Glossary

ཁྱེད་ཀྱིས་གློག་ཀླད་ཀྱི་རྨང་གཞིའི་ཤེས་བྱ་ཁག་བལྟ་ཀློག་བྱེད་དུས་གཤམ་གྱི་ཐ་སྙད་ཁག་མིག་ལམ་དུ་འཆར་གྱི་ཡོད་པས་དེ་ཚོའི་འགྲེལ་པ་ཁག་ལ་གཟིགས་ན་མཁྱེན་ངེས་ཤིག་ཡིན།

 • Android: གྷོ་གྷལ་ཁེ་ལས་ཀྱིས་བཟོས་པའི་Linux བཀོལ་སྤྱོད་མ་ལག་གི་མཉེན་ཆས་ཤིག་ཏེ་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་དང་ལག་སྤྱོད་ལག་ཐོག་ཁ་པར་ཁག་ལ་བཀོལ་སྤྱོད་གཏོང་ཐུབ་ཀྱི་ཡོད།

 • APG: འགོག་སྲུང་མཉེན་ཆས་འདི་ནི་བརྡ་ཚིག་འཕོ་འགྱུར་གཏོང་ཡག་ཡོད་པའི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ཁག་ལ་བཀོལ་སྤྱོད་བྱེད་ཐུབ་པ་མ་ཟད་ K9 མལ་ཞེས་པའང་བཀོལ་སྤྱོད་གཏོང་ཐུབ་ཀྱི་ཡོད།

 • .apk file: Android ཡི་བཀོལ་སྤྱོད་མ་ལག་རྒྱ་སྐྱེད་གཏོང་ཡག་གི་ཡིག་སྣོད་ཞིག་ལ་ཟེར།

 • App Store: ཀུ་ཤུ་རྟགས་ཅན་གྱི་བཀོལ་སྤྱོད་མ་ལག་ཁག་ཕབ་ལེན་བྱེད་སའི་སྒྲིག་འགལ་གཏེར་མཛོད་ཞིག་ལ་ཟེར།

 • Avast - རིན་མེད་ཉེན་སྲུང་མཉེན་ཆས་ཀྱི་བྱ་ཐབས་ཤིག་ལ་ཟེར།

 • Basic Input/Output System (BIOS) - གློག་ཀླད་ནང་ཡོད་པའི་ཡང་དག་མཉེན་ཆས་ཤིག་ཡིན་པ་གང་ཞིག་མཁྲེགས་ཆས་དང་འབྲེལ་བ་ཡོད་པའི་ཡར་ཐོན་ཅན་གྱི་སྒྲིག་ཤོམ་མང་པོ་ཞིག་ཏེ་གསང་ཡིག་སོགས་ཇི་ལྟར་སྒྲིག་ཤོམ་བྱེད་དགོས་མིན་སོགས་འགྲེལ་བརྗོད་བྱེད་ཀྱི་ཡོད།

 • BlackBerry: ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གྱི་མིང་ཞིག་ལ་ཟེར།

 • Blacklist - བལྟ་ཀློག་བྱེད་རྒྱུར་དམ་བསྒྲགས་ཡོད་པའི་དྲ་རྒྱ་དང་དྲ་བ་ཁག་གི་མིང་ཐོ་ལ་ཟེར།

 • Bluetooth - སྐུད་མེད་དྲ་བའི་བརྒྱུད་དམ་ཞིག་ཏེ་རྒྱང་ཐག་རིང་བོ་མེད་པའི་ལག་ཐོག་ཁ་པར་དབར་གནས་ཚུལ་གཏོང་ལེན་བྱེད་རྒྱུ་ཡོད་པའི་བྱ་ཐབས་ཤིག་ལ་ཟེར།

 • Booting - གློག་ཀླད་འགོ་ཚུགས་བྱེད་སྟངས་ཤིག་ལ་ཟེར།

 • CCleaner - ནང་འཇུག་བྱས་པའི་འཕྲལ་སེལ་ཡིག་སྣོད་དང་གནད་འགག་ཆེ་བའི་ཡིག་ཆ་ཁག་མེད་པ་བཟོ་ཆེད་ཀྱི་རིན་མེད་མཉེན་ཆས་ཤིག་ཡིན་པ་གང་ཞིག་སྐར་ཁུང་རྟགས་ཅན་ཁོ་རང་གིས་ཁ་སྐོང་བྱེད་ཀྱི་ཡོད།

