འདི་ནི་ལས་ཁུངས་ཀྱི་གྱང་སྟེང་ཡོད་པའི་རི་མོའི་འོག་ཁྱེད་རང་གབ་པ་དང་ཨ་ན་མ་ན་ཡིན། འདིས་བརྟག་དཔྱད་ཞིབ་ཕྲ་བྱེད་མ་ཐུབ་ཀྱང་ཉེན་སྲུང་ཁ་ཤས་བྱེད་ཐུབ་ཀྱི་རེད། དེར་བརྟེན། ཁྱེད་རང་གི་VeraCrypt ཞེས་པ་འདིར་མིང་གསར་པ་ཞིག་བཏགས་ཏེ་དེའི་ནང་ཡིག་ཆ་བླུག་ཡོད་དོག་དོག་བྱེད་དགོས། ཡིན་ནའང་ཁྱེད་ཀྱི་དུས་རྒྱུན་ཡིག་སྣོད་གི་ཡིག་ཆ་ཁག་ (USB) ནང་ཉར་ཚགས་བྱས་པ་ཙམ་ལས་དེ་གློག་ཀླད་ནང་འཇུག་རྒྱུ་མེད། VeraCrypt Guideཞེས་པ་དེའི་ནང་གང་འདྲ་བྱེད་དགོས་མེད་གསལ་བཤད་བྱས་ཡོད་པས་དེར་གཟིགས་རོགས།

ཁྱེད་ཀྱི་གལ་ཆེའི་གནས་ཚུལ་ཁག་གིས་ཉེན་ཁ་ངོས་འཛིན་བྱེད་སྟངས།

ཁྱེད་རང་ཡང་སེ་གློག་ཀླད་དང་ཀུན་ཁྱབ་གློག་རྡུལ་ཡོ་ཆས་ལ་བརྡ་ཚིག་འཕོ་འགྱུར་བྱེད་ཡག་གི་མཉེན་ཆས་གིས་དོ་ཕོག་བྱེད་ཀྱི་ཡོད་པར་སེམས་ཁྲལ་ཉུང་བ་བྱེད་པ་ལས་བརྡ་ཚིག་འཕོ་འགྱུར་གྱི་ཡིག་སྣོད་ཀྱིས་གལ་ཆེའི་ཡིག་ཆ་ཁག་ཏག་ཏག་ག་པར་གསོག་འཇོག་བྱེད་ཀྱི་ཡོད་མེད་ལ་སེམས་ཁྲལ་མང་བ་བྱེད་ཀྱི་ཡོད། ངས་བྱས་ན་དེ་དངོས་གནས་རེད་བསམ་གྱི་འདུག གང་ཡིན་ཞེ་ན། མི་སུས་ཀྱང་དེ་ཀློག་ཐུབ་ཀྱི་མ་རེད་ལ་ཧམ་ཟུང་བྱེད་མཁན་ཚོས་ཀྱང་ཁྱེད་ཀྱི་ཐབས་ཤེས་བྱས་ཏེ་སྲུང་སྐྱོབ་བྱས་ཡོད་པ་དེ་ཡང་ཤེས་ཀྱི་མ་རེད། འདིས་ག་རེ་གསལ་བཤད་བྱེད་ཀྱི་ཡོད་རེད་ལབ་ན་ཆེད་ལས་མཁས་པའི་ཐབས་རྩལ་བེད་སྤྱོད་མ་བྱས་པར་ཧམ་ཟུང་བྱེད་མཁན་ཚོས་གལ་ཆེའི་གནས་ཚུལ་ཁག་འཇིགས་སྐུལ་དང་ལྐོག་གཡོ། དེ་བཞིན་མནར་གཅོད་དང་དྲི་ཞིབ་བྱས་ཏེ་བཙན་བཟུང་བྱེད་ཀྱི་ཡོད་པ་གསལ་སྟོན་ཐུབ་ཀྱི་ཡོད། གནད་དོན་དེ་དང་འབྲེལ་བ་ཆགས་བསྡད་ཡོད་པའི་VeraCrypt'sནང་ཡོད་པའི་དགག་བྱའི་ཁྱད་ཆོས་དེ་ཚོ་ཞིབ་ཕྲ་གཤམ་དུ་འགྲེལ་བརྗོད་ཞུས་ཡོད་པས་དེར་གཟིགས་རོགས།

