5. གནས་ཚུལ་བརླག་དོར་ཤོར་བ་ཁག་བསྐྱར་གསོ་བྱེད་སྟངས་སྐོར།

Table of Contents

...Loading Table of Contents...

    བརྡ་འཕྲིན་གྱི་གནས་ཚུལ་གསོག་འཇོག་དང་འཕོ་འགྱུར་བྱེད་ཡག་གི་ཐབས་ལམ་གསར་པ་རེ་རེ་ཐོན་པ་དང་སྦྲགས་དེ་ཚོས་ཐབས་ཚུལ་གསར་པ་རེ་ངོ་སྤྲོད་བྱེད་ཀྱི་ཡོད། དེ་ཡང་གླེང་གཞིའི་ནང་ཡོད་པའི་གནས་ཚུལ་ཁག་བརླག་དོར་དང་མིས་འཁྱེར་བ། ཡང་ན་གཏོར་བཤིག་བཏང་བ་སོགས་ཀྱི་དོན་རྐྱེན་དེ་འདྲ་ཡོང་གི་ཡོད། དེ་ཡང་སོ་སོས་ལོ་གཅིག་ལྷག་དཀའ་ལས་བརྒྱབ་པའི་ལས་ཀ་ཁག་སྐད་ཅིག་ཅིག་ལ་རྐུན་མ་ཤོར་བའམ་ཡང་ན་གློག་ཀླད་ཀྱི་མཁྲེགས་ཆས་ཁག་ལ་དོ་སྣང་མ་སྤྲད་པ། བརྡ་འཕྲིན་གྱི་གསོག་འཇོག་མ་ལག་ཁག་ཆག་སྐྱོན་ཤོར་སླ་བར་བརྟེན་གནས་ཚུལ་དེ་ཚོ་དེ་མ་ཐག་མེད་པ་ཆགས་འགྲོ་གི་ཡོད། གློག་ཀླད་ཆེད་ལས་པ་ཚོས་དུས་རྒྱུན་བཤད་ཡག་ཅིག་ལ་གལ་སྲིད་མ་འོངས་པར་ཁྱེད་རང་གི་ཡིག་ཆ་ཁག་བརླག་པ་ཡིན་ན་ཟེར་བ་དེ་ལས་ག་དུས་བརླག་དོར་བྱུང་སོང་ཞེས་པ་འདི་གལ་འགངས་ཆེ་བ་འཛིན་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། དུས་ཐོག་ཏུ་ཁྱེད་རང་གི་ཡིག་ཆ་ཁག་བསྐྱར་ལེན་དང་གསོག་འཇོག་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན། ཡིག་ཆ་གསོག་འཇོག་བྱེད་ཡག་གི་ལམ་ལུགས་དེ་ཁྱེད་རང་གི་སེམས་ནང་འཆར་བ་ནས་བཟུང་། ཉིན་དེར་ཁྱེད་ཀྱི་དེའི་ཐོག་འཇུག་ཐབས་བྱེད་རྒྱུའི་ཐབས་ཤེས་བྱེད་ཀྱི་རེད།

    ཡིག་ཆ་བསྐྱར་ལེན་གྱི་བྱ་ཐབས་ལ་གོ་རིམ་སྒྲིག་པ་དང་རྩིས་རྒྱག་དགོས་པ་སོགས་གཞི་རྩའི་ཆ་རྐྱེན་མང་པོ་ཞིག་དགོས་དུས་བལྟས་པ་ཙམ་ལས་དཀའ་ལས་ཁག་པ་ཡོད། གལ་ཆེའི་འཆར་འགོད་བྱེད་སྟངས་ལ་དཀའ་ངལ་མང་པོ་ཞེ་པོ་ཞིག་བརྒྱུད་དགོས། དེ་ཡང་ཡིག་ཆ་ངོ་མ་གསོག་འཇོག་བྱེད་དགོས་པ་མ་ཟད་བསྐྱར་ལེན་བྱེད་ས་འདྲ་མིན་སྣ་ཚོགས་དགོས་ཀྱི་ཡོད་ལ་དེ་དག་གལ་ཆེན་ཐོག་གསང་ཉར་བྱེད་དགོས། སྟབས་བདེའི་ཡིག་ཆ་འཕོ་ལེན་བྱེད་ཡག་གི་མཁོ་ཆས་བརྒྱུད་མི་འདྲ་མིན་སྣ་ཚོགས་ལ་གནས་ཚུལ་དེ་ཚོ་རྒྱུད་སྤྲོད་དང་འབྲེལ་མཐུད་ཀྱིས་གདོང་ལེན་བྱེད་དགོས་པ་ཞིག་ཡིན། དེར་བརྟེན་སློབ་ཚན་འདི་བརྒྱུད་ཡིག་ཆ་བསྐྱར་ལེན་དང་བསྐྱར་གསོ་བྱེད་ཡག་ལ་བྱ་ཐབས་གཉིས་ངོ་སྤྲོད་བྱས་ཡོད། དེ་ཡང་། , Cobian Backup དང་Recuva་ཟེར་བ་འདི་གཉིས་ཡིན།

    རྒྱབ་ལྗོངས་ཀྱི་གནས་ཚུལ།

    ཨེ་ལི་ཎ། (Elena) ནི་ཨུ་རུ་སུའི་སྐད་ཡིག་བེད་སྤྱོད་གཏོང་སའི་རྒྱལ་ཁབ་ཞིག་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་བཞིན་ཡོད། མོ་རང་གི་དྲ་རྒྱ་ཞིག་བཟོས་ཡོད། དེའི་ནང་མང་ཆེ་བ་ཁྲིམས་འགལ་ཐོག་ཤིང་ནགས་གཅོད་འབྲེག་དང་འབྲེལ་བ་ཡོད་པའི་བརྙན་པར་དང་གཟུགས་མཐོང་བརྙན་འཕྲིན། དེ་བཞིན་ས་ཁྲ་དང་སྒྲུང་གཏམ་འདྲ་མིན་སྣ་ཚོགས་འགྲེམ་སྤེལ་བྱས་ཡོད། མོ་རང་གི་ཡིག་ཆ་དང་བརྙན་པར་དེ་བཞིན་རང་བྱུང་ཁམས་ནང་ཡོང་བཞིན་པའི་ཤིང་ནགས་གཅོད་འབྲེག་གི་དོན་རྐྱེན་སོགས་ཕྱོགས་བསྡུས་བྱས་ཏེ་ལས་ཀ་བྱེད་སའི་ལས་ཁུངས་ཀྱི་གློག་ཀླད་ནང་འཇུག་སྣོན་བྱེད་ཀྱི་ཡོད། དེ་དང་འབྲེལ་བ་ཡོད་པའི་དྲ་རྒྱ་ཞིག་བཟོ་བཀོད་བྱེད་ཡག་ལ་གནས་ཚུལ་དེ་ཚོ་མེད་དུ་མི་རུང་བ་ཞིག་ཡིན་དུས། མོ་རང་གི་གློག་ཀླད་སྐྱོན་ཤོར་ཡང་དེ་ཚོ་མ་བརླག་པར་རང་ཉིད་ཀྱི་དྲ་རྒྱའི་ནང་བླུག་དགོས་དུས་གསོག་འཇོག་བྱེད་རྒྱུ་ནི་གལ་ཆེན་པོ་འཛིན་གྱི་ཡོད། མོ་རང་གི་ལས་རོགས་ཚོས་གློག་ཀླད་དེ་བེད་སྤྱོད་གཏོང་གི་ཡོད་དུས་གལ་ཆེའི་གནས་ཚུལ་དེ་ཚོ་མི་གཞན་གྱིས་མ་སུབ་པའི་སྔོན་གསོག་འཇོག་ཇི་ལྟར་བྱེད་དགོས་མིན་ཐད་ལ་བསམ་བློ་གཏོང་དགོས། མོ་རང་གི་ཚ་བོ་ཎཁོ་ལི་ལ་གློག་ཀླད་ནང་ཡོད་པའི་ཡིག་ཆ་ཁག་བསྐྱར་ལེན་ཇི་ལྟར་བྱེད་དགོས་མིན་ཐད་སྐད་ཆ་དྲིས་པ་རེད།

    སློབ་ཚན་འདི་བརྒྱུད་ཁྱེད་ཀྱིས་གང་ཤེས་སམ།

    • ཁྱེད་ཀྱི་གནས་ཚུལ་ཁག་ཇི་ལྟར་བསྐྱར་ལེན་བྱེད་ཡག་དང་གོ་སྒྲིམ་སྒྲིག་སྟངས་སྐོར།
    • བསྐྱར་ལེན་བྱེད་ཡག་གི་ཡིག་ཆ་ཁག་ག་པར་གསོག་འཇོག་བྱེད་དགོས་མིན།
    • བསྐྱར་ལེན་གྱི་བྱ་ཐབས་ལ་དོ་དམ་ཇི་ལྟར་བྱེད་དགོས་མིན།
    • འཚབ་འཚུབ་ངང་ནག་སུབ་ཤོར་བའི་ཡིག་ཆ་ཁག་ཇི་ལྟར་བསྐྱར་ལེན་བྱེད་དགོས་མིན།