 • CD Burner - འོད་སྡེར་སྟོང་པའི་ནང་གནས་ཚུལ་འཕོ་ལེན་བྱེད་ཡག་གི་ཐབས་ལམ་ཞིག་ཡིན་པ་གང་ཞིག་ནང་འཇུག་བྱས་ཡོད་པའི་གནས་ཚུལ་ཁག་མེད་པ་བཟོ་ཐུབ་པ་མ་ཟད་སླར་ནང་འཇུག་བྱེད་ཐུབ་ཡག་ཡོད་པའི་བྱ་ཐབས་ཤིག་ལ་ཟེར།

 • Circumvention - དམ་བསྒྲགས་ཡོད་པའི་དྲ་རྒྱ་དང་དེའི་ཞབས་ཞུའི་ལྟེ་གནས་ཁག་བལྟ་སྲུང་གིས་བཀོལ་སྤྱོད་བྱེད་ཡག་ཡོད་པའི་བརྡ་ཚིག་འཕོ་འགྱུར་གྱི་བྱ་ཐབས་ཤིག་ལ་ཟེར།

 • Clam Win - སྐར་ཁུང་རྟགས་ཅན་ནང་བཀོལ་སྤྱོད་བྱེད་ཡག་ཡོད་པའི་ཉེན་སྲུང་མཉེན་ཆས་ཤིག་ལ་ཟེར།

 • Cobian Backup - ཡིག་ཆ་བསྐྱར་ལེན་བྱེད་ཡག་ཡོད་པའི་བྱ་ཐབས་ཤིག་ལ་ཟེར། དེང་སང་ཐོན་པའི་བྱ་ཐབས་འདི་ནི་རིན་མེད་ཞིག་མིན། ཡིན་ནའང་། དེ་སྔོན་ཐོན་པའི་བྱ་ཐབས་དེ་རིན་མེད་ཡིན་པས་དྲ་བ་བརྒྱུད་ཕབ་ལེན་བྱེད་ཐུབ་ཀྱི་ཡོད།

 • Comodo Firewall - རིན་མེད་མེ་གྱང་གི་བྱ་ཐབས་ཤིག་ལ་ཟེར།

 • Cookie - ཁྱེད་ཀྱིས་དྲ་ཐོག་བརྒྱུད་གློག་ཀླད་ནང་གསོག་འཇོག་བྱས་པའི་ཡིག་སྣོད་ཆུང་གྲས་ཤིག་ལ་ཟེར། འདིས་གནས་ཚུལ་ཁག་དྲ་བ་བྱེ་བྲག་པ་ཞིག་ནང་གསོག་འཇོག་བྱེད་རྒྱུར་སྐུལ་མ་བྱེད་ཀྱི་ཡོད།

 • Cryptonite: Android བཀོལ་སྤྱོད་མ་ལག་ཚང་བའི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ཁག་ནང་ནང་འཇུག་བྱེད་ཡག་ཡོད་པའི་རིན་མེད་མཉེན་ཆས་ཤིག་ཡིན།

 • Digital signature - བརྡ་འཕྲིན་གྱི་མཚོན་རྟགས་ཤིག་ཏེ་ཡིག་ཆའམ་ཡང་ན་འཕྲིན་ཐུང་བྱེ་བྲག་པ་ཞིག་མི་དེས་བཏང་ཡོད་མེད་མངོན་དཔག་བྱེད་ཡག་གི་བྱ་ཐབས་ཤིག་ལ་ཟེར།

 • Domain name - དྲ་བའི་ཡོང་ཁུངས་ཀྱི་མིང་ལ་ཟེར།

 • EDGE, GPRS, UMTS: བརྡ་འཕྲིན་ཚན་ཚན་གྱི་བརྒྱུད་ལམ་ཞིག་ཏེ་ལག་ཐོག་ཁ་པར་བརྒྱུད་དྲ་བ་ནང་ཞུགས་བཅུག་མཁན་གྱི་བཀོལ་སྤྱོད་མ་ལག་ཁག་ལ་ཟེར།

