1. ཁྱེད་རང་གིས་གང་འདྲ་སེ་གློག་ཀླད་མཉེན་ཆས་རྫུས་མ་དང་གློག་ཀླད་མཁས་པའི་གཡོ་རྒྱུ་ལས་སྐྱོབ་ཐུབ་བམ།

Table of Contents

...Loading Table of Contents...

    ཁྱེད་ལ་གློག་ཀླད་བཀོལ་སྤྱོད་ཐོག་ཤེས་ཡོན་ཡག་པོ་མིན་ལ་མ་ལྟོས་པར་རང་ཉིད་ཀྱི་གློག་ཀླད་ཀྱི་ཉེན་སྲུང་ཡག་པོ་བྱ་རྒྱུ་ནི་གློག་ཀླད་བཀོལ་སྤྱོད་ཀྱི་ཐབས་ལམ་ལེགས་ཤོས་ཤིག་ཡིན། གློག་ཀླད་བཀོལ་སྤྱོད་བྱེད་སྐབས་ངེས་པར་དུ་སོ་སོའི་གློག་ཀླད་དྲ་འབུ་དང་དྲ་ནད་ཀྱི་རྒོལ་འཛིན་ལས་ཐར་ཐབས་བྱ་རྒྱུ་ནི་གསང་ཡིག་ཁག་པོ་དང་སྒེེར་གྱི་བརྡ་འཕྲིན་བརྒྱུད་ལམ་དེ་བཞིན་བཀག་བསྡོམས་ཉེན་སྐྱོབ་ལས་ལྷག་པ་ཡོད་པས་སློབ་སྦྱོང་དང་བཀོལ་སྤྱོད་བྱ་རྒྱུ་དེ་བས་གལ་གངས་ཆེ་བ་ཡོད།་དེ་ལྟ་བུའི་གློག་ཀླད་ཉེན་སྲུང་ལས་ལྷག་པའི་མཉེན་ཆས་ཀྱི་ཉེན་སྲུང་བློས་འགེལ་ཐུབ་པ་ཧ་ལམ་མེད།

    མདོར་བསྡུས་ནས་བཤད་ན་།རྐུན་མ་རྡོ་བཀྱག་ཏུ་སླེབས་ནས་སྒོ་ལྕགས་བརྒྱབ་པ་བཞིན།ཁང་པའི་སྒོ་ཆེན་པོ་ཞིག་སྡང་ནས་སྐས་འཛེགས་འཚོལ་བ་གཉིས་ཀར་ཕན་པ་གང་ཡང་མེད།་སློབ་ཚན་འདིས་ག་རེ་འགྲེལ་བཤད་བྱེད་ཀྱི་ཡོད་དམ་ཞེ་ན།སོ་སོ་རང་ཉིད་ཀྱི་གློག་ཀླད་དེ་བཞིན་ཉེན་སྲུང་མཉེན་ཆས་Avast, Spybotདང་Comodo Firewallདང་སོང་གི་དྲྭ་འབུ་དང་དྲྭ་ནད་གློད་ཀླད་མཁས་པའི་མིག་འཕྲུལ་གྱི་འཐབ་འཛིང་ལས་ཉེན་སྲུང་ཇི་ལྟར་བྱེད་དགོས་མིན་གྱི་འགྲེལ་བཤད་རྒྱག་གི་ཡོད།་སློབ་ཚན་འདིའི་ནང་ངོ་སྤྲོད་བྱས་པའི་མཉེན་ཆས་བཀོལ་བཅུག་གི་ཐབས་ལམ་འདི་དག་ནི (Windows) མཉེན་ཆས་བཅུག་ཡོད་པའི་གློག་ཀླད་དང་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ (os) ཆ་རྐྱེན་ཡོད་པའི་མི་ལ་ཉེན་ཁ་འཕྲད་སྲིད་པ་ཞིག་ཡིན་པས་འོག་གི་ཐབས་ལམ་ཁག་ལ་གཟིགས་རྒྱུ་ནི་གལ་ཆེན་པོ་ཡིན་པས་ངེས་པར་བལྟ་ཀློག་ཐུབ་པ་བྱེད་དགོས།