    ཁྱེད་ཀྱི་གནས་ཚུལ་ཤེས་རྟོགས་དང་གོ་རིམ་སྒྲིག་སྟངས།

    གློག་ཀླད་ནང་ཡོད་པའི་གནས་ཚུལ་ཁག་མཉེན་ཆས་རྫུན་མའི་འགོག་རྐྱེན་དང་ཕྱིའི་རྐྱེན་ངན་མ་འཕྲད་པའི་ཆེད་ཁྱེད་རང་གིས་མེ་གྱང་དང་གསང་ཡིག་བཙན་པོ་བེད་སྤྱོད་བཏང་སྟེ་ཉེན་སྲུང་བྱེད་ཀྱི་ཡོད་ཀྱང་། དེ་ཚོ་ཁོ་ནས་གློག་ཀླད་བརྟན་སྲུང་བྱེད་ཐུབ་ཀྱི་མེད། གློག་ཀླད་ལ་རྐྱེན་མང་པོ་ཞེ་པོ་གཅིག་འཕྲད་ཀྱི་ཡོད་པ་ནི་དྲ་འབུའི་རྒོལ་འཛིང་དང་གློག་ཐག་ཆད་པ། གློག་གི་མེ་ཚག་ཤོར་བ། ཆུ་ཤོ་བ། རྐུན་མ་ཤོར་བ། གཞུང་བཞེས་བཏང་བ། ཁབ་ལེན་གྱིས་ནུས་པ་ཕྱིར་འཐེན་པ། གློག་ཀླད་ཀྱི་མ་ལག་གས་འཐོར་ཤོར་བ།མཁྲེགས་ཆས་ལ་དཀའ་ངལ་འཕྲད་པ་སོགས་བྱུང་གི་ཡོད། དེར་བརྟེན་གློག་ཀླད་ཀྱི་རྐྱེན་ངན་ཁག་ལ་གྲ་སྒྲིག་བྱེད་རྒྱུ་ནི་ཉེན་སྲུང་ལས་གལ་ཆེ་བ་ཡོད།

    ཨེ་ལི་ཎ། (Elena) ངས་བསྐྱར་ལེན་བྱེད་ཡག་དེ་གལ་ཆེན་པོ་ངོས་འཛིན་བྱེད་ཀྱི་ཡོད། ཎེ་ཁོ་ལི། ཡིན་ནའང་མི་གཞན་པ་ཞིག་གིས་ང་ལ་རོགས་པ་བྱས་ནས་དེ་གློག་ཀླད་ནང་ནང་བཅུག་བྱེད་དགོས་དོན་མེད། ངས་བཤད་ཡག་བྱས་ན་ང་ལ་རྒྱུ་ཆ་དང་དུས་ཚོད་དེ་བཞིན་མཁས་པའི་རྩལ་ལག་དེ་འདྲ་སྟོན་རྒྱུ་གང་ཡང་མེད།

    ན་ཁོ་ལི། (Nikolai) ཁྱེད་རང་འགྲིག་གི་རེད། བསྐྱར་ལེན་བྱེད་ཡག་གི་འཆར་གཞི་དེ་ལ་བསམ་བློ་ཞིབ་ཚགས་པོ་གཏོང་དགོས། ཡིན་ནའང་། དེར་དུས་ཚོད་དང་པད་ཤག་ཚང་མ་གཏོང་དགོས་དོན་མེད། གནས་ཚུལ་བརླག་དོར་ཤོར་བ་དང་བསྡུར་ན་དེར་ཁྱེད་རང་བློ་མ་བདེ་བ་བྱེད་དགོས་དོན་མེད། རེད་པཱ། དེ་ཙམ་མ་ཟད་གློག་ཀླད་ནང་ཡོད་པའི་ཡིག་ཆ་ཁག་བསྐྱར་ལེན་བྱེད་ཡག་ནི་གལ་ཆེན་པོ་ཡིན་དུས་སོ་སོ་རང་ཉིད་ཀྱི་དོ་དམ་བྱེད་དགོས་པ་ཞིག་ཡིན། དུས་རྒྱུན་ཁྱེད་ལ་གློག་ཀླད་བཀོལ་སྤྱོད་བྱེད་སྟངས་ཐོག་སློབ་གསོ་རྒྱག་མཁན་གྱི་མི་དེ་གློག་ཀླད་ཀྱི་བརྡ་འཕྲིན་ཤེས་བྱ་ཐོག་སྦྱང་བཤད་ཧ་ཅང་གི་ཡག་པོ་ཡོད་པ་ཞིག་དགོས་ཀྱི་ཡོད། གལ་སྲིད་མི་དེར་གློག་ཀླད་ཀྱི་ཤེས་བྱ་དེ་ཙམ་ཡག་པོ་མེད་ན་སོ་སོ་རང་ཉིད་ཀྱིས་ནང་བཅུག་དང་བཀོལ་སྤྱོད་བྱས་ན་བཟང་བ་ཡོད།

    བསྐྱར་ལེན་གྱི་བྱ་ཐབས་གོ་རིམ་བཞིན་སྒྲིག་དགོས་ན་དང་པོ་ཁྱེད་རང་གི་ཡིག་ཆ་དང་གནས་ཚུལ་ཁག་ག་པར་བཞག་ཡོད་མེད་ངེས་པར་ཤེས་དགོས། དཔེ་ཆ་བཞག་ན་ཁྱེད་རང་གི་དྲ་ཐོག་ཁ་བྱང་དང་གློག་ཀླད། ཡང་ན་དེ་གཉིས་ཀའི་ནང་གསོག་འཇོག་བྱེད་སྲིད་པ་ཞིག་ཡིན། ཡིན་དང་ཡིན། ཁྱེད་རང་ལ་དྲ་ཐོག་ཁ་བྱང་མང་པོ་ཞིག་ཡོད་ཀྱི་རེད་ལ་ཁྱིམ་དང་ལས་ཁུངས་གཉིས་ཀར་རྩ་ཆེའི་ཡིག་ཆ་ཁག་ཉར་འཚག་བྱེད་ས་གློག་ཀླད་ཀྱང་ཡོད་ཀྱི་རེད། དེར་གཏམ་གླེང་བྱེད་སའི་དེབ་དང་བབ་ཅོལ་བཤད་ས་སོགས་དོ་བདག་སོ་སོས་བཀོལ་སྤྱོད་བྱེད་ས་དེ་འདྲ་ཡོད། གནས་ཚུལ་ཁ་ཤས་ཤིག་ཡིག་ཆ་འཕོ་ལེན་བྱེད་སའི་སྟབས་བདེའི་མཁོ་ཆས་ཏེ་འོད་སྡེར་ཁག་དང་གློག་རྡུལ་མ་ལག་མཁོ་ཆས་དེ་བཞིན་བེན་ཙེ་སོགས་ནང་གསོག་འཇོག་བྱེད་ཀྱི་ཡོད། ཁྱེད་རང་གི་ལག་ཐོག་ཁ་པར་ནང་མི་སྣ་མང་པོའི་འབྲེལ་གཏུགས་ཁ་པར་ཨང་གྲངས་དང་འཕྲིན་ཐུང་སོགས་གསོག་འཇོག་བྱེད་ཀྱི་ཡོད། གལ་སྲིད་ཁྱེད་རང་ལ་དྲ་རྒྱ་ཞིག་ཡོད་ན་ལོ་མང་པོ་དཀའ་ལས་བརྒྱབ་ནས་བསགས་པའི་རྩོམ་རིགས་འདྲ་མིན་བཀོད་ནས་བཞག་གི་རེད། མཐའ་མ་འདིར་བརྡ་འཕྲིན་དང་འབྲེལ་བ་མེད་པའི་གནས་ཚུལ་ཁག་ཤོག་བུ་དང་ཟིན་བྲིས་དེབ། དེ་བཞིན་ཉིན་ཐོ་དང་ཡི་གེ་སོགས་ནང་སྣང་མེད་དུ་བཞག་རྒྱུ་མེད།

    དེ་རྗེས་ཁྱེད་རང་གི་ངོ་བཤུས་ངོ་མ་ག་རེ་ཡིན་པ་དང་ངོ་བཤུས་ག་རེ་ཡིན་མིན་འགྲེལ་བཤད་བརྒྱབ་ཐུབ་པ་དགོས། ངོ་བཤུས་ངོ་མ་ནི་ཡིག་ཆ་གཅིག་གམ་མང་པོ་དུས་ཐོག་ཏུ་འགྱུར་བཀོད་བཏང་སྟེ་བཟོས་པ་ཞིག་ཡིན་དུས་དུས་ཐོག་ཏུ་ནང་དོན་དེ་ཚོ་བཀོལ་སྤྱོད་མ་བཏང་གོང་ངེས་པར་ཞུ་དག་ཡག་པོ་གཏོང་དགོས། གསལ་པོ་ཞུ་དགོས་པ་ཞིག་ལ་དེ་པར་བཤུས་གཅིག་ལས་མེད་པའི་ཡིག་སྣོད་ལ་འཇུག་གི་མེད། ཡིན་ནའང་། གནས་ཚུལ་རིགས་ཁ་ཤས་ཤིག་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད། ཛ་དྲག་གི་དཀའ་ངལ་གཅིག་འཕྲད་ཀྱི་ཡོད་པ་ནི་གལ་ཆེའི་གནས་ཚུལ་ཡོད་པའི་ངོ་བཤུས་ཀྱི་ཡིག་སྣོད་མང་པོ་ཞིག་བསྐྱར་ལེན་གྱིས་དུས་འགྱངས་བྱེད་དུས་ངོ་བཤུས་ངོ་མ་དེ་བརླག་དོར་ཤོར་བའམ་ཡང་ན་རྩ་བ་ནས་མེད་པ་ཆགས་འགྲོ་གི་ཡོད། ཁྱེད་རང་གིས་བསམ་བློ་ཞིག་ཐོངས་དང་དཔེར་ན། གློག་རྡུལ་མ་ལག་ཡོ་ཆས་ནང་ཡོད་པའི་གནས་ཚུལ་བྱེ་བྲག་པ་གཅིག་བདུན་ཕྲག་ཅིག་ལྷག་ཁྱེད་ཀྱི་ཁ་སྐོང་བྱེད་ཀྱིན་འགྲོ་བ་ཡིན་ན་དེ་དུས་ཁྱེད་རང་གིས་པར་བཤུས་དེ་ངོ་བཤུས་ངོ་མར་བརྩིས་ཀྱི་རེད། གང་ཡིན་ཞེ་ན་དེ་དུས་ཁྱེད་རང་གི་གློག་ཀླད་རང་འགུལ་ངང་ཁ་སྐོང་བྱས་ཡོད་པ་དེ་ཕན་ཐོགས་དེ་ཙམ་ཡོང་གི་མེད།