 • Encryption - བརྡ་ཚིག་འཕོ་འགྱུར་གྱི་བྱ་ཐབས་ཤིག་ཏེ་མི་གཞན་ཞིག་གིས་བརྡ་ཚིག་དང་དེ་བཀྲོལ་བྱེད་ཀྱི་གསང་ཡིག་དེ་ཤེས་རྟོགས་མ་ཐུབ་བར་གནས་ཚུལ་ཁག་བལྟ་ཀློག་བྱེད་ཐུབ་ཡག་མེད་པ་བཟོ་ཆེད་ཀྱི་ཐབས་ལམ་ཞིག་ལ་ཟེར།

 • Enigmail - Thunderbird ཡི་གློག་འཕྲིན་གྱི་ལས་གཞི་ཞིག་ཏེ་འཕྲིན་ཐུང་ཁག་གཏང་བ་དང་འབྱོར་བའི་རིགས་སོགས་བྱེད་ཆེད་ཀྱི་བྱ་ཐབས་ཤིག་ལ་ཟེར།

 • Eraser - གློག་ཀླད་ནང་གསོག་འཇོག་བྱས་ཡོད་པའི་ཡིག་ཆ་ཁག་རྩ་མེད་སུབ་པར་བྱེད་མཁན་གྱི་བཀོལ་སྤྱོད་མ་ལག་ཞིག་ལ་ཟེར།

 • F-Droid: Android མ་ལག་བཀོལ་སྤྱོད་ཁག་འཚོལ་རྙེད་བྱེད་སའི་སྡིངས་ཆ་ཞིག་ཡིན་པ་གང་ཞིག་དེ་ཚོ་ཕབ་ལེན་བྱེད་ས་ཞིག་ཀྱང་ཡིན།

 • Firefox - དྲ་ཐོག་ཞུགས་སའི་རིན་མེད་མཉེན་ཆས་ཤིག་ལ་ཟེར།

 • Firewall - མེ་གྱང་ཞེས་པ་འདི་ནི་ཡིད་ཆེས་མེད་པའི་དྲ་བ་ཁག་མངོན་འགོག་བྱ་ཆེད་ཀྱི་བྱ་ཐབས་ཤིག་ལ་ཟེར།

 • Free and Open Source Software (FOSS) - རིན་མེད་བཀོལ་སྤྱོད་བདེ་བའི་མཉེན་ཆས་ཤིག་ཏེ་གནས་ཚུལ་ཁག་བརྟག་ཞིབ་དང་བསྐྱར་བཅོས་ཀྱིས་བརྗེ་ལེན་བྱེད་སའི་སྡིངས་ཆ་ཞིག་ལ་ཟེར།

 • Freeware - རིན་མེད་མཉེན་ཆས་ཤིག་ཡིན་པ་གང་ཞིག་དེ་བཀོལ་སྤྱོད་གཏོང་མཁན་ཚོར་དམ་བསྒྲགས་ཡོད་པའི་བྱ་ཐབས་ཤིག་ལ་ཟེར།

 • Gibberbot: Android ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་བཀོལ་སྤྱོད་བྱེད་ཡག་ཡོད་པ་གང་ཞིག་ཕན་ཚུན་གླེང་མོལ་བརྒྱུད་ལབ་གླེང་བྱེད་ཡག་ཡོད་པའི་བྱ་ཐབས་ཤིག་ལ་ཟེར།

 • Google Play: Android བཀོལ་སྤྱོད་མ་ལག་ཁག་ཕབ་ལེན་བྱེད་སའི་སྟེགས་སྒྲོམ་ཞིག་ལ་ཟེར།

 • GNU/Linux - སྐར་ཁུང་རྟགས་ཅན་གྱི་བྱ་ཐབས་ཚབ་ལ་བཀོལ་སྤྱོད་བྱེད་ཐུབ་པའི་རིན་མེད་མ་ལག་གི་བྱ་ཐབས་ཤིག་ལ་ཟེར།

 • Global Positioning System (GPS) - ཡོངས་ཁྱབ་གནས་ཚུལ་བརྒྱུད་གཏོང་ཞེས་པ་འདི་ནི་མི་བཟོས་སྲུང་སྐར་གྱི་བཀོལ་སྤྱོད་བརྒྱུད་གོ་ལའི་གནས་ཚུལ་དང་ས་ཆ་ཁག་ཆད་ལྷགས་མེད་པར་མཁོ་གཏོང་བྱེད་ཐུབ་མཁན་གྱི་བཀོལ་སྤྱོད་མ་ལག་ཞིག་ལ་ཟེར།

