6. རྩ་ཆེའི་ཡིག་རིགས་ཁག་ཇི་ལྟར་གཏོར་བཤིག་གཏོང་དགོས་སམ།

Table of Contents

...Loading Table of Contents...

    གོང་གི་སློབ་ཚན་མང་པོ་ཞིག་གི་ནང་བྱ་ཐབས་དང་གོམས་འདྲིས་འདྲ་མིན་སྣ་ཚོགས་བརྒྱུད་ཇི་ལྟར་རྩ་ཆེའི་ཡིག་རིགས་ཁག་ཉེན་སྲུང་བྱེད་དགོས་ཀྱི་ཡོད་མེད་སྐོར་འགྲེལ་བརྗོད་ཞུས་ཡོད། ཡིན་ནའང་།སྐབས་ཤིག་དེའི་ནང་ནས་གནས་ཚུལ་ཕྲན་བུ་ཞིག་ཁྱེད་ལ་དགོས་མེད་ཆགས་པ་ཡིན་ན་ག་རེ་བྱེད་ཀྱི་ཡིན་ནམ། དཔེར་ན། གལ་སྲིད་ཁྱེད་རང་བེད་སྤྱོད་བྱེད་ཡག་ལ་བརྡ་ཚིག་བརྒྱབ་ཡོད་པའི་ཡིག་སྣོད་དེ་ལྡང་ངེས་ཤིག་ཡིན་པ་གང་ཞིག་ངོ་བཤུས་ངོ་མ་དེ་གཏོར་བཤིག་གཏོང་དགོས་བསམ་ན་ཐབས་ཤེས་ག་རེ་སྤྱད་ན་ཡག་ཤོས་ཡིན་ནམ། སྟབས་སྡུག་པ་ཞིག་ལ་དེར་ལན་རྒྱག་ཡག་དེ་ཁྱེད་རང་གིས་བསམ་པ་ལས་དཀའ་ལས་ཁག་པ་ཡོད། དེ་ཡང་ཡིག་སྣོད་ཞིག་གློག་ཀླད་ནས་སུབ་པ་མ་ཟད་ཡིག་སྣོད་ཀྱི་གད་སྣོད་ནས་མེད་པ་བཟོས་པ་ཡིན་ནའང་དེའི་ནང་དོན་ནི་གློག་ཀླད་ཀྱི་མཁྲེགས་ཆས་ནང་ལྷག་གི་ཡོད་པས་རླུང་རྟ་དང་གློག་ཀླད་ཀྱི་མ་ལག་ཡག་པོ་ཡོད་མཁན་ཚོས་དེ་དཀའ་ངལ་ཕྲན་ཙམ་མེད་པའི་ཐོག་སླར་གསོ་བྱེད་ཐུབ་ཀྱི་ཡོད།

    ཁྱེད་ཀྱིས་གནས་ཚུལ་སུབ་པ་ཁག་མི་སྡུག་ཅག་གི་ལག་པར་མ་སླེབས་པའི་ཆེད་ཡིག་ཆ་དེ་ཚོ་གཏན་ནས་མེད་པར་བཟོ་ཐུབ་མཁན་གྱིས་ཡིད་ཆེས་འཕེར་བའི་མཉེན་ཆས་ཤིག་གློག་ཀླད་ནང་ནང་འཇུག་བྱེད་དགོས། Eraserཞེས་པ་འདི་གཤམ་དུ་འགྲེལ་བརྗོད་བྱེད་ཡག་གི་བྱ་ཐབས་ཤིག་ཡིན། སུབ་བྱེད་བེད་སྤྱོད་གཏོང་ཡག་ནི་ཡིག་ཆ་ཁག་གད་སྣོད་ནང་ཅི་དགར་གཡུག་ཏེ་མི་གཞན་གྱིས་འཚོལ་རྙེད་མ་ཐུབ་པ་བཟོ་རྒྱུ་ཙམ་མ་ཡིན་པར་དེ་རྩ་བ་ནས་གློག་ཀླད་ནང་མཐོང་རྒྱུ་མེད་པ་བཟོ་དགོས། ཡིན་དང་ཡིན། ཡིག་སྣོད་སུབ་རྒྱུ་ནི་གལ་ཆེའི་ཡིག་ཆ་ཁག་རྩ་བ་ནས་མེད་པར་བཟོ་ཆེད་ཀྱི་ཐབས་ལམ་གཅིག་གི་དཔེ་མཚོན་ཙམ་ཞིག་ཡིན། ཁྱེད་ཀྱིས་སུབ་ཚར་བའི་ཡིག་ཆ་ཁག་དྲག་ཤུགས་ཆེ་ལ་ཆབ་སྲིད་ཀྱི་སྡང་ཟུག་ཡོད་པའི་དགྲ་ཁ་གཏད་ཀྱི་མི་སྣ་ཚོའི་ལག་པར་རག་ཏེ་ཚོགས་པ་དང་ཁྱེད་ཀྱི་གནས་ཚུལ་སྐོར་ལ་ཤེས་རྟོགས་བྱུང་ཡོད་རེད་བསམ་པའི་དོགས་པ་ཟ་ན། རྩ་བ་ནས་རེག་རྒྱུ་མེད་པ་བཟོ་ཆེད་ཀྱི་ཡིག་ཆ་ཁ་ཤས་ཐོག་བསམ་བློ་ངེས་པར་གཏང་སྟེ་དེ་ཚོ་གཏན་ནས་འཚོལ་རྙེད་མ་ཐུབ་པ་བཟོ་དགོས། དེ་ཡང་དཔེར་ན་ཁྱེད་ཀྱིས་ཁོང་ཚོ་ལག་པ་འཇུ་ས་མ་རག་པའི་ཆེད་དུས་ཚོད་ཡོལ་བའི་བསྐྱར་ལེན་བྱ་ཐབས་དང་གློག་ཀླད་ཀྱི་མཁྲེགས་ཆས་རྙིང་པ། དེ་བཞིན་ཨེ་མལ་ཁ་བྱང་རྙིང་པ་དང་དུས་རྒྱུན་བཀོལ་སྤྱོད་བྱེད་སའི་དྲ་རྒྱ་སོགས་wipingཞེས་པ་འདི་བེད་སྤྱད་དེ་དེ་ཚོ་མེད་པ་བཟོ་དགོས། CCleanerགཙང་བཟོ་ཞེས་པ་འདི་སློབ་ཚན་འདིའི་ནང་འགྲེལ་བཤད་ཞུས་ཡོད་པའི་བྱ་ཐབས་གཞན་ཞིག་ཡིན་པས་ཁྱེད་རང་གི་གློག་ཀླད་བེད་སྤྱོད་གཏོང་སྐབས་འཕྲལ་སེལ་གྱི་ཡིག་ཆ་ཁག་བརླག་དོར་ཤོར་གྱི་ཡོད་པར་བརྟེན་དེ་གདོང་ལེན་བྱེད་ཡག་ལ་ཕན་ཐོགས་ཀྱི་ཡོད།