    གོང་དུ་ར་སྤྲོད་བྱས་པའི་ངོ་བཤུས་དང་ངོ་བཤུས་ངོ་མའི་གནས་ཚུལ་དེ་ཚོ་ཁྱེད་ཀྱིས་ཡིག་ཐོག་ཏུ་ཕབ་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད། འདིས་ཁྱེད་ཀྱི་གློག་ཀླད་བསྐྱར་ལེན་གྱི་བྱ་ཐབས་ལ་གང་གིས་ཕན་ཐོགས་བྱེད་ཀྱི་ཡོད་མེད་གསལ་བཤད་བྱེད་ཐུབ་ཀྱི་ཡོད། གཤམ་དུ་དཔེར་བརྗོད་ཁ་ཤས་འགྲེལ་བརྗོད་ཞུས་ཡོད་པས་དེར་གཟིགས་ན་མཁྱེན་ཐུབ། ཡིན་དང་ཡིན། ཁྱེད་རང་གི་ཐོ་གཞུང་དེ་དེ་ཙམ་གྱིས་རིང་པོ་མེད། དེ་ཡང་གསོག་འཇོག་བྱེད་སའི་མཁོ་ཆས་ཁ་ཤས་ནང་ཡིག་ཆ་གཅིག་ལས་མང་བ་དང་ཡང་ཡིག་ཆ་ཁ་ཤས་ནང་མཁོ་ཆས་འདྲ་མིན་སྣ་ཚོགས་ཡོད།

    <table border="1"> <tbody> <tr> <th>ཡིག་ཆ།</th> <th>ངོ་མ། / ངོ་བཤུས།</th> <th>གསོག་འཇོག་བྱེད་སའི་མཁོ་ཆས།</th> <th>ས་གནས།</th> </tr> <tr> <td>བརྡ་འཕྲིན་ཡིག་ཆ།</td> <td>ངོ་མ་</td> <td>གློག་ཀླད་ཀྱི་མཁྲེགས་ཆས།</td> <td>ལས་ཁུངས།</td> </tr> <tr> <td>གལ་ཆེའི་བརྡ་འཕྲིན་ཡིག་ཆ་ཁ་ཤས།</td> <td>ངོ་བཤུས།</td> <td>གློག་རྡུལ་མ་ལག་གི་ཡོ་ཆས།</td> <td>ང་དང་མཉམ་དུ།</td> </tr> <tr> <td>གློག་ཀླད་ཀྱི་མ་ལག་ཡིག་མཛོད། (པར་རིས། , གཏམ་གླེང་དེབ།, ལོ་ཐོ།)</td> <td>ངོ་མ།</td> <td>གློག་ཀླད་ཀྱི་མཁྲེགས་ཆས།</td> <td>ལས་ཁུངས།</td> </tr> <tr> <td>བརྡ་འཕྲིན་གྱི་ཡིག་མཛོད་ཁ་ཤས།</td> <td>ངོ་བཤུས།</td> <td>འོད་སྡེར།</td> <td>ཁྱིམ།</td> </tr> <tr> <td>ཨེ་མལ་ཁ་བྱང་།</td> <td>ངོ་མ།</td> <td>ཇི་མལ་ཁ་བྱང་།</td> <td>དྲ་རྒྱ། </td> </tr> <tr> <td>ཁ་པར་ནང་གི་འབྲེལ་གཏུགས་མི་སྣར་འཕྲིན་ཐུང་བསྐུར་རྒྱུ།</td> <td>ངོ་མ།</td> <td>ལག་ཐོག་ཁ་པར།</td> <td>ང་དང་མཉམ་དུ།</td> </tr> <tr> <td>པར་བཤུས་བརྒྱབ་པའི་ཡིག་་ཆ། (ཆོད་གན། , ཟོང་ཐོ།)</td> <td>ངོ་མ།</td> <td>རྒྱ་ཅོག་གི་ཤུད་སྒམ།</td> <td>ལས་ཁུངས།</td> </tr> </tbody> </table>

    ཁྱེད་ཀྱིས་གོང་གི་རེའུ་མིག་ཁག་ལ་ བལྟས་ན་ཤེས་ཐུབ།

    • གལ་སྲིད་ཁྱེད་ཀྱི་ལས་ཁུངས་ནང་ཡོད་པའི་གློག་ཀླད་ཀྱི་མཁྲེགས་ཆས་གས་དོར་ཤོར་བ་ཡིན་ན་ཡང་ཕབ་བཤུ་བྱས་པའི་ངོ་བཤུས་ཡིག་ཆ་དེ་ཚོ་གློག་རྡུལ་མ་ལག་གི་ཡོ་ཆས་དང་ཁྱིམ་ནང་ཡོད་པའི་འོད་སྡེར་ནང་བརྟན་པོ་གནས་ཐུབ་ཀྱི་རེད།
    • ཁྱེད་ཀྱི་ཨེ་མལ་འཕྲིན་ཐུང་ཕབ་བཤུ་བྱེད་སའི་གསང་ཡིག་དེ་ཁ་བྱང་གི་དེབ་ནང་བཀོད་མེད་པའམ་ཡང་ན་དྲན་པ་བརྗེད་པ་ཡིན་ན་ཁྱེད་ལ་དེ་ཚོ་ཀློག་ཡག་རག་གི་མ་རེད།
    • ཁྱེད་རང་ལ་ལག་ཐོག་ཁ་པར་ནས་ཡིག་ཆ་ཕབ་ལེན་བྱས་པ་དེ་འདྲ་མེད།
    • ཁྱེད་ལ་གློག་ཀླད་ཀྱི་ཕྱི་ནང་གཉིས་ཀ་སྟེ་ཟོང་ཐོ་དང་ཆོད་གན་བཞག་པའི་ཡིག་ཆ་ཁག་གི་ངོ་བཤུས་དེ་ཚོ་མེད།

    ཁྱེད་རང་གི་བསྐྱར་ལེན་བྱ་ཐབས་སྐོར་འགྲེལ་བཤད་རྒྱག་པ།

    གོང་དུ་འགྲེལ་བརྗོད་ཞུས་པའི་ཡིག་ཆ་ཁག་བསྐྱར་ལེན་བྱེད་ཡག་ལ་ཁྱེད་ཀྱི་ངེས་པར་མཉེན་ཆས་དང་ཐབས་ལམ་གཉིས་ཟུང་སྦྲེལ་བྱེད་དགོས། དེར་བརྟེན་ཁྱེད་ཀྱིས་ཡིག་ཆ་སྣ་ག་རེ་རེ་བཞག་ས་མི་འདྲ་བ་གཉིས་ནང་ གསོག་འཇོག་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་ཏེ་ལག་ལེན་དོན་འཁྱོལ་བྱེད་དགོས།

    ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་བརྡ་འཕྲིན་གྱི་ཡིག་ཆ་ཁག་གཙང་མ་གཙང་ཀྱང་བསྐྱར་ལེན་བྱེད་ཐུབ་ཀྱི་ཡོད། དེའི་སྐོར་ལ་རྒྱས་པ་གཤམ་དུ་འགྲེལ་བརྗོད་ཞུས་ཡོད་པས་དེར་གཟིགས་ན་མཁྱེན་ཐུབ། Cobian Backup གློག་ཀླད་ཀྱི་ཡིག་ཆ་གསོག་འཇོག་བྱེད་སའི་ཡོ་ཆས་ནང་ཡིག་ཆ་ཁག་གསོག་འཇོག་བྱེད་ཐུབ་པ་ཡིན་ན་ཁྱེད་ཀྱི་ཁྱིམ་དང་ས་ཆ་བཙན་ས་ཁག་ལ་འཁྱེར་ཐུབ་ཀྱི་རེད། ཡིག་ཆ་ཁག་འཁྱེར་ས་ནི་གློག་ཀླད་ཀྱི་མཁྲེགས་ཆས་མ་ལག་ཏེ་འོད་སྡེར་དང་གློག་རྡུལ་མ་ལག་གི་ཡོ་ཆས་སོགས་གདམ་ག་ཡོད། མི་ཁ་ཤས་ཤིག་གི་འོད་སྡེར་གདམ་ག་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ཁྱེད་ཀྱི་བསྐྱར་ལེན་བྱས་པའི་ཡིག་ཆ་ཁག་བརླག་དོར་ཤོར་ཡག་ལ་ཉེན་ཁ་ཆུང་བ་ཡོད། ཡིག་ཆ་བསྐྱར་ལེན་བྱེད་ཡག་ལ་ཡིན་གཅིག་མིན་གཅིག་འོད་སྡེར་གསར་པ་ཉོས་ཏེ་བེད་སྤྱོད་གཏོང་དགོས་མེད་དུས་ཁྱེད་ཀྱི་འོད་སྡེར་སྟོང་པ་དེ་འདྲ་བེད་སྤྱོད་བྱས་ན་འགྲོ་སོང་ཆུང་བ་ཡོད་པས་དེ་བཀོལ་སྤྱོད་བྱས་ཀྱང་ཆོག