 • Guardian Project: ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་བདག་སྲུང་བྱ་ཡག་ཡོད་པའི་བཀོལ་སྤྱོད་མ་ལག་ཞིག་ལ་ཟེར།

 • Hacker -ང་ཚོས་མ་ཤེས་པར་དྲ་ཐོག་ཏུ་ཡོད་པའི་གནས་ཚུལ་ཁག་བརྐུ་བཤུ་བྱེད་མཁན་གྱི་གློག་ཀླད་མཁས་པའི་མི་ལ་ཟེར།

 • iPhone: iOS མ་ལག་གི་བཀོལ་སྤྱོད་ལྡན་པའི་ཀུ་ཤུ་རྟགས་ཅན་གྱི་ལག་ཐོག་ཁ་པར་ལ་ཟེར།

 • Internet Protocol address (IP address) - དྲ་ཐོག་ཏུ་འཇུག་པར་བྱེད་མཁན་གྱི་ཁ་བྱང་ཞིག་ལ་ཟེར།

 • Internet Service Provider (ISP) - ཁྱེད་ཀྱི་དྲ་བ་མཁོ་སྤྲོད་བྱེད་མཁན་གྱི་ཁེ་ལས་སམ་ཚོགས་སྡེར་ཟེར། རྒྱལ་ཁབ་མང་པོས་(ISP) བྱ་ཐབས་བརྒྱུད་དྲ་བ་ཁག་བལྟ་སྲུང་གིས་དམ་བསྒྲགས་བྱེད་ཀྱི་ཡོད།

 • Infrared Data Association (IrDA) - སྨུགས་བྱིའི་འོད་ཟེར་བརྒྱུད་གནས་ཚུལ་ཁག་བརྗེ་ལེན་བྱེད་ཡག་གི་སྐུད་མེད་དྲ་བ་ཟེར། དེང་སང་བྱ་ཐབས་དེའི་ཚབ་ལ་ Bluetooth བཀོལ་སྤྱོད་བྱེད་ཀྱི་ཡོད།

 • Java Applications (Applets) - བཀོལ་སྤྱོད་མ་ལག་དུ་མར་བེད་སྤྱོད་གཏོང་ཡག་ཡོད་པའི་བྱ་ཐབས་ཤིག་ཏེ་དྲ་ཤོག་ཁག་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་གྲུབ་འབྲས་ལྡན་པའི་རམ་འདེགས་ཀྱང་བྱེད་ཀྱི་ཡོད།

 • Jailbreaking: ཁེ་ལས་ཀྱིས་དམ་བསྒྲགས་བྱེད་མི་ཐུབ་པའི་ ཀུ་ཤུ་རྟགས་ཅན་གྱི་ལག་ཐོག་ཁ་པར་ནང་ཡོད་པའི་སྒོ་ལྕགས་ཕྱེ་ཡག་གི་ཁྱད་ཆོས་ལྡན་པའི་མ་ལག་བྱ་ཐབས་ཤིག་ལ་ཟེར།

 • K9 Mail: Android ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ཡོད་པའི་དྲ་ཐོག་ཨེ་མལ་གཏོང་ཡག་གི་བྱ་ཐབས་ཤིག་ཡིན་པ་གང་ཞིག་ APG ཐོག་བརྡ་ཚིག་བརྒྱབ་ཏེ་བཀོལ་སྤྱོད་བྱེད་རྒྱུ་ཡོད་པ་ཞིག་ཀྱང་ཡིན།

 • Keylogger - ཁྱེད་ཀྱིས་གློག་ཀླད་ཐོག་བརྒྱབ་པའི་ཡི་གེ་ཁག་ཐོ་འགོད་ཀྱིས་མི་གཞན་ལ་མཁོ་གཏོང་བྱེད་མཁན་གྱི་སོ་ཉུལ་མཉེན་ཆས་ཤིག་ལ་ཟེར། བྱ་ཐབས་འདི་བརྒྱུད་ཨེ་མལ་དང་གསང་ཡིག་ཁག་བརྐུ་བཤུ་བྱེད་ཐུབ་ཀྱི་ཡོད།

 • KeePassX -བཙན་སྲུང་ཡོད་པའི་རིན་མེད་གསང་ཡིག་གི་བྱ་ཐབས་ཤིག་ལ་གོ

 • LiveCD - གློག་ཀླད་ཀྱི་མ་ལག་ཁག་འཕྲལ་སེལ་བཀོལ་སྤྱོད་བྱེད་བཅུག་མཁན་གྱི་འོད་སྡེར་ཞིག་ལ་ཟེར།