    Background scenario

    ཨེ་ལི་ཎ་ནི་ཨུ་རུ་སུའི་སྐད་ཡིག་བེད་སྤྱོད་གཏོང་སའི་རྒྱལ་ཁབ་ཞིག་ནང་ཁོར་ཡུག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་མཁན་ཞིག་ཆགས་ཡོད། ཧ་ཅང་སྐད་གྲགས་ཆེ་བའི་མོ་རང་གི་དྲ་རྒྱའི་ནང་ས་ཁུལ་དེའི་ནང་ཁྲིམས་འགལ་ངང་ཡོང་བཞིན་པའི་རང་བྱུང་ཁོར་ཡུག་ཁག་གཏོར་བཤིག་ཇི་ལྟར་གཏོང་གི་ཡོད་མེད་སྐོར་གྱི་གནས་ཚུལ་ཁག་འགྲེམ་སྤེལ་བྱེད་བཞིན་ཡོད། མོ་རང་གིས་དྲ་རྒྱའི་ནང་གནས་ཚུལ་བསྐྱར་ལེན་བྱེད་ཡག་གི་བྱ་ཐབས་ཤིག་གསར་སྐྲུན་བྱས་པ་ཙམ་མ་ཟད་དེ་རེ་རེ་བཤུས་ཏེ་ཁྱིམ་དང་ལས་ཁུངས་དེ་བཞིན་ལག་ཐོག་གློག་ཀླད་ནང་ཉར་འཚག་བྱེད་ཀྱི་ཡོད། ཉེ་ཆར་དྲ་ཐོག་ཏུ་འགྲེམ་སྤེལ་བྱས་ཡོད་པའི་མོ་རང་གི་ཡིག་ཆ་ཁག་རྒྱུན་སྤྱོད་དྲ་རྒྱ་ཁག་ནང་ཕབ་བཤུ་བྱས་པ་དང་དུས་མཚུངས་དེ་ཚོ་གསོག་འཇོག་བྱེད་འགོ་ཚུགས་པ་རེད། གང་ཡིན་ཞེ་ན།མོ་རང་མགྱོགས་པོ་རྒྱལ་སྤྱིའི་ཁོར་ཡུག་འཐབ་རྩོད་བྱེད་མཁན་ཚོའི་ཚོགས་འདུའི་འདུ་ཚོགས་ཆེན་པོ་ཞིག་ནང་འགྲོ་དགོས་ཀྱི་ཡོད། ཁོང་ཚོ་ལག་ཐོག་གློག་ཀླད་ཁྱེར་ཡོད་པའི་ཚོགས་བཞུགས་འགྲོ་མཁན་ཁག་ས་མཚམས་བརྒལ་དུས་གློག་ཀླད་དེ་ཚོ་མིས་བཙན་འཕྲོག་བྱས་པའི་གནས་ཚུལ་ཡོང་གི་ཡོད་དུས་མོ་རང་གི་ཁྱིམ་དང་ལས་ཁུངས་ནང་གསོག་འཇོག་བྱས་ཡོད་པའི་གལ་ཆེའི་ཡིག་ཆ་དང་ཆབ་སྲིད་ཀྱི་གླེང་ཕྱོགས་ཤུགས་ཆེ་ཡོད་པའི་གནས་ཚུལ་ཁག་བརྟན་སྲུང་བྱ་ཆེད་དེ་ཚོ་ (TrueCrypt) ཡིག་སྣོད་ཉེན་སྲུང་ནང་འཕོ་ལེན་བྱས་ཏེ་ལག་ཐོག་གློག་ཀླད་ནང་མེད་པ་བཟོ་གི་ཡོད། དེ་གང་འདྲ་སེ་བྱེད་དགོས་མིན་མོ་རང་གི་ཚ་བོ་ནེ་ཁོ་ལི་ལ་སྐད་ཆ་དྲིས་པ་རེད། ཁོ་རང་གིས་གལ་སྲིད་ཨེ་ལི་ཎ་ཁྱེད་རང་ས་མཚམས་སྲུང་མཁན་སྐོར་སྲུང་ཚོས་གློག་ཀླད་འཕྲོག་ཡོང་བསམ་ནས་སེམས་ཁྲལ་བྱེད་ཀྱི་ཡོད་ན་སུབ་ཚར་བའི་ཡིག་ཆ་སླར་གསོ་བྱེད་ཡག་དེ་མེད་པ་བཟོས་པ་ཙམ་མ་ཡིན་པར་དེ་ལས་ཉེན་སྲུང་བྱ་ཐབས་མང་བ་དང་བཙན་པ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད།

    སློབ་ཚན་འདི་བརྒྱུད་ཁྱེད་ཀྱི་གང་ཤེས་སམ།

    • ཁྱེད་རང་གི་གློག་ཀླད་དུ་ཡོད་པའི་གལ་ཆེའི་གནས་ཚུལ་ཁག་ཇི་ལྟར་གཏན་ནས་མེད་པ་བཟོ་དགོས་སམ།
    • ཁྱེད་ཀྱི་ཡིག་ཆ་འཕོ་ལེན་བྱེད་སའི་ཡོ་ཆས་ཏེ་འོད་སྡེར་དང་གློག་རྡུལ་མ་ལག་གི་ཡོ་ཆས་མཐེབ་སྨྱུག་ལ་སོགས་པའི་ནང་ཡོད་པའི་ཡིག་ཆ་ཁག་ཇི་ལྟར་མེད་པ་བཟོ་དགོས་སམ།
    • ཁྱེད་རང་གིས་གློག་ཀླད་ནང་ཡོད་པའི་ཡིག་ཆ་ག་རེ་ཀློག་གི་ཡོད་པ་དེ་མིས་མ་ཤེས་པའི་ཆེད་ཇི་ལྟར་སྔོན་འགོག་བྱེད་དགོས་སམ།
    • ཁྱེད་ཀྱིས་སུབ་ཚར་པའི་ཡིག་སྣོད་ཁག་སླར་གསོ་བྱེད་མ་ཐུབ་པའི་ཆེད་གློག་ཀླད་ཇི་ལྟར་ཉར་འཚག་བྱེད་དགོས་སམ།

    གནས་ཚུལ་སུབ་སྟངས།

    གློག་ཀླད་མ་ལག་བཀོལ་སྤྱོད་ཀྱི་བྱ་ཐབས་ཐོག་ནས་བསམ་བློ་བཏང་པ་ཡིན་ན་ཁྱེད་རང་གི་གློག་ཀླད་ཐོག་གནས་ཚུལ་སུབ་ཡག་གི་བྱེད་ལས་ཤིག་མེད། ཡིན་དང་ཡིན། ཁྱེད་རང་གི་གནས་ཚུལ་དེ་ཡིག་ཆ་བླུག་སའི་གད་སྣོད་ནང་བརྫངས་ཐུབ་པ་མ་ཟད་བླུག་སྣོད་དེ་སྟོང་པ་བཟོ་ཐུབ་ཀྱི་ཡོད། ཡིན་ནའང་།ཁྱེད་ཀྱིས་འདྲ་གཟུགས་དང་གློག་ཀླད་ནང་སྦས་སྐུང་བྱས་པའི་ཡིག་སྣོད་ཀྱི་མིང་དེ་ཚོ་གཙང་མ་གཙང་ཀྱང་མེད་པ་བཟོ་ཐུབ་པ་མ་ཟད་བེད་སྤྱོད་ག་པར་བཏང་ཀྱང་གཏོང་ཆོག་པའི་སྟོང་ཆ་ཞིག་ལྷག་གི་ཡོད། སྟོང་ཆ་དེ་དུས་ཐོག་ཏུ་བེད་སྤྱོད་གཏོང་མ་ཐུབ་ན་སུབ་ཚར་བའི་གནས་ཚུལ་དེ་ཚོས་བཙན་སྲུང་བྱས་པ་ལྟར་ཡིག་ཆ་འགེང་བཞིན་པའི་བང་ཁྲི་དེའི་མིང་བྱང་མེད་པ་བཟོས་ཀྱང་དེའི་རང་བཞིན་ངོ་མ་མ་བརླག་པར་སྡོད་པ་དང་གཅིག་མཚུངས་ཆགས་ཀྱི་རེད། དེར་བརྟེན། གལ་སྲིད་ཁྱེད་ཀྱི་གློག་ཀླད་ནང་མཉེན་ཆས་ཡག་པོ་དང་ནུས་སྟོབས་ལྡན་པ་ཞིག་ཡོད་ན་གློ་བུར་སྟེས་དབང་གིས་རྐྱེན་པས་ཁྱེད་ཀྱིས་སུབ་པའི་ཡིག་ཆ་ཁག་སླར་གསོ་བྱེད་ཐུབ་ཀྱི་རེད། དེའི་སྐོར་ལ་ཞིབ་ཕྲ་སློབ་ཚན་ལྔ་པའི་ནང་འགྲེལ་བརྗོད་ཞུས་ཚར་བའི་གནད་དོན་ཏེ་ཡིག་ཆ་བརླག་དོར་ཤོར་བ་ཁག་ཇི་ལྟར་སླར་གསོ་བྱེད་དགོས་སམ་ཞེས་པ་དེར་གཟིགས་ན་ཁྱེད་ཀྱིས་མཁྱེན་ངེས་ཡིན།