    གང་ཡིན་ཞེ་ན་ཡིག་ཆ་དེ་རིགས་ལ་གལ་ཆེའི་གནས་ཚུལ་མང་པོ་ཞིག་ཡོད་དུས་ངེས་པར་ཁྱེད་ཀྱི་བརྡ་ཚིག་འཕོ་འགྱུར་གྱི་བྱ་ཐབས་བེད་སྤྱད་དེ་གློག་ཀླད་ནང་ཡོད་པའི་བརྡ་འཕྲིན་གྱི་ཡིག་ཆ་ཁག་བསྐྱར་ལེན་གྱིས་ཉེན་སྲུང་བྱེད་རྒྱུ་ནི་དེ་བས་གལ་ཆེན་པོ་ཆགས་ཡོད། འདི་གང་འདྲ་སེ་བྱེད་དགོས་མིན་ནི་སློབ་ཚན་བཞི་པའི་ནང་འགྲེལ་བཤད་ཞུས་ཡོད་པའི་བརྗོད་དོན་ཁྱེད་རང་གི་གློག་ཀླད་ནང་ཡོད་པའི་གལ་ཆེའི་ཡིག་ཆ་ཁག་ཇི་ལྟར་ཉེན་སྲུང་བྱེད་དགོས་སམ དང་ TrueCrypt Guide ཞེས་པར་གཟིགས་ན་མཁྱེན་ངེས་ཡིན།

    ཁྱེད་རང་གི་ལས་འཆར་ཡིག་ཆ་ཁག་ག་པར་བཞག་དགོས་མེད་ཐག་གཅོད་བྱས་རྗེས་གློག་ཀླད་ནང་གི་ཡིག་ཆ་ནང་བཞིན་དེ་ཚོ་ཁྱེད་ཀྱི་བསྐྱར་ལེན་བྱེད་ཐུབ་ཀྱི་ཡོད།

    ཨེ་མལ་ - ཁྱེད་ཀྱི་དྲ་ཐོག་ཁ་བྱང་བཟོས་ཏེ་ཨེ་མལ་བེད་སྤྱོད་གཏོང་བ་ཙམ་མ་ཡིན་པར་Thunderbird ཞེས་པ་ཞིག་ཁྱེད་ཀྱི་ཨེ་མལ་ཁ་བྱང་ནང་ནང་བཅུག་བྱས་ཏེ་བེད་སྤྱོད་གཏོང་ཐུབ་པ་ཞིག་བཟོ་དགོས། Thunderbird སྐོར་ལ་ཞིབ་ཕྲ་དེའི་ངོ་སྤྲོད་དེབ་ནང་བཀོད་ཡོད་པས་དེར་ཁྱེད་ཀྱིས་གཟིགས་ན་མཁྱེན་ཐུབ། དེའི་སྐོར་ལ་དྲ་ལམ་ཁག་མང་ཆེ་བས་ལས་འཆར་དེ་ཚོ་གང་འདྲ་སེ་བེད་སྤྱོད་གཏོང་དགོས་མིན་གྱི་ལག་ལེན་ཤེས་བྱ་ཁག་ལམ་སྟོན་བྱས་ཡོད་ལ། ཁྱེད་ལ་དེ་གང་འདྲ་སེ་ཨེ་མལ་ཁ་བྱང་བརྒྱུད་ནང་འདྲེན་བྱེད་ཐུབ་ཀྱི་ཡོད་མེད་གསལ་བཤད་ཀྱང་བྱས་ཡོད། དེའི་སྐོར་ལ་རྒྱས་པ་གཤམ་གྱི་ཡིག་ཆ་ཁག་བལྟ་ཀློག་བྱས་ན་མཁྱེན་ཐུབ། གལ་སྲིད་ཁྱེད་ཀྱིས་བཀླགས་ཚར་བའི་ཨེ་མལ་འཕྲིན་ཐུང་གསོག་འཇོག་མ་བྱས་པ་ཁག་གློག་ཀླད་ནང་འཕོ་ལེན་བྱེད་དགོས་ན་ཁྱེད་རང་གི་ངེས་པར་གོང་དུ་འགྲེལ་བརྗོད་ཞུས་པ་ལྟར་བརྡ་འཕྲིན་གྱི་ཡིག་ཆ་བསྐྱར་ལེན་བྱེད་ས་ནང་དེ་ཚོ་ངེས་པར་ཚུད་ཐུབ་པ་དགོས།

    ལག་ཐོག་ཁ་པར་ནང་གི་ཡིག་ཆ། - ལག་ཐོག་ཁ་པར་ནང་ཡོད་པའི་ཨང་གྲངས་དང་འཕྲིན་ཐུང་ཁག་གློག་ཀླད་ནང་ནང་འཇུག་དང་བསྐྱར་ལེན་བྱེད་དགོས་ན་ལག་ཐོག་ཁ་པར་བཟོ་བསྐྲུན་བྱེད་སའི་དྲ་རྒྱར་བལྟས་ཏེ་མཉེན་ཆས་འོས་པོ་ཞིག་ཕབ་ལེན་གྱིས་ཡིག་ཆ་ཁག་འཕོ་ལེན་བྱེད་དགོས། དེ་མིན་ན་དེའི་ཆེད་དུ་ཁྱེད་ཀྱི་གློག་རྡུལ་མ་ལག་གི་ཡོ་ཆས་ཤིག་ཉོས་ཏེ་བེད་སྤྱོད་གཏོང་དགོས་པ་ཆགས་ཀྱི་རེད།

    པར་འདེབས་བྱས་པའི་ཡིག་ཆ། - ཁྱེད་རང་གི་གལ་ཆེའི་ཡིག་ཆ་ཁག་གང་ཐུབ་ཐུབ་འཚག་སེལ་བྱེད་དགོས། དེ་རྗེས་གོང་དུ་འགྲེལ་བརྗོད་ཞུས་པ་ལྟར་དེ་ཚོ་གློག་ཀླད་ནང་ཡོད་པའི་བརྡ་འཕྲིན་གྱི་ཡིག་ཆ་མཉམ་དུ་ངེས་པར་བསྐྱར་ལེན་བྱེད་དགོས།

    མཐའ་དོན་ཁྱེད་ཀྱི་གསོག་འཇོག་བྱེད་སའི་ཡིག་སྣོད་དང་ཡིག་ཆ་ཁག་རྐྱེན་ངན་གང་འདྲ་ཞིག་འཕྲད་ཀྱང་གདོང་ལེན་བྱེད་ཐུབ་པའི་བཀོད་སྒྲིག་བསྐྱར་མ་ཞིག་བྱེད་དགོས།

    <table width="100%" border="1"> <tbody> <tr> <th>ཡིག་ཆའི་དབྱེ་བ།</th> <th>ངོ་མ། / ངོ་བཤུས།</th> <th>གསོག་འཇོག་བྱེད་ས།</th> <th>འཇོག་ས།</th> </td> </tr> <tr> <td>བརྡ་འཕྲིན་གྱི་ཡིག་ཆ།</td> <td>ངོ་མ།</td> <td>གློག་ཀླད་ཀྱི་མཁྲེགས་ཆས།</td> <td>ལས་ཁུངས། </td> </tr> <tr> <td>བརྡ་འཕྲིན་གྱི་ཡིག་ཆ།</td> <td>ངོ་བཤུས།</td> <td>འོད་སྡེར་ཁག</td> <td>ཁྱིམ། </td> </tr> <tr> <td>བརྡ་འཕྲིན་གྱི་ཡིག་ཆ་གལ་ཆེན་ཁ་ཤས།</td> <td>ངོ་བཤུས།</td> <td>གློག་རྡུལ་མ་ལག་གི་ཡོ་ཆས།</td> <td>ང་དང་མཉམ་དུ། </td> </tr> </tbody> </table>

    <table width="100%" border="1"> <tbody> <tr> <th>ཡིག་ཆའི་དབྱེ་བ།</th> <th>ངོ་མ། / ངོ་བཤུས།</th> <th>གསོག་འཇོག་བྱེད་སའི་ཡོ་ཆས།</th> <th>བཞག་ས།</th> </td> </tr> <tr> <td>ལས་འཆར་ཡིག་ཆ།</td> <td>ངོ་མ།</td> <td>གློག་ཀླད་ཀྱི་མཁྲེགས་ཆས།</td> <td>ལས་ཁུངས། </td> </tr> <tr> <td>ལས་འཆར་ཡིག་ཆ།</td> <td>ངོ་བཤུས།</td> <td>འོད་སྡེར་ཁག</td> <td>ཁྱིམ། </td> </tr> </tbody> </table>

    <table width="100%" border="1"> <tbody> <tr> <th>ཡིག་ཆའི་དབྱེ་བ།</th> <th>ངོ་མ། / ངོ་བཤུས།</th> <th>གསོག་འཇོག་བྱེད་ས།</th> <th>བཞག་ས།</th> </td> </tr> <tr> <td>ཨེ་མལ་ཁ་བྱང་།</td> <td>ངོ་བཤུས།</td> <td>Gmail ཁ་བྱང་།</td> <td>དྲ་རྒྱ། </td> </tr> <tr> <td>ཨེ་མལ་ཁ་བྱང་།</td> <td>ངོ་མ།</td> <td>ལས་ཁུངས་ཀྱི་གློག་ཀླད་ནང་ (Thunderbird) བཅུག་རྒྱུ།</td> <td>ལས་ཁུངས། </td> </tr> </tbody> </table>