VeraCrypt'sནང་ཡོད་པའི་དགག་བྱའི་ཁྱད་ཆོས་ཀྱི་ཐབས་ལམ་ནི་འཕོ་འགྱུར་མ་ལག་ཡིག་སྣོད་ཀྱི་ཐུན་མིན་ཁྱད་ཆོས་ལས་བཀོལ་སྤྱོད་ལེགས་པ་དང་བཟང་བ་ཡོད། ཁྱད་ཆོས་འདི་ནི་ཐུན་མོང་མ་ཡིན་པའི་མགྱོགས་ཡིག་ཞིག་ཡིན་དུས་གལ་ཆེའི་གནས་ཚུལ་ཁག་གལ་ཆུང་ཡིན་དོག་དོག་གིས་སྦེད་རྒྱུ་ཡིན། དེར་བརྟེན་གལ་ཆེ་ནང་གལ་ཆུང་ནང་འཇུག་བྱེད་ཡག་དེ་ཕྱོགས་ཙམ་འདྲ་པོ་ཡོད། གལ་སྲིད་ཧམ་ཟུང་བྱེད་མཁན་ཚོས་ཁྱེད་རང་གི་ལྡེ་མིག་བརྐུས་པའམ་ཡང་ན་ཁྱེད་རང་གི་མོར་མཐུད་སྦྱོད་བྱེད་ས་དེ་སྤྲད་པར་འཇིགས་སྐུལ་བྱེད་ཀྱི་རེད། མོར་གཡོ་ཐབས་ཀྱི་རྒྱུ་ཆ་དེ་འདྲ་རྙེད་པ་ཡིན་ནའང་ཁྱེད་རང་གིས་གཅེས་སྲུང་བྱེད་སའི་གནས་ཚུལ་དེ་ཚོ་རྙེད་ཀྱི་མ་རེད།

ཁྱེད་རང་གི་རྩ་ཆེའི་ཡིག་ཆ་ཁག་རང་སྲུང་སྦེད་སྐུང་བྱེད་ས་དེར་རྒྱབ་ལྗོངས་སུ་བཅད་མིག་ཞིག་ཡོད་པ་ཤེས་དགོས། འདིས་ཁྱེད་རང་གིས་ཧམ་ཟུང་བྱེད་མཁན་ཚོར་ཡིག་ཆ་ཁག་སྤྲད་པ་ལས་ལྷག་པ་གཞན་གེབ་སྲུང་བྱེད་ཀྱི་མེད་པ་ངོས་ལེན་བྱེད་ཀྱི་མེད། ཡང་སྐབས་རེ་དགོས་པའི་དབང་གིས་གསང་ཡིག་ཕྱིར་བསྒྲགས་བྱེད་དགོས་བྱུང་ན་དེས་ཕན་ཐོགས་ཡོང་སྲིད་པ་ཞིག་ཡིན། རྒྱུ་མཚན་དེ་ཚོ་ཁྱེད་དང་ལས་རོགས། དེ་བཞིན་ཕྱག་སྦྲེལ་དང་ནང་མི། གྲོགས་པོ་སོགས་ལ་ཁྲིམས་དང་དྲག་པོའི་དབང་ཤུགས་ཀྱིས་ཉེན་ཁ་འཕྲད་དུས་རོགས་པ་བྱེད་ཀྱི་རེད། ཁས་ལེན་མི་བྱེད་པའི་ཐབས་བྱུས་འདིའི་དམིགས་ཡུལ་གཙོ་བོ་ནི་དུས་རྒྱུན་ཁྱེད་ཀྱི་གལ་ཆེའི་ཡིག་ཆ་ཁག་ཉེན་སྲུང་ཇི་ལྟར་བྱས་ཀྱང་ཛ་དྲག་གི་དཀའ་ངལ་འཕྲད་དུས་དེ་ལས་གཡོལ་ཐབས་ལམ་སྟོན་བྱེད་ཀྱི་ཡོད། རང་ལེན་ཉེས་འཛུགས་ཀྱི་ཉེན་ཁར་བསམ་གཞིགས་བྱེད་སྟངས་ཞེས་པའི་སྡེ་ཚན་དེའི་ནང་འགྲེལ་བཤད་བརྒྱབ་པ་ལྟར་ཁྱད་ཆོས་དེར་བེད་སྤྱོད་ཏོག་ཙམ་ཞན་པ་ཡོད། དེ་ཡང་གལ་སྲིད་ལས་ཁུངས་ནང་ཡིག་ཆ་ཉར་ཚགས་བྱས་པ་ཧ་གོ་ན་བརྗོད་པར་དཀའ་བའི་གྲུབ་འབྲས་སྡུག་ཅག་ཅིག་ཁྱེད་ལ་འཕྲད་ཀྱི་རེད།