    དུས་རྒྱུན་གློག་ཀླད་བེད་སྤྱོད་གཏོང་དུས་ཁྱེད་རང་གིས་མ་ཤེས་པའི་ཐོག་ཡིག་ཆ་བཟོ་པ་དང་སུབ་ཐུབ་ཀྱི་ཡོད། དཔེར་ན། གལ་སྲིད་ཁྱེད་རང་གིས་སྙན་ཐོ་རིང་པོ་ཞིག་འབྲི་གི་ཡོད་ན་བདུན་ཕྲག་ཅིག་ལྷག་ཉིན་མ་རྟག་པར་ལས་ཀ་བྱེད་དགོས་པ་ཐུག་གི་རེད། བྲིས་ཚར་བའི་ཡིག་ཆ་དེ་ཚོ་དུས་ཐོག་ཏུ་གསོག་འཇོག་བྱས་ཏེ་གློག་ཀླད་ཀྱི་མཁྲེགས་ཆས་ནང་ཕབ་བཤུ་བྱས་ཏེ་ངོ་བཤུས་གསར་པ་དེ་གཅེས་སྲུང་བྱེད་ཀྱི་རེད། དེ་ཚོ་ཉིན་ཁ་ཤས་ཤིག་ཞུ་དག་བྱས་རྗེས་བརྒྱུད་རིམ་འདྲ་མིན་ནང་ཁྱེད་ཀྱིས་མ་ཤེས་པའི་ཐོག་ཡིག་ཆ་དེ་ཚོའི་ཐོན་ཁ་ཤས་ཤིག་གསོག་འཇོག་ཆ་ཚང་བྱེད་ཐུབ་ཀྱི་རེད།

    སྤྱིར་བཏང་གློག་ཀླད་ཀྱི་ཡིག་ཆ་ཐོན་རྙིང་པ་དེ་ཚོ་རྩ་མེད་སུབ་ཀྱི་རེད། ཡིན་ནའང་། པར་བཤུས་གསར་པ་བཟོ་དགོས་པ་ཆགས་དུས་སླར་བཞག་ས་ཏག་ཏག་དངོས་གནས་དེ་འཚོལ་དགོས་ཀྱི་མེད། དེའི་ཚབ་ཏུ་གོང་དུ་འགྲེལ་བརྗོད་ཞུས་པའི་ཐོན་གསར་པ་དེ་འཇོག་སའི་ལྟ་སྡུག་བང་ཁྲི་དེའི་མིང་བྱང་མེད་པ་བཟོས་པ་ཙམ་མ་ཟད་སྡེ་ཚན་གསར་པ་ཞིག་བཟོས་ཏེ་རྙིང་པ་དེ་བཀོལ་སྤྱོད་བྱེད་རྒྱུ་མེད། སྔོན་དུ་ཡོད་པའི་སྟོང་ཆ་དེར་ལས་འཆར་གཞན་ཞིག་བཀོལ་སྤྱོད་བྱེད་རྒྱུ་མ་རག་ན་ཡིག་ཆ་དེ་རང་འཇགས་བཞག་དགོས། གལ་སྲིད་ཁྱེད་ལ་བང་ཁྲི་སྟེང་ཡོད་པའི་ཡིག་ཆ་དེ་ཚོ་མེད་པ་བཟོ་རྒྱུའི་རྒྱུ་མཚན་ཡང་དག་ཞིག་རག་པ་ཡིན་ན་ཐོན་གསར་ཤོས་ཀྱི་ངོ་བཤུས་དེ་རྩ་མེད་བཟོས་པ་ཙམ་གྱིས་འགྲིག་གི་མེད་ལ་དེ་བས་དེའི་མིང་བྱང་དེ་གཡུག་པ་ཡིན་ན་རྩ་བ་ནས་འགྲིག་ཐབས་མེད།

    ཁྱེད་ཀྱིས་གློག་ཀླད་ཀྱི་མཁྲེགས་ཆས་གཅིག་པུ་མ་ཡིན་པར་ཡིག་ཆ་གསོག་འཇོག་བྱེད་ས་དེ་འདྲ་གཞན་དག་ཡོད་པ་ཤེས་དགོས། འོད་སྡེར་དང་བརྙན་པར་འོད་སྡེར། དེ་བཞིན་ལག་ཐོག་ཁ་པར་ནང་གི་དྲན་ཤེས་བྱང་བུ་དང་གློག་ཀླད་ནང་ཡིག་ཆ་འཕོ་ལེན་བྱེད་སའི་ཡོ་ཆས་ལ་སོགས་པའི་ནང་གནས་ཚུལ་གང་ཡིན་ཀྱང་གསོག་འཇོག་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་།དེ་ཚོའི་ནང་གསོག་འཇོག་བྱས་ཡོད་པའི་ཡིག་ཆ་ཁག་ཁྱེད་ཀྱིས་སུབ་པ་ཡིན་བསམ་སྟེ་བློས་འགེལ་བྱེད་རྒྱུ་མེད་ལ་བཟོ་བཅོས་བྱ་ཐབས་སྤྱད་དེ་གལ་ཆེའི་ཁག་རྩ་མེད་བཟོས་ཡིན་བསམ་གཏན་ནས་དྲན་རྒྱུ་མེད།

    ཉེན་མེད་སུབ་བྱེད་བྱ་ཐབས་སྤྱད་དེ་གནས་ཚུལ་ཁག་མེད་པ་བཟོ་སྟངས།

    ཁྱེད་ཀྱིས་སློབ་ཚན་འདིའི་ནང་ངོ་སྤྲོད་བྱས་ཡོད་པའི་ཉེན་མེད་སུབ་བྱེད་བྱ་ཐབས་བེད་སྤྱོད་གཏོང་གི་ཡོད་ན་དེ་ནི་ཁྱེད་ཀྱིས་གལ་ཆེའི་ཡིག་ཆ་ཁག་སུབ་པ་ཙམ་མ་ཡིན་པར་དེ་ཚོ་འཕོ་འགྱུར་བྱེད་ཀྱི་ཡོད་པའམ་ཡང་ན་བསྐྱར་བྲིས་ཐོད་པ་བྱེད་ཀྱི་ཡོད་པ་ཁ་ཚོན་བཅད་ནས་བཤད་ཐུབ་ཀྱི་ཡོད། གོང་དུ་འགྲེལ་བརྗོད་ཞུས་པ་བཞིན་གལ་སྲིད་ཁྱེད་ཀྱིས་བང་ཁྲིའི་སྟེང་ཡིག་ཆ་དེ་ཚོ་ཞ་སྨྱུག་གིས་བྲིས་ཏེ་གསོག་འཇོག་བྱས་པ་ཡིན་ན་ཉེན་མེད་སུབ་བྱེད་ཀྱི་བྱ་ཐབས་མཉེན་ཆས་ཀྱིས་ནང་དོན་དེ་ཚོ་མེད་པ་བཟོས་པ་ཙམ་མ་ཟད་ཚིག་རེ་རེ་མགྱོགས་བྲིས་བྱས་ཏེ་བཀོད་ཀྱི་རེད། ཞ་སྨྱུག་གི་ཞ་ཉེ་ནང་བཞིན་བརྡ་འཕྲིན་གྱི་གནས་ཚུལ་དེ་ཚོ་ང་ཚོས་ཀློག་ཐུབ་ཀྱི་ཡོད། འོན་ཀྱང་དེ་ཚོ་སུབ་པ་ཡིན་ནའང་དེའི་ཐོག་གནས་ཚུལ་ཁ་ཤས་ཤིག་ལྷག་ནས་སྡོད་ཀྱི་ཡོད། དེར་བརྟེན་འདིར་ངོ་སྤྲོད་བྱས་ཡོད་པའི་བྱ་ཐབས་དེས་ཡིག་ཆ་ཁག་བསྐྱར་བྲིས་ཐེངས་ཁ་ཤས་བྱེད་ཐུབ་ཀྱི་ཡོད། བྱ་ཐབས་དེའི་མིང་ལ་wiping ཟེར་གྱི་ཡོད། ག་ཚོད་ཀྱིས་གནས་ཚུལ་དེ་ཚོ་བསྐྱར་བྲིས་བྱས་པ་ཙམ་གྱིས་དེ་སྲིད་དུ་མི་གཞན་གྱིས་བསྐྱར་ལེན་བྱས་ཏེ་ནང་དོན་དེ་ཚོ་ཤེས་རྟོགས་ཐུབ་ཡག་ལ་དཀའ་ལས་ཁག་པ་ཡོད། ཆེད་ལས་མཁས་པ་ཚོས་གསུང་ཡག་ལ་ཡིག་ཆ་དེ་ཚོ་བསྐྱར་བྲིས་ཐེངས་གསུམ་ལས་མང་བ་བྱེད་དགོས་པ་དང་ཡང་ཚད་ཐུབ་ཚོར་ཐེངས་མ་བདུན་ལས་མང་བ་བྱེད་དགོས་པའི་བསྒྲགས་གཏམ་སྤེལ་ཡོད། Wiping མཉེན་ཆས་འདིས་རང་འགུལ་ངང་བརྡ་གྲངས་ཤིག་བཟོ་ཐུབ་ཀྱི་ཡོད། ཡིན་ནའང་། གལ་སྲིད་ཁྱེད་ཀྱི་བརྡ་གྲངས་དེ་བརྗེ་པོ་རྒྱག་དགོས་པ་ཆགས་ཀྱི་འདུག་བསམ་ན་དེ་བརྗེ་ལེན་བྱས་ཀྱང་མི་ཆོག་པ་མེད།