    <table width="100%" border="1"> <tbody> <tr> <th>ཡིག་ཆའི་དབྱེ་བ།</th> <th>ངོ་མ། / ངོ་བཤུས།</th> <th>ཡིག་ཆ་གསོག་འཇོག་བྱེད་ས།</th> <th>བཞག་ས།</th> </td> </tr> <tr> <td>ལག་ཐོག་ཁ་པར་ནང་གི་འབྲེལ་གཏུགས་མི་སྣ་དང་འཕྲིན་ཐུང་།</td> <td>ངོ་མ།</td> <td>ལག་ཐོག་ཁ་པར།</td> <td>ང་དང་མཉམ་དུ། </td> </tr> <tr> <td>ལག་ཐོག་ཁ་པར་ནང་གི་འབྲེལ་གཏུགས་མི་སྣ་དང་འཕྲིན་ཐུང་།</td> <td>ངོ་བཤུས།</td> <td>གློག་ཀླད་ཀྱི་མཁྲེགས་ཆས།</td> <td>ལས་ཁུངས། </td> </tr> <tr> <td>ལག་ཐོག་ཁ་པར་ནང་གི་འབྲེལ་གཏུགས་མི་སྣ་དང་འཕྲིན་ཐུང་།</td> <td>ངོ་བཤུས།</td> <td>བསྐྱར་ལེན་བྱང་བུ།</td> <td>ཁྱིམ། </td> </tr> </tbody> </table>

    <table width="100%" border="1"> <tbody> <tr> <th>ཡིག་ཆའི་དབྱེ་བ།</th> <th>ངོ་མ། / ངོ་བཤུས།</th> <th>ཡིག་ཆ་གསོག་འཇོག་བྱེད་ས།</th> <th>བཞག་ས།</th> </td> </tr> <tr> <td>པར་འདེབས་ཡིག་ཆ་ཁག</td> <td>ངོ་མ།</td> <td>སྒྲོག་ཙེའི་ཤུད་ཅོག</td> <td>ལས་ཁུངས། </td> </tr> <tr> <td>འཚག་སེལ་བྱས་པའི་ཡིག་ཆ་ཁག</td> <td>ངོ་བཤུས།</td> <td>འོད་སྡེར་ཁག</td> <td>ཁྱིམ་ལ། </td> </tr> </tbody> </table>

    ཨེ་ལི་ཎ། ངས་ཧ་གོ་ཡག་ལ་མི་མང་པོས་ཇི་མལ་དྲ་རྒྱའི་ཁ་བྱང་ནང་གལ་ཆེའི་གནས་ཚུལ་མང་པོ་ཞིག་སོ་སོའི་ཁ་བྱང་བརྒྱུད་འཕྲིན་ཐུང་ཁག་མཐུད་སྦྲེལ་བྱས་ཏེ་གསོག་འཇོག་བྱེད་ཀྱི་ཡོད། དེར་བརྟེན་དེ་ངའི་ཡིག་ཆ་གསོག་འཇོག་བྱེད་ས་གཉིས་པ་ངོས་འཛིན་བྱས་ན་འགྲིག་གི་རེད་དམ།

    ནེ་ཀོ་ལི། གལ་སྲིད་ཁྱེད་ཀྱི་གལ་ཆེའི་ཡིག་ཆ་གཅིག་གམ་གཉིས་བརླག་དོར་ཤོར་བ་ཡིན་ན་དེས་བསྐྱར་ལེན་བྱེད་ཡག་ལ་ཕན་ཐོགས་ཀྱི་ཡོད། ཡིན་ནའང་དེ་དེ་ཙམ་གྱིས་སྟབས་བདེ་པོ་དེ་འདྲ་མེད། དྲང་པོ་བཤད་པ་ཡིན་ན་བདུན་ཕྲག་ཅིག་ནང་ཁྱེད་ཀྱི་ཡིག་ཆ་དེ་ཚོ་ཐེངས་ག་ཚོད་བསྐྱར་ལེན་བྱེད་རྩིས་ཡོད་དམ། དེ་དང་ཕྱོགས་མཚུངས་གལ་སྲིད་ཁྱེད་ཀྱི་ཨེ་མལ་གྱི་ཡི་གེ་ཁག་ལ་མི་གཞན་གྱིས་བྱ་ར་བྱེད་ཀྱི་ཡོད་རེད་བསམ་པའི་སེམས་འཚབ་སྐྱེ་གི་ཡོད་ན། མཐུད་འབྲེལ་བྱས་པའི་འཕྲིན་ཐུང་ཁག་ཇི་ལྟར་བརྟན་སྲུང་བྱེད་མིན་ཐད་ལ་ངེས་པར་བསམ་གཞིགས་བྱེད་དགོས། ཁྱེད་རང་ཇི་མལ་དྲ་རྒྱའི་ནང་བརྟན་པོའི་ངང་བཞུགས་མ་ཐུབ་ན་ཁྱེད་ཀྱི་གལ་ཆེའི་གནས་ཚུལ་ཁག་མི་གཞན་ལ་དངུལ་གྱི་ཤིང་སྡེར་ནང་སྤྲད་པ་དང་གཅིག་མཚུངས་ཆགས་ཀྱི་རེད། ཇི་མལ་ལ་ (Truecrypt volumes) དང་ (KeePass) ནང་ཡོད་པའི་ཡིག་ཆ་ཁག་བསྐྱར་ལེན་དང་བརྟན་སྲུང་བྱེད་ཡག་ལ་ངེས་པར་ (HTTPS) དྲ་འབྲེལ་མཐུད་དེ་བཀོལ་སྤྱོད་བྱེད་དགོས། གང་ཡིན་ཞེ་ན། དེ་ཚོ་བརྡ་ཚིག་འཕོ་འགྱུར་བྱས་ཡོད། ཡིན་ནའང་། ངས་དེ་བློས་བཀལ་ཐུབ་པའི་བསྐྱར་ལེན་གྱི་བྱ་ཐབས་ཤིག་རེད་ཅེས་ཁ་ཚོན་ཆོད་ནས་བཤད་རྒྱུ་དཀའ་ལས་ཁག་པོ་རེད།

    བརྡ་འཕྲིན་བསྐྱར་ལེན་བྱེད་སྟངས།

    ད་ལྟ་འགྲེལ་བརྗོད་ཞུས་པ་ཁག་ནི་མི་མང་པོས་སེམས་ཁྲལ་ཆེ་ཤོས་བྱེད་སའི་བརྡ་འཕྲིན་གྱི་ཡིག་ཆ་ཁག་བསྐྱར་ལེན་ཇི་ལྟར་བྱེད་མིན་ཐད་ཀྱི་ཤེས་བྱ་དག་ཡིན། ཐ་སྙད་དེ་གསལ་ཁ་མེད་པ་ཞིག་ཡིན་ཀྱང་ཡིག་ཆ་བྱེ་བྲག་པ་གཅིག་གི་སྤྱོད་དེབ་བེད་སྤྱོད་བཏང་ན་ཁ་ཕྱེ་ཐུབ་པ་དང་ཡང་ན་ལག་པས་ཡིག་ཆ་དེར་ཐེངས་མ་གཉིས་བསྣུན་པ་ཡིན་ན་དེ་མ་ཐག་ཁ་ཕྱེ་ཐུབ་ཀྱི་ཡོད། དེ་ཚོའི་ནང་མ་དཔེའི་ཡིག་སྣོད་དང་མིང་ཚིག་ལས་སྣོན་བྱེད་སྟངས་ཀྱི་ཡིག་ཆ། དེ་བཞིན་བསྒྲགས་གཏམ་སྤེལ་ཡག་གི་ཡིག་ཆ་དང་ (PDF's) སོགས་དཔེ་མཚོན་དུ་མ་ཡོད། དཔེར་ན།ཨེ་མལ་གྱི་འཕྲིན་ཐུང་དང་མི་འདྲ་བ་བརྡ་འཕྲིན་གྱི་ཡིག་ཆ་ཁག་ནི་དུས་གཅིག་ཏུ་དྲ་རྒྱ་བརྒྱུད་ཕབ་བཤུ་བྱེད་ཐུབ་ཀྱི་མེད།

    དེར་བརྟེན་ཁྱེད་ཀྱི་བརྡ་འཕྲིན་གྱི་ཡིག་ཆ་ཁག་བསྐྱར་ལེན་བྱེད་དགོས་ན་ལས་འཆར་གི་ཡིག་ཆ་ཁག་ངེས་པར་བསྐྱར་ལེན་བྱེད་དགོས་པ་དྲན་དགོས། དཔེར་ན། གལ་སྲིད་ཁྱེད་ཀྱི་ལོ་ཐོ་འཇུག་ཚུལ་དང་ཡང་ན་གློག་གི་ཁ་བྱང་དེབ་བེད་སྤྱོད་ཇི་ལྟར་གཏོང་དགོས་མིན་སྐོར་ཤེས་དགོས་ན་དང་པོ་ཡིག་སྣོད་གང་གི་ནང་ལས་འཆར་དེ་ཚོ་གསོག་འཇོག་བྱས་ཡོད་མེད་དེ་ཤེས་དགོས། རེ་བ་ལ་ཁྱེད་ཀྱི་ཡིག་ཆ་དེ་ཚོ་བརྡ་འཕྲིན་གྱི་ཡིག་ཆ་འཇོག་ས་དང་གཅིག་མཚུངས་གློག་ཀླད་ནང་ཡོད་པའི་ངའི་ཡིག་ཆ་ཞེས་པའི་ཡིག་སྣོད་དེར་ཉར་འཚག་བྱེད་དགོས། གལ་སྲིད་ཁྱེད་ཀྱི་དེ་བྱེད་མ་ཐུབ་པ་ཡིན་ན་དུས་རྒྱུན་ཡིག་ཆ་བསྐྱར་ལེན་བྱེད་སའི་ཡིག་སྣོད་རན་པོ་ཞིག་ཁ་སྣོན་བྱེད་དགོས།