VeraCrypt'sནང་ཡོད་པའི་དགག་བྱའི་ཁྱད་ཆོས་ཀྱི་ལས་ཀ་ནི་འགེབ་སྲུང་བྱེད་ཡག་གི་ཡིག་ཆ་དེ། དུས་རྒྱུན་བླུག་སའི་ནང་དུ་གསོག་འཇོག་བྱེད་རྒྱུ་དེ་རེད། ཁྱེད་རང་གིས་འགེབ་སྲུང་བྱེད་ཡག་གི་ཡིག་ཆ་དེ་ཁ་ཕྱེ་དགོས་ན། ཁྱེད་ཀྱི་དུས་རྒྱུན་གསང་ཡིག་དེ་བེད་སྤྱོད་མ་བཏང་བར་གསང་ཡིག་གཞན་ཞིག་བེད་སྤྱོད་གཏོང་དགོས། གལ་སྲིད་ཆེད་ལས་མཁས་པ་ཞིག་གིས་དེ་ཧམ་ཟུང་གིས་བཀོལ་སྤྱོད་བྱས་པ་ཡིན་ནའང་ཁོས་འགེབ་སྲུང་བྱས་བཞག་ཡོད་པའི་ཡིག་ཆ་དེ་ག་པར་གསོག་འཇོག་བྱས་ཡོད་མེད་ར་སྤྲོད་བྱེད་ཐུབ་ཀྱི་མ་རེད།ཡིན་དང་ཡིན། ཁོ་རང་གིས་VeraCrypt'sཞེས་པ་འདིའི་ནང་གནས་ཚུལ་འགེབ་སྲུང་གི་ནུས་པ་ཡོད་པ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་ཀྱང་གལ་སྲིད་གཡོ་ཐབས་ཀྱི་གསང་ཡིག་དེ་བརྒྱབ་རྗེས་ཉེན་ཁ་དེ་མེད་པ་འགྱུར་གྱི་ཡོད་པ་འགན་ལེན་བྱེད་ཐུབ་ཀྱི་མ་རེད། མི་མང་པོ་ཞེ་པོས་VeraCrypt'sནང་ཡོད་པའི་དགག་བྱའི་ཁྱད་ཆོས་བེད་སྤྱོད་མ་བཏང་བར་བྱ་ཐབས་དེ་བཀོལ་སྤྱོད་བྱེད་ཀྱི་ཡོད། ཡིན་ནའང་། དེང་སང་བརྡ་ཚིག་བརྒྱབ་ཡོད་པ་དང་མེད་པའི་ནང་ཉེན་ཁ་དེ་འདྲ་ཡོད་པ་བརྟག་དཔྱད་བྱས་ཏེ་ཁ་ཚོན་ཆོད་རྒྱུ་ཏོག་ཙམ་དཀའ་ལས་ཁག་པོ་ཆག་ཡོད། དེས་ག་རེ་གསལ་བཤད་བྱེད་ཀྱི་ཡོད་རེད་ལབ་ན། འགེབ་སྲུང་བྱས་ཡོད་པའི་ཡིག་ཆ་ཁག་སོ་སོས་བདག་པོ་ཡག་པོ་བརྒྱབ་ཏེ་མི་གཞན་ལ་ཕྱི་གསལ་ནང་གསལ་ངང་སྟོན་རྒྱུ་དང་བེད་སྤྱོད་བྱེད་དུ་བཅུག་རྒྱུ་མེད། དེའི་སྐོར་ལ་ཞིབ་ཕྲ་ སློབ་ཚན་བཞི་པའི་ནང་ཚན་གསུམ་པའི་ནང་འགྲེལ་བརྗོད་བྱས་ཡོད་པས་དེར་གཟིགས་རོགས།

:Snippet

བསྐྱར་སྦྱོང་།

 • ཁྱེད་རང་ཡིག་སྣོད་ཇི་ལྟར་ཉེན་སྲུང་བྱེད་མིན་ཐད་ལ་གནས་ཚུལ་འཕར་མ་ཤེས་དོད་ན་སློབ་ཚན་གཉིས་པའི་བཞི་པ་འགེབ་སྲུང་རིག་པ་ (Cryptology) དང་སློབ་ཚན་གཉིས་པའི་བརྒྱད་པ་མགྱོགས་ཡིག་རིག་པ་ (Steganography) དེ་བཞིན་སློབ་ཚན་བཞི་པའི་གཉིས་པའི་ནང་ཡོད་པའི་དཔེ་མཚོན་གསུམ་པ་སྟེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱིས་གློག་ཀླད་གནས་ཚུལ་ཁག་ཇི་ལྟར་སྦ་གསང་དང་སྲུང་སྐྱོབ་བྱེད་དགོས་མིན་གྱི་བརྙན་དེབ་ནང་གཟིགས་ན་མཁྱེན་ངེས་ཡིན། དེ་ཡང་གཤམ་གྱི་འབྲེལ་ཐག་ཁག་ལ་གཟིགས་ན་ཁྱེད་ཀྱིས་མཁྱེན་ཐུབ། Digital Security and Privacy for Human rights Defenders