    ཡིག་ཆ་སུབ་སྟངས།

    ཁྱེད་ཀྱི་གློག་ཀླད་ཀྱི་མཁྲེགས་ཆས་ནང་ཡོད་པའི་གལ་ཆེའམ་གནད་འགག་ཆེ་བའི་ཡིག་ཆ་ཁག་སུབ་དགོས་ན་དེར་ཐབས་ལམ་གཉིས་ཡོད། ཁྱེད་རང་གི་ཡིག་ཆ་གཅིག་གམ་ཡང་ན་མཁྲེགས་ཆས་ནང་མ་ཤོང་བའི་ཡིག་ཆ་ཁག་མེད་པ་བཟོ་ཐུབ་ཀྱི་ཡོད། ཁྱེད་རང་གིས་ཐག་གཅོད་དེ་འདྲ་ལག་ལེན་དོན་འཁྱོལ་ཐུབ་ཡག་ལ་གོང་དུ་སྙན་ཐོ་རིང་པོ་ཞིག་གི་ཡ་གྱལ་ངོ་བཤུས་བྱས་ཏེ་མངོན་ཐུབ་ཀྱི་ཡོད་ཀྱང་མང་ཆེ་བ་ཕབ་བཤུ་བྱེད་མ་ཐུབ་པར་གང་སར་གློག་ཀླད་ཀྱི་མཁྲེགས་ཆས་ནང་ཁྱབ་ཀྱི་ཡོད་པའི་དཔེ་མཚོན་གྱི་སྣང་ཚུལ་དེ་ལྟར་ཡིན། གལ་སྲིད་ཁྱེད་ཀྱི་ཡིག་སྣོད་དེ་ག་རང་སུབ་པ་ཡིན་ན། ད་ལྟའི་ཡིག་སྣོད་ཀྱི་གནས་སྐབས་དེ་ཆ་ཚང་མེད་པ་ཆགས་ཀྱི་ཡོད་པ་ཁ་ཚོན་བཅད་ནད་བཤད་ཐུབ་ཀྱི་རེད། ཡིན་ནའང་། ཁྱེད་རང་གི་ངོ་བཤུས་དེ་ག་པར་ཡོད་ཀྱང་དེ་ག་རང་བཞག་དགོས། ངོ་བཤུས་དེ་ཚོ་ག་པར་བཞག་དགོས་མིན་གྱི་ཁ་ཕྱོགས་ཤིག་མེད། གང་ཡིན་ཞེ་ན། དེ་ཚོ་མངོན་མི་ཐུབ་པ་ཞིག་ཡིན་དུས་མཉེན་ཆས་དམིགས་བསལ་ཅན་དེ་འདྲ་དགོས་ཀྱི་ཡོད། ཁྱེད་ཀྱིས་ཡིག་ཆ་གསོག་འཇོག་བྱེད་སའི་ཡོ་ཆས་ནང་ཡོད་པའི་གནས་ཚུལ་ཁག་སུབ་པ་ཡིན་ན་དེ་ཚོ་གློག་ཀླད་ནང་རྩ་བ་ནས་རེག་རྒྱུ་མེད་པ་བཟོ་དགོས། ཡང་དག་མིང་བྱང་མེད་པའི་བང་ཁྲིའི་སྟེང་གི་ཡིག་སྣོད་དེ་ནང་བཞིན་སུབ་ཚར་བའི་ཡིག་ཆ་ཁག་སླར་སུབ་པ་དང་མ་དཔེ་བཤུ་བ་སོགས་ཀྱི་བྱ་ཐབས་དེ་གཅིག་མཚུངས་ཆགས་ཀྱི་ཡོད།

    Eraser ནི་རིན་མེད་ངང་ག་ས་ག་ནས་རག་གི་ཡོད་ལ་ཧ་ཅང་སྟབས་བདེ་པའི་ཐོག་ནས་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད། ཁྱེད་རང་གི་སུབ་བྱེད་བེད་སྤྱད་དེ་ཡིག་ཆ་མེད་པ་བཟོ་ཐུབ་ཀྱི་ཡོད། གློག་ཀླད་ནང་ཡོད་པའི་ཡིག་ཆ་ཁག་ཐབས་ལམ་གསུམ་བརྒྱུད་དེ་སུབ་ཐུབ་ཀྱི་ཡོད། ཐབས་ལམ་གསུམ་དེ་ནི་དང་པོ་གློག་ཀླད་ཀྱི་གད་སྣོད་ནང་ཡོད་པའི་ནང་དོན་རེ་གཉིས་ཡིག་སྣོད་གཅིག་ནང་འདེམས་སྒྲུག་བྱེད་པའམ་ཡང་ན་མཁྲེགས་ཆས་ནང་བླུག་ཏེ་མེད་པ་བཟོ་དགོས། སུབ་བྱེད་ཀྱིས་གློག་ཀླད་ཀྱི་ངོ་གདོང་ནང་ཡོད་པའི་ཡིག་ཆ་བརྗེ་ལེན་བྱེད་རྒྱུའི་ནང་དོན་ཁག་མེད་པ་བཟོ་གི་ཡོད་པས་གཤམ་དུ་གཟིགས་ན་མཁྱེན་ངེས་ཡིན།

    Hands-on: Get started with the Eraser - Secure File Removal Guide

    ཡིག་ཆ་སུབ་སྟངས་དེ་ཡིག་སྣོད་འཕོ་ལེན་གྱི་ལམ་སྟོན་ཁག་ལ་གཟིགས་ན་མཁྱེན་ངེས་ཡིན། ཉེན་མེད་སུབ་ཐབས་ཀྱི་བྱ་ཐབས་དེས་གློག་ཀླད་སྟེང་གསལ་གསལ་ཐིང་ཐིང་ཡོད་པའི་ཡིག་ཆ་ཁག་ཁ་གསལ་གཏིང་གསལ་མེད་པ་མ་བཟོས་ན་མ་གཏོགས་དེ་ཚོ་མེད་པ་བཟོ་ཐུབ་ཀྱི་མེད། ཡིན་ནའང་ཁྱེད་ཀྱི་མཉེན་ཆས་དེ་འདྲ་བེད་སྤྱད་གཏོང་དུས་གཟབ་གཟབ་བྱེད་དགོས། གང་ཡིན་ཞེ་ན་དེ་ཚོར་གློ་བུར་རྐྱེན་ངན་དེ་འདྲ་འཕྲད་ཀྱི་ཡོད་དུས་མི་ཚོས་ཡིག་ཆ་བླུག་སའི་གད་སྣོད་དང་ཡིག་ཆ་བསྐྱར་ལེན་བྱེད་ཡག་གི་ཐབས་ལམ་དེ་གཉིས་བེད་སྤྱོད་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གལ་སྲིད་དུས་རྟག་ཏུ་ཁྱེད་ཀྱིས་ཁྱེད་རང་གི་ཡིག་ཆ་ཁག་སུབ་བྱེད་བེད་སྤྱད་དེ་སུབ་ཡག་གི་གོམས་གཤིས་འཇགས་པ་ཡིན་ན་དེ་ཚོ་བསྐྱར་ལེན་བྱེད་ཐུབ་ཀྱི་མེད། དེར་བརྟེན། ཁྱེད་རང་གི་གློག་ཀླད་ནང་ཡོད་པའི་ཡིག་ཆ་ཁག་ལ་མ་སུབ་པའི་སྔོན་བསྐྱར་ལེན་གྱི་བྱ་ཐབས་ལེགས་པོ་ཞིག་དགོས་ཀྱི་ཡོད་པ་ནི་གལ་འགངས་ཆེན་པོ་ཞིག་ཆགས་བསྡད་ཡོད།