 • Malware - ཉེན་ཚབས་ཆེ་བའི་དྲ་འབུ་ཁག་ལ་ཟེར། དེ་ཡང་དྲ་འབུ། སོ་ཉུལ་མཉེན་ཆས་དེ་བཞིན་trojans ལ་སོགས་ལ་ཟེར།

 • Mnemonic device - གསང་ཡིག་རིང་པོ་ཞིག་དྲན་གསོ་གཏོང་བྱེད་ཀྱི་སྟབས་བདེའི་བྱ་ཐབས་ཤིག་ལ་ཟེར།

 • NoScript - Firefox དྲ་ཐོག་ཏུ་ཡོད་པའི་ཉེན་སྲུང་བྱ་ཐབས་ཤིག་ཏེ་ངོ་འདྲིས་མེད་པའི་དྲ་ཤོག་ཁག་ནས་ཡོང་བའི་དྲ་འབུ་ཁག་མངོན་འགོག་བྱེད་ཐུབ་ཀྱི་ཡོད།

 • Obscuracam: Android ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ཡོད་པའི་མཉེན་ཆས་ཤིག་ཏེ་པར་དང་བརྙན་པར་ནང་ཡོད་པའི་མིའི་ངོ་གདོང་ཁག་མི་གཞན་གྱིས་ཧ་གོ་མ་ཐུབ་པར་བཟོ་མཁན་གྱི་བྱ་ཐབས་ཤིག་ཡིན།

 • Orbot: Android ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ཡོད་པའི་བྱ་ཐབས་ཤིག་ཏེ་ Orweb དང་Gibberbotབརྒྱུད་ Tor དྲ་བ་ནང་ཞུགས་རྒྱུའི་རམ་འདེགས་བྱེད་མཁན་ཞིག་ཡིན།

 • Orweb: Android ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ Orbot དང་ལྷན་དྲ་བ་བཀོལ་སྤྱོད་བྱེད་བར་རམ་འདེགས་བྱེད་མཁན་གྱི་བཀོལ་སྤྱོད་མ་ལག་ཞིག་ལ་ཟེར།

 • Off the Record (OTR) - བརྡ་ཚིག་བརྒྱབ་ཡོད་པའི་མྱུར་འཕྲིན་གཏོང་ཡག་གི་བྱ་ཐབས་ཤིག་ལ་ཟེར།

 • Peacefire -རིན་མེད་དུས་ཐོག་གི་ཨེ་མལ་ཡིན་པ་གང་ཞིག་ངོ་སྲུང་ངོ་ཚབ་ཀྱི་གནས་ཚུལ་ཁག་བརྒྱུད་ལོན་བྱེད་ས་ཞིག་ཀྱང་ཡིན།

 • Physical threat - གློག་ཀླད་ལ་ཕྱིའི་ཉེན་ཁ་སྟེ་གལ་ཆེའི་གནས་ཚུལ་ཁག་མིས་བརྐུས་པའམ་ཡང་ན་རང་བྱུང་གི་གོད་ཆག་ཁག་ཕྲད་པ་ཞིག་ལ་ཟེར།

 • Pidgin - བརྡ་ཚིག་ཡོད་པའི་མྱུར་འཕྲིན་བཀོལ་སྤྱོད་ཀྱི་བྱ་ཐབས་ཤིག་ལ་ཟེར།

 • Proxy - ངོ་སྲུང་ངོ་ཚབ་ཀྱི་དྲ་བ་ཞིག་ཡིན་པ་གང་ཞིག་དྲ་བའི་བཀག་རྒྱ་ཁག་ལས་ཐར་བར་བྱེད་མཁན་གྱི་བྱ་ཐབས་ཤིག་ལ་ཟེར། ངོ་སྲུང་ངོ་ཚབ་ཀྱི་དྲ་བ་དེ་ཡོངས་གྲགས་ཤིག་ཡིན་ན་དེ་བཀོལ་སྤྱོད་བྱེད་ཡག་ལ་ཐོ་བཀོད་བྱེད་དགོས་ཀྱི་ཡོད། ངོ་སྲུང་ངོ་ཚབ་ཀྱི་དྲ་བ་ཁག་ཅིག་ལ་བཙན་སྲུང་ཡོད་དུས་ཁྱེད་ཀྱི་གློག་ཀླད་བརྒྱུད་དྲ་བ་དེ་ཚོ་ནང་ཞུགས་ཐུབ་ཀྱི་ཡོད།