    Thunderbird བྱ་ཐབས་བརྒྱུད་ཨེ་མལ་གསོག་འཇོག་བྱས་པ་ཁག་ནི་ལས་འཆར་ཡིག་སྣོད་ཀྱི་དམིགས་བསལ་དཔེ་མཚོན་ཙམ་ཞིག་ཡིན། གལ་སྲིད་ཁྱེད་ཀྱི་ཨེ་མལ་ལས་གཞི་བརྒྱུད་དྲ་རྒྱའི་ཁ་བྱང་ནང་ཡོད་པའི་འཕྲིན་ཐུང་ཁག་གསོག་འཇོག་བྱེད་ཡག་གི་འདོད་པ་མ་སླེབས་པ་ཡིན་ན་དུས་རྒྱུན་ཁྱེད་ཀྱི་ཡིག་ཆ་བསྐྱར་ལེན་བྱེད་ས་དེའི་ནང་ངེས་པར་ཨེ་མལ་དེ་ཚུད་ཐུབ་པ་བྱེད་དགོས། ཁྱེད་ཀྱི་པར་རིས་དང་བརྙན་པར་གྱི་ཡིག་སྣོད་ཁག་བརྡ་འཕྲིན་གྱི་ཡིག་སྣོད་ཡིན་པ་ཆ་འཇོག་བྱེད་པའམ་ཡང་ན་དེ་ཚོ་ལྟོས་གྲུབ་ལ་བརྟེན་ལས་འཆར་ཡིག་སྣོད་ཀྱི་ནང་ཚན་ཞིག་ཡིན་པ་བསམ་ཞིབ་བྱེད་སྲིད་པ་ཞིག་ཡིན། དཔེར་ན་ (Windows Media player) དང་ (iTunes) གཉིས་ཀྱི་བྱ་ཐབས་ནི་ལས་འཆར་གྱི་ཡིག་ཆ་ནང་བཞིན་ལས་ཀ་བྱེད་ཀྱི་ཡོད། གལ་སྲིད་ཁྱེད་ཀྱི་ལས་འཆར་དེ་ལྟ་བུ་བེད་སྤྱོད་གཏོང་དགོས་ན་ངེས་པར་གློག་ཀླད་ཀྱི་མཁྲེགས་ཆས་བརྒྱུད་ཡིག་ཆ་ཁག་ཤེས་རྟོགས་དང་འཚོལ་ཞིབ་བྱས་ན་དེ་ཚོས་དོ་དམ་བྱེད་ཡག་དང་གསོག་འཇོག་ལ་ཕན་ཐོགས་ཀྱི་ཡོད།

    ཡིག་ཆ་གསོག་འཇོག་བྱེད་ས།

    ཁྱེད་ཀྱི་བརྡ་འཕྲིན་ཡིག་ཆ་ཁག་བསྐྱར་ལེན་མ་བྱས་གོང་ངེས་པར་གསོག་འཇོག་བྱེད་ས་ག་རེ་བེད་སྤྱོད་གཏོང་གི་ཡིན་མིན་ཐག་གཅོད་བྱེད་དགོས།

    གློག་རྡུལ་མ་ལག - གློག་རྡུལ་མ་ལག་གི་མཁོ་ཆས་སམ་ཡང་ན་མཐེབ་སྨྱུག་ནི་རིན་གོང་ཧ་ཅང་ཆུང་ལ་ཤོང་ཚད་མང་པོ་ཡོད་པའི་གློག་ཀླད་ཀྱི་མཁྲེགས་ཆས་ཤིག་ཡིན།དེ་ཚོ་སྟབས་བདེའི་ངང་སུབ་ཐུབ་པ་མ་ཟད་བེད་སྤྱོད་ཀྱང་ཐེངས་མང་གཏོང་ཐུབ་ཀྱི་ཡོད། གློག་རྡུལ་མ་ལག་གི་མཁོ་ཆས་སམ་ཡང་ན་མཐེབ་སྨྱུག་གི་དུས་ཡུན་གང་འདྲ་སྡོད་ཀྱི་ཡོད་མེད་ནི་དེ་བེད་སྤྱོད་གང་འདྲ་སེ་བྱས་ཡོད་མིན་ལ་རག་ལུས་ཡོད། ཡིན་ནའང་། ཚོད་དཔག་བྱས་ན་དུས་ཡུན་ལོ་བཅུ་ཙམ་ལས་བེད་སྤྱོད་ཐུག་གི་མེད།

    འོད་སྡེར། - འོད་སྡེར་ནང་ཡིག་ཆ་ཨེམ་བི་ (MB) བདུན་བརྒྱ་ཙམ་གསོག་འཇོག་བྱེད་ཐུབ་ཀྱི་ཡོད། ཁྱེད་རང་གི་འོད་སྡེར་ནང་ཡོད་པའི་ཡིག་ཆ་ཁག་བསྐྱར་ལེན་བྱེད་ཐུབ་ཡག་ལ་ངེས་པར་འོད་སྡེར་མེ་ཁུང་དང་འོད་སྡེར་སྟོང་པ་དེ་འདྲ་དགོས། གལ་སྲིད་ཁྱེད་ཀྱི་འོད་སྡེར་ནང་ཡོད་པའི་ཡིག་ཆ་ཁག་སུབ་པ་དང་ཡང་ན་དེའི་ནང་གསོག་འཇོག་བྱས་ཡོད་པའི་ཡིག་ཆ་ཁག་ཁ་སྐོང་བྱེད་དགོས་ན་བསྐྱར་དུ་བེད་སྤྱོད་གཏོང་ཡག་ཡོད་པའི་འོད་སྡེར་དང་མེ་ཁུང་འོད་སྡེར་གཉིས་ངེས་པར་ཁྱེད་ལ་དགོས་ཀྱི་ཡོད། གློག་ཀླད་ཀྱི་བཀོལ་སྤྱོད་མ་ལག་ཆེ་ཁག་ (Windows XP) ལ་སོགས་ནང་འོད་སྡེར་བེད་སྤྱོད་བྱེད་ཆོག་པའི་མཉེན་ཆས་ནང་འཇུག་བྱས་ཡོད། ཁྱེད་ཀྱི་འོད་སྡེར་ནང་བླུག་པའི་གནས་ཚུལ་ཁག་ལོ་ལྔ་དང་བཅུའི་ནང་ཚུད་ནང་ཉམས་རྒུད་འགྲོ་གི་ཡོད་པ་ཤེས་དགོས། གལ་སྲིད་ཁྱེད་ཀྱིས་བསྐྱར་ལེན་བྱས་པའི་ཡིག་ཆ་དེ་དུས་ཚོད་གང་ཙམ་ཞིག་གསོག་འཇོག་བྱེད་དགོས་ཡོད་ན་དུས་དུས་སུ་འོད་སྡེར་ཁག་བེད་སྤྱོད་བྱེད་དགོས་ལ་དུས་ཡུན་རིང་པོ་བེད་སྤྱོད་གཏོང་རྒྱུ་ཡོད་པའི་འོད་སྡེར་ཉོས་ཏེ་བཀོལ་སྤྱོད་བྱེད་དགོས་དེ་མིན་ན་ཡིག་ཆ་བསྐྱར་ལེན་བྱེད་ཡག་གི་ཐབས་ལམ་གཞན་པ་བེད་སྤྱོད་གཏོང་དགོས།

    བརྙན་ཆས་འོད་སྡེར་ - བརྙན་ཆས་འོད་སྡེར་ནང་ཇི་བི་ (GB) བཞི་དང་ཚེག་བདུན་གསོག་འཇོག་བྱེད་ཐུབ་ཀྱི་ཡོད། དེས་འོད་སྡེར་ནང་བཞིན་ལས་ཀ་བྱེད་ཀྱི་ཡོད་ཀྱང་དེའི་ནང་མཁོ་ཆས་རིན་གོང་ཆེ་ཙམ་དགོས་ཀྱི་ཡོད། དེཡང་ཁྱེད་རང་ལ་བརྙན་ཆས་འོད་སྡེར་མེ་ཁུང་དང་བེན་ཙེ་རན་པོ་ཞིག་དགོས་ཀྱི་ཡོད། གང་ཡིན་ཞེ་ན། ཁྱེད་རང་གི་བརྙན་ཆས་འོད་སྡེར་དེ་དཀྱུས་མ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་ན་དེའི་ནང་ཡོད་པའི་བརྙན་པར་དང་ཡིག་ཆ་ཁག་འོད་སྡེར་དང་མཉམ་དུ་མེད་པ་ཆགས་འགྲོ་གི་རེད།