    ཨེ་ལི་ཎ། ངས་ཡི་གེ་ལས་སྣོན་བྱེད་སའི་མཉེན་ཆས་ (Microsoft Word) དང་ (Open Office) གཉིས་བེད་སྤྱོད་གཏོང་དུས་དེ་གཉིས་ཀྱི་མཚམས་རེ་གློག་ཀླད་ནང་ཡོད་པའི་གནས་སྐབས་ཀྱི་ཡིག་ཆ་དེ་འདྲ་བཤུ་ཐུབ་ཀྱི་ཡོད།གློག་ཀླད་ནང་ཡོད་པའི་མཉེན་ཆས་གཞན་དག་དེ་ཚོས་ཀྱང་དེ་ག་ནང་བཞིན་ལས་ཀ་བྱེད་ཀྱི་རེད་དམ་ཡང་ན་ང་རང་གིས་ཡིག་སྣོད་བཟོས་པ་དང་སུབ་པ་དེ་ཚོར་སེམས་ཁྲལ་བྱས་ཏེ་སྡོད་དགོས་རེད་དམ།

    ནེ་ཁོ་ལི། དངོས་གནས་བྱས་ན། ཁྱེད་རང་གི་གློག་ཀླད་ནང་སོ་སོ་དང་སོ་སོ་རང་ཉིད་ཀྱིས་དྲ་རྒྱའི་ནང་ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་ཀྱི་གནས་ཚུལ་ཁག་བཞག་ས་དེ་འདྲ་རག་གི་ཡོད། ངས་ག་རེ་ལབ་ཀྱི་ཡོད་རེད་བརྗོད་ན་ཉེ་ཆར་ཁྱེད་ཀྱི་དྲ་རྒྱ་ག་རེ་བལྟ་ཀློག་བྱེད་ཀྱི་ཡོད་མེད་དང་ཨེ་མལ་ནང་ཡོད་པའི་ཡི་གེ་ག་རེ་བལྟ་ཀློག་བྱེད་ཀྱི་ཡོད་པ་དག་བཤད་ཀྱི་ཡོད། གནད་འགག་ཆེ་བའི་གནས་ཚུལ་དེ་ཚོ་ནི་ཇི་ལྟར་ཁྱེད་ཀྱི་གློག་ཀླད་ནང་བེད་སྤྱོད་བྱེད་མིན་ལ་རག་ལུས་ཡོད།

    འཕྲལ་སེལ་གྱི་ཡིག་ཆ་ཁག་སུབ་སྟངས།

    གློག་ཀླད་ཀྱི་Eraserབརྒྱུད་མཁྲེགས་ཆས་ནང་ཡོད་པའི་ཡིག་ཆ་ཁག་མེད་པ་བཟོ་ཡག་ནི་ང་ཚོས་བལྟས་པ་ཙམ་ལས་ཉེན་ཁ་ཆུང་བ་ཡོད། གང་ཡིན་ཞེ་ན་དེས་སྔོན་ལ་སུབ་ཚར་ཡོད་པའི་ཡིག་ཆ་དེ་ཚོའི་ནང་དོན་ཁག་རྩ་མེད་བཟོ་གི་ཡོད་པ་མ་གཏོགས་མངོན་གསལ་དོད་པོ་ཡོད་པའི་ཡིག་ཆ་ཁག་གནོད་སྐྱོན་གཏོང་ཐུབ་ཀྱི་མེད། ཕྱོགས་གཞན་པ་ཞིག་ནས་བལྟས་པ་ཡིན་ན་འདིས་གནས་ཚུལ་གཞན་དག་ཞིག་ང་ཚོར་ར་སྤྲོད་བྱེད་ཀྱི་ཡོད། དེ་ཡང་ང་ཚོས་སུབ་བྱེད་ཀྱི་བྱ་ཐབས་བེད་སྤྱད་དེ་གནད་འགག་ཆེ་བའི་ཡིག་ཆ་ཁག་མ་སུབ་བར་དེ་ཚོ་གློག་ཀླད་ནས་གཙང་བཟོའམ་རྕ་མེད་བཟོ་ཐུབ་ཀྱི་མེད། ཡིན་ནའང་། དེ་ཚོ་མི་སུ་གང་གིས་མ་མཐོང་སར་སྦེད་སྐུང་བྱེད་ཐུབ་ཀྱི་ཡོད། ཡིག་ཆ་དེ་ལྟ་བུ་ཡོད་པའི་ཡིག་སྣོད་དེ་ཚོ་རྟོགས་དཀའ་བའི་ཡིག་སྣོད་ནས་ཕྱིར་ལེན་ཐུབ་པའམ་ཡང་ན་དོན་མེད་ཀྱིས་མིང་འདྲ་མིན་བཏགས་ཏེ་གསོག་འཇོག་བྱེད་ཀྱི་ཡོད། འདི་ནི་བརྡ་འཕྲིན་ཡིག་སྣོད་ཀྱི་གལ་ཆེའི་གནད་དོན་ཞིག་མིན། ཡིན་ནའང་། ཁྱེད་རང་གློག་ཀླད་བེད་སྤྱོད་གཏོང་དུས་གནས་ཚུལ་དེ་ཚོ་དགོས་ཡག་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན། དེ་ཚོ་སོ་སོས་རང་འགུལ་ངང་ ལས་ཀ་བྱེད་ཐུབ་ཀྱི་ཡོད། དེ་ཡང་དཔེ་མཚོན་ཙམ་ཞུས་ན།

    • ཁྱེད་རང་ལ་དྲ་རྒྱ་བརྒྱུད་རག་པའི་འཕྲལ་སེལ་ཡིག་ཆ་ཁག་དྲ་ཤོག་སྟེང་མངོན་གྱི་ཡོད། དེ་ཡང་ཡི་གེ་དང་པར་རིས། དེ་བཞིན་ཞལ་ཟས་ལྟ་བུའི་ཡིག་ཆའམ་མཉེན་ཆས། ཨེ་མལ་ཁ་བྱང་གི་གནས་ཚུལ། དྲ་ཐོག་ནང་བཀོལ་སྤྱོད་བྱེད་བཞིན་པའི་སོ་སོ་རང་ཉིད་ཀྱི་གནས་ཚུལ་དང་cookiesདང་དྲ་རྒྱ་བལྟ་ཀློག་བྱས་པ་སོགས་གསལ་སྟོན་བྱེད་ཐུབ་ཀྱི་ཡོད།
    • ཁྱེད་རང་གི་གློག་ཀླད་སྐྱོན་མ་ཤོར་གོང་བརྒྱུད་ལམ་འདྲ་མིན་ནས་རག་པའི་འཕྲལ་སེལ་ཡིག་ཆ་གསོག་འཇོག་བྱས་པ་ཁག་བསྐྱར་ལེན་ཡོང་ཐབས་སུ་ཕན་གྲོགས་བྱེད་རྒྱུ། ཡིག་ཆ་དེ་ཚོའི་ནང་ཡི་གེ་དང་པར་རིས། འགྲེམ་སྤེལ་བྱས་པའི་ཡིག་ཆ་དང་ཡིག་ཆ་གཞན་དེ་བཞིན་གལ་གནད་ཆེ་བའི་གནས་ཚུལ་སོགས་ཚུད་ཡོད།
    • གློག་ཀླད་ཀྱིས་སྟབས་བདེ་བེད་སྤྱོད་ཡོང་ཐབས་ཆེད་གསོག་འཇོག་བྱས་ཡོད་པའི་ཡིག་སྣོད་དང་དྲ་ཐག་ཏེ། ཁྱེད་རང་གིས་ཉེ་ཆར་བཀོལ་སྤྱོད་བྱས་ཡོད་པའི་བྱ་ཐབས་དེའི་སྟབས་བདེའི་ཐབས་ལམ་གསར་པ་བརྒྱུད་ཡིག་སྣོད་ཀྱི་གད་སྣོད་ནང་ཡོད་པའི་དྲ་ཐག་གི་གནས་ཚུལ་དེ་ཚོ་སྦེད་སྐུང་དང་མེད་པ་བཟོ་ཡག་དྲན་པ་བརྗེད་རྒྱུ་མེད།
    • དུས་ཚོད་གཅིག་ནང་ཁྱེད་རང་གི་གློག་ཀླད་རྙིང་པའི་ནང་བརྒྱུད་ལམ་འདྲ་མིན་བེད་སྤྱད་དེ་བཀོལ་སྤྱོད་བྱེད་ཀྱི་ཡོད་དུས་གློག་ཀླད་ཀྱི་ཤོང་ཚད་དེ་ཁེངས་ཀྱི་ཡོད།དེ་ཡང་མཚམས་རེ་ཡིག་སྣོད་རིང་པོ་ཞིག་གློག་ཀླད་ཀྱི་ཡིག་ཆ་བརྗེ་ལེན་ནང་ཕབ་བཤུ་རྒྱུན་རིང་པོ་བྱས་པ་ཡིན་ན་གློག་ཀླད་ཀྱི་ཤོང་ཚད་དེ་ཁེངས་ཀྱི་ཡོད། དེར་བརྟེན། ཡིག་སྣོད་དེའི་ནང་དྲ་ཤོག་དང་ཡིག་ཆའི་དཀར་ཆག དེ་བཞིན་གསང་ཡིག་གམ་ཡང་ན་བརྡ་ཚིག་བཀྲོལ་བྱེད་ཀྱི་ལྡེ་མིག་རག་གི་མེད། ཁྱེད་རང་གིས་གློག་ཀླད་ཁ་བརྒྱབ་ཀྱང་ཡིག་ཆ་བརྗེ་ལེན་བྱེད་རྒྱུའི་བྱ་ཐབས་དེ་མེད་པ་བཟོ་གི་མེད་དུས་དེ་ཚོ་གློག་ཀླད་སྒོ་མ་བརྒྱབ་པའི་སྔོན་ངེས་པར་མེད་པ་བཟོ་དགོས།