 • Proprietary software - བདག་དབང་ཡོད་པའི་མཉེན་ཆས་ལ་ཟེར། འདི་ཚོ་མང་ཆེ་བ་ཚོང་འགྲེམས་བྱེད་ཀྱི་ཡོད་ལ་དམ་བསྒྲགས་ཡོད་པའི་བྱ་ཐབས་ཤིག་ཀྱང་ཡིན།

 • RiseUp - ལས་འགུལ་པ་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་ཨེ་མལ་གྱི་ཞབས་ཞུ་ཞིག་ཏེ་དྲ་ཐོག་གམ་ཡང་ན་ Mozilla Thunderbird བརྒྱུད་བེད་སྤྱོད་བྱེད་ཀྱི་ཡོད།

 • Rooting: Android བཀོལ་སྤྱོད་མ་ལག་འདི་མཁོ་སྤྲོད་བྱེད་མཁན་གྱི་ཁེ་ལས་དང་དེ་འབྲེལ་ཁག་གིས་བཀག་རྒྱ་མ་བྱས་ན་མ་གཏོགས་བེད་སྤྱོད་གཏོང་ཡག་ཡོད་པའི་ལག་ཐོག་ཁ་པར་ནང་ཡོད་པའི་དམ་བསྒྲགས་མེད་པའི་བྱ་ཐབས་ཤིག་ལ་ཟེར།

 • Router - གློག་ཀླད་ནང་དྲ་བ་མཐུད་སྦྲེལ་བྱེད་སའི་དྲ་ལམ་ཁག་ལ་ཟེར། དེ་ཡང་ Switches, gateways དང་ hubs བརྒྱུད་སྐུད་མེད་དྲ་བ་ཁག་ཀྱང་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད།

 • Secure password database - གསང་ཡིག་ལྟེ་བ་གཅིག་ལ་བརྟེན་གསང་ཚིག་གཞན་དག་བདག་སྲུང་བྱེད་ཡག་གི་བྱ་ཐབས་ཤིག་ལ་ཟེར།

 • Secure Sockets Layer (SSL) - Tབརྡ་འཕྲིན་ཚན་ཚན་གྱི་ཡོ་ཆས་ཤིག་ཏེ་ཁྱེད་ཀྱི་གློག་ཀླད་དང་ཁྱེད་ཀྱིས་བལྟ་ཀློག་བྱས་པའི་དྲ་བ་ཁག་དབར་མཐུད་མཚམས་སྦྱོར་མཁན་གྱི་བརྡ་ཚིག་ཡོད་པའི་བཀོལ་སྤྱོད་མ་ལག་ཞིག་ལ་ཟེར། ཁྱེད་ཀྱིས་བྱ་ཐབས་འདི་བརྒྱུད་དྲ་བ་ནང་ཞུགས་པ་ཡིན་ན་དྲ་བའི་ཁ་བྱང་ HTTP ཞེས་པ་འདི་མ་ཡིན་པར་ HTTPS  ཞེས་པ་འདི་ཐོན་གྱི་རེད།

 • Security certificate - ཉེན་སྲུང་བདག་དབང་ཞེས་པ་འདི་ནི་བརྡ་ཚིག་བརྒྱབ་ཏེ་དྲ་བ་དང་དྲ་རྒྱ་ཁག་བརྟག་ཞིབ་བྱེད་ཡག་གི་བྱ་ཐབས་ཤིག་ལ་ཟེར། ཁྱེད་ཀྱི་དྲ་བ་དེས་ཉེན་སྲུང་བདག་དབང་ངོས་ལེན་བྱེད་པ་ལ་ངེས་པར་ཡིད་ཆེས་ཡོད་པའི་སྡེ་ཚན་ཞིག་ནས་བརྡ་འཕྲིན་མཚོན་རྟགས་ཀྱི་ཞབས་ཞུ་དེ་ཉོས་ནས་དང་ལེན་བྱེད་དགོས། གང་ཡིན་ཞེ་ན། ཞབས་ཞུའི་མ་ལག་མཁོ་སྤྲོད་བྱེད་མཁན་ཚོས་དེ་ཉོ་གི་མེད་དུས་དྲ་བ་ཁག་བལྟ་ཀློག་བྱེད་དུས་ཉེན་སྲུང་བདག་དབང་དེར་འགོག་རྐྱེན་གྱིས་དྲ་བ་བཀོལ་སྤྱོད་བྱེད་ཐུབ་ཀྱི་མེད།