    བསྐྱར་ལེན་གྱི་དྲ་ལམ། - རྒྱང་བཀོལ་དྲ་ལམ་ནི་ཤོང་ཚད་དེ་ཙམ་མེད་པའི་བསྐྱར་ལེན་གྱི་དྲ་ལམ་ཡག་ཤོས་ཤིག་ཆགས་ཀྱི་ཡོད་ཀྱང་དེ་དོན་དམ་གྱི་གདམ་ག་ཡོང་མིན་ནི་ཁྱེད་ཀྱི་དྲ་ལམ་གྱི་མྱུར་ཚད་དང་སྲ་བརྟན་གང་འདྲ་ཡོད་མིན་ལ་རགས་ལུས་ཡོད། ཁྱེད་རང་གིས་བསྐྱར་ལེན་གྱི་དྲ་ལམ་དེ་ཁྱེད་ཀྱི་ལས་ཁུངས་ནང་བཀོལ་སྤྱོད་བྱས་པ་ཡིན་ན་གནས་ཚུལ་ཕབ་བཤུ་བྱེད་ཡག་དེ་དྲ་ཐོག་ལས་མྱུར་བ་ཡོད་ལ། དེ་བཞག་ས་མི་འདྲ་བ་གཉིས་ནང་གལ་ཆེའི་གནས་ཚུལ་དེ་ཚོ་གསོག་འཇོག་བྱེད་དགོས་ཐུག་གི་མ་རེད། ཁྱེད་ཀྱི་ཡིག་ཆ་དྲ་ཐོག་ནང་རིན་མེད་ཐོག་གསོག་འཇོག་བྱེད་ས་ཁ་ཤས་ཤིག་ཡོད། ཡིན་ནའང་། དེ་ཚོ་དྲ་ཐོག་ནང་ནང་འཇུག་མ་བྱས་པའི་སྔོན་ངེས་པར་གཟབ་གཟབ་བྱེད་དགོས། དེ་ཙམ་མ་ཟད་ཁྱེད་རང་གི་མཁྱེན་རྟོགས་དང་ཡིད་ཆེས་མེད་པའི་ཚོགས་པ་དང་མི་སྒེར་གྱི་བདག་དབང་ཡོད་པའི་དྲ་རྒྱ་ཁག་ནང་ཡིག་ཆ་ནང་བཅུག་མ་བྱས་གོང་ངེས་པར་བསྐྱར་ལེན་དེར་བརྡ་ཚིག་བཟོ་དགོས། དེ་ཚོའི་སྐོར་ལ་དཔེར་བརྗོད་ཁ་ཤས་ཤིག་སློབ་ཚན་ལྔ་པའི་ལྔ་པར་བཀོད་ཡོད་པས་དེར་ཁྱེད་ཀྱིས་གཟིགས་ན་མཁྱེན་ཐུབ།

    བསྐྱར་ལེན་མཉེན་ཆས།

    (Cobian) བསྐྱར་ལེན་གྱི་བྱ་ཐབས་ནི་བེད་སྤྱོད་བྱེད་མཁན་ཚོར་བཀོལ་སྤྱོད་བདེ་པོ་ཡོད་པ་མ་ཟད་ཡིག་ཆ་བསྐྱར་ལེན་ཐེངས་མ་གཅིག་བྱས་རྗེས་དུས་ཐོག་ཏུ་རང་འགུལ་ངང་ལས་ཀ་བྱེད་མཁན་ཞིག་ཀྱང་ཡིན། བསྐྱར་ལེན་གྱི་བྱ་ཐབས་དེ་སྤྱད་ན་ཡིག་ཆ་ཁག་ཉུང་དུའང་གཏོང་ཐུབ་ཀྱི་ཡོད།

    Hands-on: Get started with the Cobian Backup Guide

    TrueCrypt ཞེས་པ་ལ་སོགས་པའི་བྱ་ཐབས་སྤྱད་དེ་བསྐྱར་ལེན་བྱེད་ཡག་གི་ཡིག་ཆ་ཁག་ལ་བརྡ་ཚིག་བཟོ་ཐུབ་པ་བྱེད་དགོས། དེའི་སྐོར་ལ་ཞིབ་ཕྲ་སློབ་ཚན་བཞི་པའི་བཞི་པ་སྟེ་ཁྱེད་རང་གི་ཀློག་ཀླད་ནང་ཡོད་པའི་གལ་ཆེའི་ཡིག་ཆ་ཁག་ཇི་ལྟར་ཉེན་སྲུང་བྱེད་དགོས་སམཞེས་པ་དེར་གཟིགས་ན་མཁྱེན་ཐུབ།

    Hands-on: Get started with the TrueCrypt - Secure File Storage Guide

    <p>

    བསྐྱར་ལེན་གྱི་བྱ་ཐབས་དེ་བེད་སྤྱོད་ཡག་པོ་ཞིག་ཡོང་ཡག་ལ་ཆ་རྐྱེན་ཁ་ཤས་ཤིག་ཚང་དགོས་པས་གཤམ་དུ་གཟིགས་ན་མཁྱེན་ཐུབ།

    • ཁྱེད་རང་གི་གློག་ཀླད་ནང་ཡོད་པའི་ཡིག་ཆ་ཁག་གོ་རིམ་བཞིན་སྒྲིག་དགོས་ལ་བརྡ་འཕྲིན་གྱི་ཡིག་སྣོད་ནང་ཡོད་པའི་ཡིག་ཆ་ཁག་འདོད་པ་གཞིར་བཟུང་འཇོག་ས་ཤིག་ལ་འཕོ་ལེན་བྱེད་ཡག་ཡིན་པ་དེ་ལག་ལེན་བསྟར་ཐུབ་པ་བྱེད་དགོས། དཔེར་ན། ངའི་ཡིག་སྣོད་ཞེས་པ་ལྟ་བུའོ།
    • གལ་སྲིད་ཁྱེད་ཀྱི་ལག་བསྟར་ཡིག་སྣོད་ནང་ཡིག་ཆ་གསོག་འཇོག་བྱེད་ས་ཡོད་པ་དེ་བེད་སྤྱོད་གཏང་བ་ཡིན་ན་དང་པོ་ཁྱེད་རང་གི་ཡིག་ཆ་དེ་ག་པར་འཇོག་མིན་ཐད་ཐག་གཅོད་ངེས་པར་བྱེད་དགོས། གལ་སྲིད་དེ་སྟབས་བདེ་པོ་མེད་པ་ཡིན་ན་གློག་ཀླད་ཀྱི་མ་ལག་བྱ་ཐབས་ཀྱི་ཡིག་ཆ་དེ་འཇོག་ས་གསར་པ་ཞིག་ལ་འཇོག་ཐུབ་མིན་བལྟ་དགོས། དེ་འགྲིག་གི་ཡོད་ན་ཁྱེད་ཀྱི་བརྡ་འཕྲིན་ཡིག་སྣོད་དང་མཉམ་དུ་དེ་ནང་བཅུག་བྱེད་དགོས།
    • ཡིག་ཆ་བསྐྱར་ལེན་གྱི་བྱ་ཐབས་དེ་དུས་ཐོག་ཏུ་ལས་ཀ་བྱེད་ཐུབ་པ་ཞིག་བཟོ་དགོས།
    • བསྐྱར་ལེན་གྱི་བྱ་ཐབས་ཚད་འཕེར་མེད་པའི་ཁྱེད་ཀྱི་ལས་ཁུངས་ནང་གི་ལས་བྱེད་ཚོར་འགྲོ་ལུགས་དེ་བཀོལ་སྤྱོད་བྱེད་ཐུབ་པ་བཟོ་དགོས། ཁྱེད་རང་གི་ལས་རོགས་ཚོར་དེ་གལ་ཆེན་པོ་ཡིན་པ་ཧ་གོ་ཐུབ་པ་བྱེད་དགོས།
    • བསྐྱར་ལེན་གྱི་བྱ་ཐབས་ནས་ཡིག་ཆ་ཁག་སླར་གསོ་བྱེད་ཐུབ་པ་བྱེད་དགོས། དེ་སླར་གསོའི་བྱ་ཐབསཤིག་ཡིན་པ་མ་གཏོགས་བསྐྱར་ལེན་གྱི་བྱ་ཐབས་ཤིག་མིན་དུས་ཁྱེད་ཀྱི་ངེས་པར་གཟབ་གཟབ་བྱེད་དགོས།

    ཨེ་ལི་མ། འགྲིག་སོང་། ང་ལས་ཀ་བྱེད་དུས་ངས་བརྡ་ཚིག་འཕོ་ལེན་གྱི་བསྐྱར་ལེན་བྱས་ཏེ་འོད་སྡེར་ནང་བླུག་པ་ཡིན། (Cobian) གིས་ཉིན་མ་ཁ་ཤས་ཤིག་ནང་དེ་ཁ་སྐོང་བྱེད་ཀྱི་རེད། ང་ལས་ཀ་བྱེད་སའི་སྒྲོག་ཙེའི་ནང་ཅ་ལག་བླུག་ས་ཡོད་དུས་བསྐྱར་ལེན་བྱས་པའི་ཡིག་ཆ་ཁག་འོད་སྡེར་ནང་བླུག་སྟེ་སྒོ་ལྕགས་བརྒྱབ་པ་ཡིན་ན་བརླག་དོར་དང་ཆག་སྐྱོན་ཤོར་གྱི་མ་རེད།

    ནེ་ཁོ་ལི། གལ་སྲིད་ཁྱེད་ཀྱི་ལས་ཁུངས་དང་གློག་ཀླད། དེ་བཞིན་སྒྲོག་ཙེ་དང་ཡིག་ཆ་བསྐྱར་ལེན་བྱེད་སའི་འོད་སྡེར་ལ་སོགས་མེ་ཤོར་ཏེ་འཚིག་པའམ་ཡང་ན་དྲ་རྒྱ་དེ་རང་བྱུང་གི་གནོད་འཚེའི་དབང་གིས་གཏོར་སྐྱོན་ཤོར་བའམ་ཡང་ན་གཞུང་གི་མེད་པ་བཟོས་བ། མིས་བཙན་རྒོལ་བྱས་པ་སོགས་ཅི་བྱ་གཏོལ་མེད་དུ་འགྱུར་བ་ཡིན་ན་ཁྱེད་ཀྱི་གང་བྱེད་ཐུབ་བམ། ངའི་དོགས་པ་ལ་ཁྱེད་ཀྱིས་སྒོ་ལྕགས་བརྒྱབ་ཡོད་པའི་སྒྲོག་ཙེ་དེས་ཉེན་རྟོག་པས་འོད་སྡེར་དེ་ཚོ་གཞུང་བཞེས་གཏོང་ཡག་ཀྱང་སྔོན་འགོག་བྱེད་ཐུབ་ཀྱི་མ་རེད་བསམ་གྱི་འདུག དེར་བརྟེན་དེ་ཚོ་གྲོགས་པོ་ཚོར་གསོག་འཇོག་ཡག་པོ་བྱེད་རོགས་ཞེས་སྐུལ་མ་བྱེད་པ་ལས་ནང་ལ་ཉར་ནས་ཅི་བྱེད།