    ཁྱེད་རང་གི་གློག་ཀླད་ནང་ཡོད་པའི་གནས་སྐབས་ཀྱི་ཡིག་སྣོད་དེ་ཚོ་མེད་པ་བཟོ་དགོས་ན་རིན་མེད་མཉེན་ཆས་CCleanerཞེས་པ་དེ་བེད་སྤྱོད་གཏོང་དགོས། མཉེན་ཆས་དེ་ནི་དམིགས་སུ་བཀར་ནས་ཨིན་ཀྲ་ནེ་ཀྲི་ཨེག་སེ་པོ་ལོ་རར་དང་མོའོ་ཛི་ལ་ཕ་ཡར་ཕོག་སེ། དེ་བཞིན་མཱ་ཁའོ་སོབ་ཀྲི་ཨོ་ཕེ་སེ་སོགས་ཀྱི་བྱ་ཐབས་ཁག་སྤྱད་ཡོད་པའི་ཡིག་ཆ་ཁག་གཙང་བཟོ་བྱེད་ཀྱི་ཡོད་པ་མ་ཟད་ངོ་གདོང་ཡང་གཙང་བཟོ་བྱེད་ཀྱི་ཡོད། གཙང་ཕྱིད་ཀྱི་བྱ་ཐབས་ནི་གློག་ཀླད་ཀྱི་མཁྲེགས་ཆས་ནང་གསོག་འཇོག་བྱས་ཡོད་པའི་ཡིག་ཆ་སུབ་པ་ཁག་གཙང་བཟོ་བཟོ་ཆེད་ཀྱི་ཐབས་ལམ་ཞིག་ཡིན། དེ་བེད་སྤྱོད་གཏོང་སྟངས་ནི་ཉེན་མེད་ཡིག་ཆ་སུབ་སྟངས་ CCleanerདང་གཙང་བཟོ་བྱེད་སྟངས་Eraserཀྱི་ལམ་སྟོན་ཤེས་བྱར་གཟིགས་ན་མཁྱེན་ཐུབ།

    Hands-on: Get started with the CCleaner - Secure File Deletion and Work Session Wiping Guide

    ཉེན་མེད་སུབ་བྱེད་བྱ་ཐབས་ཚགས་ཚུད་བེད་སྤྱོད་བྱེད་སྟངས་ཀྱི་ལམ་སྟོན།

    ཁྱེད་རང་གི་ཀློག་ཀླད་དང་ཡིག་ཆ་གསོག་འཇོག་བྱེད་སའི་ཡོ་ཆས་ནང་ཡོད་པའི་གནད་འགག་ཆེ་བའི་ཡིག་ཆ་ཁག་ཇི་ལྟར་སུབ་ཀྱི་ཡོད་མེད་དང་བྱ་ཐབས་ག་རེ་བེད་སྤྱད་དེ་ཡིག་ཆ་དེ་ཚོ་རྩ་མེད་བཟོ་གི་ཡོད་པ་ཤེས་ཀྱི་ཡོད། གལ་སྲིད་ཁྱེད་རང་ཐེངས་མ་དང་པོ་བྱ་ཐབས་དེ་བེད་སྤྱོད་གཏོང་མཁན་ཡིན་པ་གང་ཞིག་ཁྱེད་རང་གི་གློག་ཀླད་ཀྱི་མཁྲེགས་ཆས་དེ་ཚགས་ཚུད་བརྟན་སྲུང་ངང་གཙང་བཟོ་བྱེད་དགོས་ན་གཤམ་ལ་ཡོད་པའི་སྟབས་བདེའི་ཐབས་ལམ་དེ་ཚོ་ངེས་པར་ལག་ལེན་བསྟར་དགོས།

    • སློབ་ཚན་ལྔ་པའི་ནང་གི་བརྗོད་དོན་གནས་ཚུལ་བརླག་དོར་ཤོར་བ་ཁག་ཇི་ལྟར་བསྐྱར་ལེན་བྱེད་དགོས་སམཞེས་པའི་སློབ་སྟོན་ཤེས་བྱ་དེ་ཚོ་ཤེས་པའི་ཐོག་ཁྱེད་ཀྱི་གནད་འགག་ཆེ་བའི་ཡིག་ཆ་ཁག་བསྐྱར་ལེན་བྱེད་ཡག་གི་བརྡ་ཚིག་ཞིག་བཟོ་དགོས།
    • གློག་ཀླད་ནང་གི་དགོས་མེད་ཀྱི་མཉེན་ཆས་ཁ་ཕྱེ་བ་ཁག་སྐོ་བརྒྱབ་པ་དང་སྦྲགས་དྲ་རྒྱའི་བརྒྱུད་ལམ་དེ་ཆད་དགོས།
    • ཡིག་ཆ་གསོག་འཇོག་བྱེད་སའི་ཡོ་ཆས་ནང་ཡོད་པའི་ཡིག་སྣོད་ཁག་སུབ་ཏེ་ཡིག་སྣོད་ཀྱི་གད་སྣོད་དེ་སྟོང་པ་བཟོ་དགོས།
    • CCleanerབེད་སྤྱད་དེ་སྐབས་འཕྲལ་གྱི་ཡིག་སྣོད་ཁག་མེད་པ་བཟོ་དགོས།
    • Eraserསུབ་བྱེད་བེད་སྤྱད་དེ་གློག་ཀླད་ཀྱི་ངོ་གདོང་ཐོག་ཡོད་པའི་བརྗེ་ལེན་གྱི་ཡིག་ཆ་swap fileདེ་མེད་པ་བཟོ་དགོས།
    • Eraserསུབ་བྱེད་བེད་སྤྱད་དེ་ཁྱེད་རང་གི་གློག་ཀླད་དང་དེའི་མཁྲེགས་ཆས་ནང་ཡོད་པའི་སྟོང་ཆ་དེ་ཚོ་མེད་པ་བཟོ་དགོས། བྱ་ཐབས་དེ་ཆ་ཚང་ཚར་ཡག་ལ་མཚན་གང་གོར་སྲིད་པ་ཞིག་ཡིན།་གང་ཡིན་ཞེ་ན་བྱ་ཐབས་དེས་ལས་ཀ་གོར་པོ་བྱེད་ཀྱི་ཡོད།

    དེར་བརྟེན་ཁྱེད་རང་གིས་གཤམ་དུ་ཡོད་པའི་བྱ་ཐབས་འདི་ཚོ་བེད་སྤྱོད་གཏོང་དགོས་པ་ཆགས་ཀྱི་རེད།