 • Security policy - ཡིག་ཐོག་གནས་ཚུལ་ཞིག་ཏེ་ཚོགས་པ་དེ་བཞིན་ཉེན་ཁ་ཁག་ལས་ཇི་ལྟར་གདོང་ལེན་བྱེད་དགོས་མིན་གྱི་བྱ་ཐབས་ཁག་ཡོད་པའི་ཉེན་སྲུང་གི་ཐབས་ལམ་བཀོད་ཡོད་པའི་ལམ་ལུགས་ལ་ཟེར།

 • Security cable - ཉེན་སྲུང་ཏར་སྐུད་ཞེས་པ་འདི་ནི་ལག་ཐོག་གློག་ཀླད་དང་གློག་ཀླད་ཀྱི་མཁྲེགས་ཆས་ཁག་ཕྱིའི་ཉེན་ལ་ཁ་ལས་སྲུང་སྐྱོབ་བྱ་བྱེད་ཀྱི་བྱ་ཐབས་ཤིག་ཟེར།

 • Server - གནས་ཚུལ་ཁག་མཁོ་གཏོང་བྱེད་མཁན་གྱི་དྲ་བ་ལ་ཟེར།

 • SIM card - ལག་ཐོག་ཁ་པར་ནང་ནང་འཇུག་གིས་གནས་ཚུལ་ཁག་གསོག་འཇོག་བྱེད་ས་ཞིག་ཏེ་དེར་བྱང་བུ་ཡང་ཟེར་གྱི་ཡོད།

 • Skype - གཟུགས་མཐོང་གླེང་མོལ་བྱེད་སའི་གར་སྟེགས་ཤིག་ཏེ་འཕྲིན་ཐུང་ལ་སོགས་ཀྱང་བསྐུར་ས་ཡོད་པའི་སྤྱི་ཚོགས་དྲ་བ་ཞིག་ལ་ཟེར།

 • Source code - གློག་ཀླད་ཀྱི་ལས་འཆར་བཟོ་སའི་བརྡ་ཚིག་ཞིག་ལ་ཟེར། འདིས་བྱ་ཐབས་དེ་ཚོ་ཇི་ལྟར་ལས་ཀ་བྱེད་ཀྱི་ཡོད་མེད་ཤེས་རྟོགས་དང་སྦྲགས་བལྟ་སྲུང་ནན་པོ་བྱེད་ཀྱི་ཡོད།

 • Spybot - ཁྱེད་ཀྱི་གློག་ཀླད་སོ་ཉུལ་མཉེན་ཆས་ལས་གཡོལ་ཐབས་བྱེད་མཁན་གྱི་འཚག་སེལ་བྱ་ཐབས་ཤིག་ལ་ཟེར།

 • Steganography - ཚབས་ཆེའི་གནས་ཚུལ་ཁག་མིས་དོ་སྣང་མ་ཡོང་བའི་ཆེད་བྱ་སྤྱོད་མི་འདྲ་བ་ཞིག་ནང་ཐོན་པའི་ཐབས་ལམ་ཞིག་ལ་ཟེར།

 • Swap file - གློག་ཀླད་ཀྱི་མྱུར་ཚད་མགྱོགས་པོ་ཡོང་བའི་ཆེད་རྩ་ཆེའི་གནས་ཚུལ་ཁག་ཡིག་སྣོད་གཞན་ཞིག་ནང་གསོག་འཇོག་བྱེད་ཡག་གི་བྱ་ཐབས་ཤིག་ལ་ཟེར།

 • Textsecure: ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བརྒྱུད་བརྡ་ཚིག་བརྒྱབ་ནས་འཕྲིན་ཐུང་ཁག་མིར་བསྐུར་ཡག་དང་གསོག་འཇོག་བྱེད་ཡག་གི་བྱ་ཐབས་ཤིག་ལ་ཟེར།