    གློ་བུར་དུ་ཡིག་ཆ་འབྲི་སུབ་ཤོར་བ་ཁག་བསྐྱར་གསོ་བྱེད་སྟངས།

    ཁྱེད་རང་གི་གློག་ཀླད་ཀྱི་ངོ་གདོང་སྟེང་ཡོད་པའི་ཡིག་ཆ་ཞིག་སུབ་པ་ཡིན་ན་དེ་མཐོང་སར་མེད་པ་འགྱུར་ནའང་ནང་དོན་དེ་གློག་ཀླད་ནང་ལྷག་གི་རེད། དེར་བརྟེན་ཁྱེད་རང་གི་གློག་ཀླད་ནང་ཡོད་པའི་ཡིག་ཆ་བླུག་སའི་གད་སྣོད་དེ་གཙང་མ་བཟོས་པ་ཡིན་ནའང་སུབ་ཚར་བའི་ཡིག་ཆ་དེ་གློག་ཀླད་ཀྱི་མཁྲེགས་ཆས་ནང་འཚོལ་རྙེད་ཐུབ་ཀྱི་རེད། དེའི་སྐོར་ལ་ཁྱེད་ཀྱི་ཞིབ་ཕྲ་ཤེས་འདོད་ཡོད་ན་སློབ་ཚན་དྲུག་པའི་ནང་ཡོད་པའི་བརྗོད་དོན་ཇི་ལྟར་གལ་ཆེའི་ཡིག་ཆ་ཁག་གཏོར་བཤིག་གཏོང་དགོས་སམ་ཞེས་པ་དེར་གཟིགས་ན་མཁྱེན་ཐུབ། ཁྱེད་ཀྱི་སྐབས་རེ་གློ་བུར་དུ་རྐྱེན་ངན་འཕྲད་དེ་གལ་ཆེའི་ཡིག་ཆའམ་ཡིག་སྣོད་ཁག་སུབ་པ་ཡིན་ན་ཉེན་སྲུང་འདིས་སྟབས་བདེ་པོའི་ཐོག་ནས་ཡིག་སྣོད་དེ་ཚོ་བསྐྱར་གསོ་ཐུབ་ཡག་ལ་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད། Recuva ལ་སོགས་པའི་གློག་ཀླད་ཀྱི་མ་ལག་མཉེན་ཆས་ཀྱིས་ཉེ་ཆར་སུབ་ཚར་བའི་ཡིག་ཆ་ཁག་བསྐྱར་གསོ་བྱེེད་ཐུབ་ཀྱི་ཡོད།

    Hands-on: Get started with the Recuva - File Recovery Guide

    བྱ་ཐབས་འདི་ཚོ་རྟག་པར་ལས་ཀ་བྱེད་ཀྱི་མེད། གང་ཡིན་ཞེ་ན་ཁྱེད་རང་གིས་སུབ་པའི་གནས་ཚུལ་དེའི་སྟེང་གློག་ཀླད་ཀྱི་གནས་ཚུལ་གཞན་ཞིག་བསྐྱར་ལེན་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་། ཁྱེད་ཀྱི་ Recuva བྱ་ཐབས་བརྒྱུད་ཡིག་ཆ་སུབ་ཡག་དང་བསྐྱར་གསོ་བྱེད་སྟངས་གཉིས་ཐོག་བསམ་བློ་མང་ཙམ་བཏང་སྟེ་ལས་ཀ་བྱེད་དགོས། ཁྱེད་ཀྱི་གློག་ཀླད་ནང་ཡིག་ཆ་བསྐྱར་གསོ་མ་བྱས་སྔོན་དེ་ག་ཚོད་ཀྱིས་བེད་སྤྱོད་བྱས་ཀྱང་དེ་སྲིད་དུ་ལམ་ལྷོང་ཡོང་ཡག་ལ་དཀའ་ལས་ཁག་པ་ཡོད། དེས་ག་རེ་གསལ་བཤད་བྱེད་ཀྱི་ཡོད་རེད་ལབ་ན་གལ་ཆེའི་ཡིག་ཆ་ཁག་མ་སུབ་པའི་གོང་ (Recuva) ནང་འཇུག་མ་བྱས་པར་དེའི སྤྱོད་བདེའི་མཁོ་ཆས་དེ་ངེས་པར་བེད་སྤྱོད་གཏོང་དགོས་པ་གསལ་སྟོན་བྱས་ཡོད། མཉེན་ཆས་ཤིག་ཕབ་ལེན་བྱེད་ཡག་ལ་ཡིག་སྣོད་ཀྱི་མ་ལག་ནང་གནས་ཚུལ་གསར་པ་ཞིག་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད། གང་ཡིན་ཞེ་ན་ཁྱེད་ཀྱི་གལ་ཆེའི་ཡིག་ཆ་བསྐྱར་གསོ་བྱེད་སྐབས་གློ་བུར་དུ་དེ་ཡང་བསྐྱར་བསྐྱར་གསོ་ཐོད་པ་བྱེད་སྲིད་པ་ཞིག་ཡིན།

    སློབ་ཚན་འདིའི་ནང་འགྲེལ་བརྗོད་བྱས་པའི་བྱ་ཐབས་འདི་ལག་ལེན་དོན་འཁྱོལ་ཡོང་ཡག་ལ་ལས་ཀ་མང་པོ་ཞིག་བྱེད་དགོས་རེད་བསམ་གྱི་འདུག ཁྱེད་རང་གི་མདུན་དུ་གློག་ཀླད་ཡོད་པ་ཡིན་ན་ཐེངས་དང་པོའི་བསྐྱར་ལེན་གྱི་བྱ་ཐབས་དེ་སྟབས་བདེ་པོའི་ངང་ནང་འཇུག་བྱས་ཏེ་བཀོལ་སྤྱོད་བྱེད་ཐུབ་ཀྱི་རེད། ཡིག་ཆ་བསྐྱར་ལེན་གྱི་བྱ་ཐབས་ནི་ཡིག་ཆ་ཉེན་སྲུང་བྱེད་ཡག་ཐད་གལ་ཆེ་ཤོས་ཀྱི་ཆ་རྐྱེན་ཞིག་ཆགས་ཀྱི་ཡོད་ལ་དེ་བཀོལ་སྤྱོད་བྱས་ན་བྱེད་རིན་ཆོག་པའི་དན་རྟགས་ཤིག་ཡིན་པ་ཟུར་བལྟས་ལེབ་མཐོང་ཞིག་ཡིན།

    བསྐྱར་སྦྱོང་།

    • ཡིག་ཆ་བསྐྱར་ལེན་དང་བསྐྱར་གསོ་བྱེད་ཡག་གི་གནས་ཚུལ་ནི་སློབ་ཚན་གཉིས་པའི་གསུམ་པ་སྟེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱིས་གློག་ཀླད་གནས་ཚུལ་ཁག་ཇི་ལྟར་བསྐྱར་ལེན་དང་གཏོར་བཤིག་དེ་བཞིན་སླར་གསོ་བྱེད་དགོས་མིན་གྱི་བརྙན་དེབ་ནང་གཟིགས་ན་མཁྱེན་ངེས་ཡིན། དེ་ཡང་གཤམ་གྱི་འབྲེལ་ཐག་ཁག་ལ་གཟིགས་ན་ཁྱེད་ཀྱིས་མཁྱེན་ཐུབ། Digital Security and Privacy for Human rights Defenders
    • ཁྱེད་ཀྱི་དྲ་ལམ་བརྒྱུད་ཡིག་ཆ་བསྐྱར་ལེན་བྱས་ན་ཉེན་ཁ་གསར་པ་འདྲ་མིན་འཕྲད་ཀྱི་ཡོད་པ་ཤེས་དགོས། དྲ་རྒྱའི་ནང་གལ་ཆེའི་གནས་ཚུལ་ཁག་ནང་འཇུག་མ་བྱས་གོང་དེ་ཚོར་བརྡ་ཚིག་བརྒྱབ་ཏེ་ནང་འཇུག་བྱེད་དགོས་པ་དེ་ཉུང་མཐར་ཁྱེད་ཀྱིས་ཤེས་པ་དགོས། གོང་དུ་འགྲེལ་བརྗོད་ཞུས་པའི་ཐབས་ལམ་དེ་ཚོ་གཅིག་པུ་མ་ཡིན་པར་རིན་མེད་དྲ་རྒྱ་བརྒྱུད་ཡིག་ཆ་གསོག་འཇོག་བྱེད་ས་སྟབས་བདེའི་གནས་ཚུལ་དེ་འདྲ་མང་པོ་ལོངས་སུ་སྤྱོད་རྒྱུ་ཡོད་པས་གཤམ་དུ་གཟིགས་ན་མཁྱེན་ངེས་ཡིན། Wuala, SpiderOak, Google Drive, tahoe-lafs.
    • ཀུན་བཏུས་དྲ་རྒྱའི་ཚིག་མཛོད་ཆེན་མོའི་ནང་ཡིག་ཆ་བསྐྱར་གསོ་བྱེད་ཡག་ཐད་བྲིས་བཞག་པའི་རྩོམ་རིགས་ཡག་པོ་དེ་འདྲ་ཡོད་པས་དེར་གཟིགས་ན་ཁྱེད་ལ་གོ་རྟོགས་ཐུབ་ངེས་ཡིན་པས་གཤམ་གྱི་འབྲེལ་ཐག་ལ་གཟིགས་ན་མཁྱེན་ཐུབ། Wikipedia.