    • དུས་ཐོག་ཏུ་གཙང་བཟོ་CCleanerབེད་སྤྱད་དེ་གནས་སྐབས་ཀྱི་ཡིག་ཆ་ཁག་སུབ་ཀྱི་རེད།
    • ཡིག་ཆ་བླུག་སའི་གད་སྣོད་དམ་ཡང་ན་གློག་ཀླད་ནང་ཡོད་པའི་སུབ་བྱེད་Eraserབྱ་ཐབས་བེད་མ་སྤྱད་པར་གནད་འགག་ཆེ་བའི་བརྡ་འཕྲིན་ཡིག་ཆ་ཁག་སུབ་བྱེད་བཀོལ་སྤྱོད་བྱས་ཏེ་སུབ་དགོས།
    • གློག་ཀླད་ཀྱི་ངོ་གདོང་ཐོག་ཡོད་པའི་བརྗེ་ལེན་གྱི་ཡིག་ཆ་swap fileཁག་དུས་ཐོག་ཏུ་སུབ་བྱེད་Eraserབེད་སྤྱད་དེ་མེད་པ་བཟོ་དགོས།
    • ཉེ་ཆར་གློག་ཀླད་ཀྱི་མཁྲེགས་ཆས་དང་གློག་རྡུལ་མ་ལག་གི་ཡོ་ཆས། དེ་བཞིན་ཅ་དངོས་གཞན་དག་ནང་གསོག་འཇོག་བྱས་ཡོད་པའི་གནད་འགག་ཅན་གྱི་ཡིག་ཆ་ཁག་སུབ་བྱེད་Eraser བེད་སྤྱད་དེ་མེད་པ་བཟོ་དགོས། དེ་ཡང་བེན་ཙེ་དང་བསྐྱར་སྤྱོད་འོད་སྡེར། བསྐྱར་སྤྱོད་བརྙན་པར་འོད་སྡེར། པར་ཆས་དང་ལག་ཐོག་ཁ་པར་གྱི་འཕོ་ལེན་དྲན་ཤེས་བྱང་བུ་དེ་བཞིན་གླུ་དབྱངས་ཉན་ཆེད་ཀྱི་སྟབས་བདེའི་ཡོ་ཆས་ཀྱང་དེའི་ནང་ཚུད་ཡོད།

    ཡིག་ཆ་གསོག་འཇོག་བྱེད་སའི་ཡིག་སྣོད་ནང་ཡོད་པའི་གནས་ཚུལ་ཧྲིལ་པོ་དེ་ཚོ་མེད་པ་བཟོ་སྟངས།

    ཁྱེད་ཀྱིས་མཚམས་རེ་ཡིག་ཆ་གསོག་འཇོག་བྱེད་སའི་མཁོ་ཆས་དེ་མེད་པ་བཟོ་དགོས་པ་ཆགས་ཀྱི་རེད། ཁྱེད་ཀྱི་གློག་ཀླད་རྙིང་པ་དེ་མི་གཞན་ལ་བཙོང་བའམ་ཡང་ན་སྟེར་དགོས་ཐུག་པ་ཡིན་ན་གློག་ཀླད་ཀྱི་མཁྲེགས་ཆས་དེ་སོསོས་ཚུར་ལེན་པའམ་ཡང་ན་ཚོང་ས་དེར་གསར་པ་ཞིག་ཉོས་པ་ཡིན་ན་ལེགས་པ་ཡོད་པའི་སྐུལ་མ་བྱེད་དགོས། གལ་སྲིད་དེ་ཁྱེད་ཀྱི་གདམ་ག་འམ་ཐབས་ཤེས་ཤིག་མ་རེད་བསམ་གྱི་འདུག་ན་དེ་བེད་སྤྱོད་མ་གཏང་བའི་སྔོན་སུབ་བྱེད་Eraserབེད་སྤྱད་དེ་མེད་པ་བཟོ་དགོས། གལ་སྲིད་ཁྱེད་ཀྱི་མཁྲེགས་ཆས་དེ་ཉར་དགོས་ཐུག་པ་གང་ཞིག་ཡང་བསྐྱར་བེད་སྤྱོད་བྱེད་དགོས་པའམ་སྐྱུར་དགོས་ཐུག་པ་ཡིན་ན་དེའི་ནང་ཡོད་པའི་ཡིག་ཆ་ཁག་མེད་པ་བཟོ་དགོས། དེ་དང་ཕྱོགས་མཚུངས་གལ་སྲིད་ཁྱེད་ཀྱི་མཁྲེགས་ཆས་གསར་པ་ཞིག་ཉོས་པ་ཡིན་ན་རྙིང་པའི་ནང་ཡོད་པའི་ཡིག་ཆ་གསར་པའི་ནང་ནང་འཇུག་དང་བསྐྱར་ལེན་བྱས་ཏེ་རྙིང་པ་དེ་མེད་པ་བཟོ་དགོས། གལ་སྲིད་ཁྱེད་ཀྱི་མཁྲེགས་ཆས་རྙིང་པ་དེ་གཡུག་དགོས་པ་བྱུང་བའམ་ཡང་ན་བསྐྱར་བཟོ་བྱེད་དགོས་ཐུག་པ་ཡིན་ན་དེ་གཏོར་བཤིག་གཏོང་ཡག་ལ་བསམ་བློ་ངེས་པར་གཏོང་དགོས། གང་ཡིན་ཞེ་ན་གློག་ཀླད་མང་པོ་ཞིག་གི་ཐོག་གནད་འགག་ཆེ་བའི་གནས་ཚུལ་ཁག་མ་སུབ་པའི་སྔོན་ཐོ་བ་ཡོད་པའི་རྟགས་ཤིག་ཐོན་གྱི་ཡོད། དེར་བརྟེན། ཡིག་ཆ་གང་འདྲ་ཞིག་སུབ་ཀྱང་མ་སུབ་པའི་སྔོན་ངེས་པར་བསམ་བློ་ཡག་པོ་གཏོང་དགོས།

    གོང་དུ་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཁག་གི་གནས་སྟངས་ལ་བསམ་གཞིགས་བྱེད་དུས། ཁྱེད་ཀྱིས་གློག་ཀླད་ཀྱི་མཁྲེགས་ཆས་ཐོག་ཡོད་པའི་གནས་ཚུལ་ཁག་སུབ་བྱེད་Eraserབེད་སྤྱད་དེ་མེད་པ་བཟོ་དགོས། ཡིན་ནའང་། གློག་ཀླད་མ་ལག་གིས་མཁྲེགས་ཆས་དེ་བེད་སྤྱོད་བྱེད་ཀྱི་ཡོད་ན་མ་གཏོགས་ཡིག་ཆ་དེ་ཚོ་སུབ་ཐུབ་ཀྱི་མེད། དཀའ་ངལ་དེ་སེལ་ཡག་གི་ཐབས་ལམ་ལས་སླ་ཤོས་ནི་མཁྲེགས་ཆས་དེ་མར་སྟོན་ནས་གློག་རྡུལ་མ་ལག་གི་ཡོ་ཆས་ནང་ནང་འཇུག་བྱས་ཏེ་གློག་ཀླད་ནང་ནས་དེ་མེད་པ་བཟོ་བའམ་ཡང་ན་སུབ་དགོས། དེ་ཡང་། གློག་ཀླད་ཀྱི་མཁྲེགས་ཆས་ནང་ཡོད་པའི་ཁྱེད་རང་གི་གནས་ཚུལ་ཁག་ཆ་ཚང་མེད་པ་བཟོ་གི་ཡོད། དེ་རྗེས་སུབ་བྱེད་Eraserབེད་སྤྱད་དེ་མཁྲེགས་ཆས་དེ་གཙང་བཟོ་བྱེད་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ་དེ་ཡང་སེ་བྱེད་དགོས་ཀྱི་མེད། གང་ཡིན་ཞེ་ན། དེས་དུས་ཚོད་མང་པོ་ཞིག་ཟ་གི་ཡོད།