 • Thunderbird - ཨེ་མལ་ནང་ཉེན་སྲུང་གི་ཁྱད་ཆོས་མང་པོ་ཡོད་པའི་བྱ་ཐབས་ཤིག་ལ་ཟེར།

 • Tor - ཁྱེད་ཀྱིས་བལྟ་ཀློག་བྱས་པའི་དྲ་བ་ཁག་མི་གཞན་གྱིས་མ་ཤེས་པའི་ཆེད་དམ་བསྒྲགས་བྱེད་ཐུབ་པའི་བཀོལ་སྤྱོད་མ་ལག་གི་དྲ་ལམ་ཞིག་ལ་ཟེར།

 • VeraCrypt - རྩ་ཆེའི་གནས་ཚུལ་ཁག་བརྡ་ཚིག་བརྒྱབ་ནས་བཙན་སྲུང་བྱེད་ཡག་གི་བྱ་ཐབས་ཤིག་ལ་ཟེར།

 • Undelete Plus - ཁྱེད་ཀྱིས་གློ་བུར་དུ་ནག་སུབ་ཤོར་བའི་ཡིག་ཆ་ཁག་བསྐྱར་ལེན་བྱེད་ཡག་གི་བྱ་ཐབས་ཤིག་ལ་ཟེར།

 • Uninterruptable Power Supply (UPS) - གློག་གློ་བུར་དུ་མེད་པ་ཆགས་སྐབས་བཀོལ་སྤྱོད་བྱེད་ཡག་གི་ཡོ་ཆས་ཤིག་ལ་ཟེར།

 • VautletSuite 2 Go - བརྡ་ཚིག་བརྒྱབ་ཡོད་པའི་ཨེ་མལ་གྱི་བྱ་ཐབས་ཤིག་ལ་ཟེར།

 • Voice over IP (VoIP) - བརྡ་འཕྲིན་ཚན་ཚན་གྱི་བཀོལ་སྤྱོད་ཞིག་ཏེ་ལབ་གླེང་བརྒྱུད་མི་མཉམ་ཁ་པར་བརྒྱུད་སྐད་ཆ་བཤད་ཡག་ཡོད་པའི་བཀོལ་སྤྱོད་མ་ལག་གི་བྱ་ཐབས་ཤིག་ལ་ཟེར།

 • Whitelist - དྲ་བ་ཁ་ཤས་ཤིག་བཀོལ་སྤྱོད་བྱེད་ཡག་ཡོད་པ་དང་ཡང་ཁ་ཤས་ཤིག་རང་འགུལ་བཀག་རྒྱ་བྱས་ཡོད་པ་ཞིག་ལ་ཟེར།

 • Windows Phone: སྐར་ཁུང་རྟགས་ཅན་གྱི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གྱི་མ་ལག་བཀོལ་སྤྱོད་ལ་ཟེར།

 • Wiping - གནས་ཚུལ་ཁག་རྩ་མེད་བཟོ་ཡག་གི་བྱ་ཐབས་ཤིག་ལ་ཟེར།

 • Your-Freedom - ངོ་སྲུང་ངོ་ཚབ་ཀྱི་རིན་མེད་མཉེན་ཆས་ཤིག་ཏེ་དྲ་བ་འཚག་སེལ་བྱེད་ཡག་གི་བྱ་ཐབས་ཤིག་ལ་ཟེར། གལ་སྲིད་ཁྱེད་ཀྱི་བཀོལ་སྤྱོད་བདག་དབང་གི་བྱ་ཐབས་འདི་བེད་སྤྱོད་ཏག་ཏག་མ་བཏང་བ་ཡིན་ན་ངོ་སྲུང་ངོ་ཚབ་ཀྱི་དྲ་བ་ལ་བརྡ་ཚིག་བརྒྱབ་ནས་ཉེན་སྲུང་བྱེད་དགོས་པ་ཞིག་ལ་ཟེར། ཁྱེད་ཀྱིས་གློག་ཀླད་ཀྱི་རྨང་གཞིའི་ཤེས་བྱ་ཁག་བལྟ་ཀློག་བྱེད་དུས་གཤམ་གྱི་ཐ་སྙད་ཁག་མིག་ལམ་དུ་འཆར་གྱི་ཡོད་པས་དེ་ཚོའི་འགྲེལ་པ་ཁག་ལ་གཟིགས་ན་མཁྱེན་ངེས་ཤིག་ཡིན།