    བསྐྱར་སྤྱོད་འོད་སྡེར་རམ་བརྙན་ཆས་འོད་སྡེར་ནང་གསོག་འཇོག་བྱས་ཡོད་པའི་ཡིག་ཆ་ཁག་མེད་པ་བཟོ་རྒྱུའི་ཚབ་ཏུ་དེ་ལས་སྒོར་ལེབ་དེ་གཏོར་བཤིག་གཏང་ན་ཡག་ག་ཡོད། གལ་སྲིད་ཁྱེད་ལ་དེ་ཡིན་གཅིག་མིན་གཅིག་དགོས་ཀྱི་ཡོད་ན། ཁྱེད་རང་གིས་འདོད་པ་ཡོད་པའི་ཡིག་ཆ་འདྲ་མིན་གསོག་འཇོག་བྱེད་ས་ཞིག་བཟོ་དགོས། འདི་ནི་བསྐྱར་སྤྱོད་བྱེད་ཡག་མེད་པའི་འོད་སྡེར་ནང་གསོག་འཇོག་བྱས་ཡོད་པའི་ཡིག་ཆ་ཁག་མེད་པ་བཟོ་ཆེད་ཀྱི་ཐབས་ལམ་གཅིག་པུ་དེ་ཡིན། འོད་སྡེར་རམ་ཡང་ན་བརྙན་ཆས་འོད་སྡེར་ནང་ཡོད་པའི་གནས་ཚུལ་ཁག་ཆ་ཚང་མེད་པ་བཟོ་ཡག་ནི་དཀའ་འཛེགས་ཅན་ཞིག་ཡིན། གང་ཡིན་ཞེ་ན། ཁྱེད་རང་གི་ཤེས་གསལ་ལ་སྒོར་ལེབ་དེ་ཚོ་དུམ་བུར་བཏང་ཀྱང་དེ་ཚོའི་ཐོག་ཡོད་པའི་གནས་ཚུལ་ཁག་བསྐྱར་ལེན་བྱེད་ཐུབ་ཀྱི་ཡོད། སྒྲུང་གཏམ་དེ་དངོས་བྱུང་གི་སྒྲུང་གཏམ་ཞིག་ཡིན། ཡིན་ནའང་། ཐབས་ལམ་དེ་བརྒྱུད་གནས་ཚུལ་ཁག་བསྐྱར་སྐྲུན་བྱེད་ཡག་ལ་དུས་ཚོད་དང་ཆེད་ལས་མཁས་པ་དེ་འདྲ་དགོས་ཀྱི་ཡོད། དེར་བརྟེན།གནས་ཚུལ་དེ་བཀོལ་སྤྱོད་བྱེད་ཡག་ལ་མི་དེ་བེད་སྤྱོད་བྱེད་མིན་ནི་ཁྱེད་རང་ལ་རག་ལུས་ཡོད། གང་ཡིན་ཞེ་ན་ཇེམ་ཙེ་གྱོང་པོ་ཆ་གཅིག་གིས་ལས་ཀ་དེ་འཁྲུལ་མེད་ངང་ཡག་པོ་བྱེད་ཐུབ་ཀྱི་ཡོད་པ་ལྟར་རེད། གལ་སྲིད་ཁྱེད་ཀྱིས་སྔོན་འགོག་ཐོད་པ་དེ་འདྲ་བྱེད་དགོས་པ་འདུག་བསམ་ན་དུམ་བུ་བཏང་བ་དེ་ཚོ་བསྲེས་ཏེ་ཁྱེད་རང་གི་ལས་ཁུངས་དང་ཁང་པ་མེད་སའི་ཐག་རིང་ས་ཕྱོགས་འདྲ་མིན་ནང་གཡུག་དགོས།

    ཨེ་ལི་ཎ། ད་དུང་ང་ལ་དྲ་ཐོག་བརྒྱུད་བསྐྱར་ལེན་བྱས་པའི་འོད་སྡེར་ཡོད། ངས་ཤེས་གསལ་ལ་ཁྱེད་རང་གིས་གློག་ཀླད་ཀྱི་ཕྲ་རླབས་བེད་སྤྱད་དེ་འོད་སྡེར་མེད་པ་བཟོ་གི་ཡོད་རེད་ཅེས་གོ་བྱུང་། གང་ལྟར་ཀྱང་ང་ལ་བསམ་ཚུལ་དེ་སྡུག་ཅག་ཅིག་ཡིན་པའི་སྣང་བ་སྐྱེས་བྱུང་། མི་དེ་ཚོས་དངོས་གནས་དེ་འདྲ་བྱེད་ཀྱི་ཡོད་དམ། དེས་ལས་ཀ་བྱེད་ཀྱི་རེད་དམ།

    ནེ་ཁོ་ལི། ངས་ཇི་ལྟར་ཡིག་ཆ་ཚགས་ཚུད་ངང་མེད་པ་བཟོ་ཡག་ཐད་ལ་བསམ་བློ་གཏོང་གི་ཡོད། ཡིན་ནའང་། ངས་དེའི་སྐོར་ལ་གང་ཡང་ཤེས་ཀྱི་མེད། གང་ཡིན་ཞེ་ན། ངས་ཕྲ་རླབས་ནང་འོད་སྡེར་བཅུག་ཏེ་བེད་སྤྱོད་གཏོང་མྱོང་མེད། རེད་དེ་དངོས་གནས་རེད། བསམ་ཚུལ་དེ་ཉེན་ཁ་ཅན་ཞིག་ཡིན། གལ་སྲིད་ལྕགས་རིས་དེས་ཕྲ་རླབས་གཏོར་སྐྱོན་མ་བཏང་ཀྱང་དེས་འོད་སྡེར་དེ་མེ་བརྒྱབ་ཐུབ་ཀྱི་ཡོད། མེ་བརྒྱབ་པའི་འོད་སྡེར་དེའི་དྲི་མ་ནི་དྲི་ངན་ཞིག་ཡིན་དུས་ངས་འོད་སྡེར་མེ་མ་བརྒྱབ་ན་ཡག་ག་འདུག་ཅེས་ངོ་སྤྲོད་བྱེད་ཀྱི་ཡིན།

    བསྐྱར་སྦྱོང་།

    • ཉེན་མེད་སུབ་བྱེད་བེད་སྤྱད་དེ་ཡིག་ཆ་ཁག་རྩ་མེད་བཟོ་ཐུབ་ཀྱི་མེད་པར་བརྟེན། ཕ་ཡར་ཕོག་སེ་ཡིས་འཕྲལ་སེལ་གྱི་ཡིག་ཆ་ཁག་གཙང་བཟོ་བྱེད་ཡག་ལ་མཐུན་རྐྱེན་སྦྱོར་གྱི་ཡོད། ཁྱད་ཆོས་དེ་ནི་ཕ་ཡར་ཕག་སེ་ཡི་ལམ་སྟོན་ཤེས་བྱར་ངོ་སྤྲོད་བྱས་ཡོད་པས་Firefox Guideདེར་ཁྱེད་ཀྱིས་གཟིགས་ན་མཁྱེན་ཐུབ།
    • གཙང་བཟོ་བྱེད་ཐབས་CCleaner FAQཀྱིས་ང་ཚོར་ཡིག་ཆ་ནང་འཇུག་བྱེད་སྟངས་དང་བྱ་ཐབས་དེ་བཀོལ་སྤྱོད་བྱེད་སྟངས་ཐད་ལ་གནས་ཚུལ་ཐོད་པ་དེ་འདྲ་མཁོ་སྤྲོད་བྱེད་ཀྱི་ཡོད།
    • ཡིག་ཆ་སུབ་སྤྱོད་ནི་ཤོག་བུ་བེད་སྤྱོད་བྱེད་སྟངས་ལ་རག་ལུས་དུས་ཕི་ཀྲར་ག་ཀྲེ་མན་གྱིས་བློ་འགུགས་ནུས་པའི་དྲན་ཤེས་ཀྱི་གཟུགས་ཅན་བྱང་བུ་བརྒྱུད་ཉེན་མེད་སུབ་བྱེད་བེད་སྤྱད་དེ་ཡིག་ཆ་སུབ་ན་དགེ་མཚན་ཆེ་བ་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་པས་གཤམ་གྱི་དྲ་ཐག་ལ་གཟིགས་ན་མཁྱེན་ཐུབ། Gutmann_methodནང་ཁོ་རང་གིས་ཐབས་ལམ་འདི་བེད་སྤྱད་པ་ཡིན་ན་སུབ་བྱེད་མཁོ་ཆས་དང་ཡིག་སྣོད་སུབ་སྟངས་ཀྱི་བྱ་ཐབས་ཁག་ཡར་རྒྱས་གཏོང་ཡག་ལ་གལ་ཆེའི་ལག་རྗེས་འཇོག་གི་ཡོད་པའི་འགྲེལ་བརྗོད་བྱས་ཡོད།