    རྒྱབ་ལྗོངས་ཀྱི་གནས་ཚུལ།

    ཨ་ས་ནི་ཕན་ཁོ་ཕོན་ཞེས་པའི་ལྷོ་ཨ་ཧྥེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གྱི་མི་ཞིག་ཡིན་། དུས་རྒྱུན་དུ་ཁོ་རང་གི་ན་གསོ་དར་ལ་བབ་པའི་ཁོ་རང་གི་བུ་ཕྲུག་ས་ལི་མཱ་དང་མའོ་མིན་ཀྲའོ་ས་ནས་གློག་ཀླད་བེད་སྤྱོད་བྱེད་སྟངས་ཐད་རོགས་རམ་ལེན་གྱི་ཡོད། བུ་ཕྲུག་གཉིས་ཀྱིས་ཕ་ཡི་གློག་ཀླད་ཀྱི་གནས་སྟངས་མཐོང་མ་ཐག་ཁོང་ལ་གློག་ཀླད་བཀོལ་སྤྱོད་བྱེད་སྟངས་དང་བདག་གཅེས་ཇི་ལྟར་བྱེད་དགོས་མིན་གྱི་གཞི་རྩའི་སློབ་སྦྱོང་སྤྲོད་ཀྱི་ཡོད། ཨ་ས་ནི་ནི་པད་ཤག་སྤྲོད་མི་དགོས་པའི་མཉེན་ཆས་བེད་སྤྱོད་གཏོང་རྒྱུར་བསམ་བློ་ཡོད་མཁན་ཞིག་ཡིན་པས་མཉེན་ཆས་དེ་དག་གི་གློག་ཀླད་ལ་ཉེན་སྲུང་ཆེ་ཆུང་ཇི་ཙམ་བྱེད་ཐུབ་མིན་གྱི་སློབ་སྦྱོང་མེད་པར་བརྟེན། ཁོང་གཉིས་ས་ནས་བསླབ་བྱ་བླངས་པ་རེད།

    ཁྱེད་རང་གིས་སློབ་ཚན་འདི་རྒྱུད་ནས་ག་རེ་ཤེས་སོང་ངམ།

    • ཉེན་ཚབས་ཆེ་བའི་དྲ་གནས་ མཉེན་ཆས་རྫུས་མའི་རང་གཤིས་ཏེ་བརྡ་འཕྲིན་མ་ལག་གི་ལྷུ་སྒྲིག་དང་། བདག་དབང། དེ་བཞིན་རང་ཉིད་ཀྱི་གློག་ཀླད་ཀྱི་བརྟན་སྲུང་དང་གནས་བབ་ལ་ཆོད་འཛིན་གང་འདྲ་བྱེད་མིན་།
    • གང་འདྲ་བྱས་ནས་དྲ་ནད་དང་དྲ་འབུ་ལས་གཡོལ་ཐབས་ཀྱི་སྣ་མང་ཤེས་ཡོན་གྱི་ཤེས་བྱའི་ངོ་སྤྲོད་བྱུང་བ།
    • གང་འདྲ་བྱས་ནས་ཉེན་སྲུང་མཉེན་ཆས་བེད་སྤྱོད་བྱས་ཏེ་གློག་ཀླད་སྲུང་སྐྱོབ་བྱེད་ཐབས།
    • གང་འདྲ་བྱས་ནས་ ཉེན་སྲུང་མཉེན་ཆས་ བེད་སྤྱོད་བྱས་ཏེ་མཉེན་ཆས་རྫུན་མ་དང་དུས་ཚོད་གཡོལ་བའི་དྲ་བཅུག་མཉེན་ཆས་ཁག་ལས་གཡོལ་ཐབས་དང་སྙན་གྲགས་ཆེ་བའི་མཉེན་ཆས་ཁག་གློག་ཀླད་ནང་བཅུག་ནས་ནུས་པ་གོང་མཐོར་གཏོང་ཐབས་སྐོར།

    དྲ་འབུ།

    གློག་ཀླད་ཀྱི་དྲ་འབུ་ཁག་དབྱེ་བ་ཕྱེ་སྟངས་ལ་མིང་འདྲ་མིན་སྣ་ཚོགས་ཤིག་བཏགས་ཡོད་པ་ནི། དཔེར་ན། (macroviruses) དང་ (trojans) དང་ (backdoors) སོགས་ཡིན། དྲ་འབུ་འདི་དག་མང་ཆེ་བ་དྲ་ལམ་དང་གློག་ཀླད་ཀྱི་འཕྲིན་ལམ་དེ་བཞིན་དྲ་རྒྱ་དང་ཉེན་སྲུང་མེད་པའི་གློག་ཀླད་ཁག་ལས་ཁྱབ་བརྡལ་འགྲོ་གི་ཡོད་ལ། གློག་ཀླད་ཀྱི་ཕྱི་ངོས་ཡོ་བྱད་ (USB) ལ་སོགས་གློག་འཕྲུལ་བརྒྱུད་ལམ་གྱི་ལག་ཆ་ཁག་ལས་བརྡ་འཕྲིན་མཇུག་སྣོན་བྱེད་སྐབས་འཕེལ་རྒྱས་འགྲོ་གི་ཡོད་། དྲ་འབུ་དེ་དག་གིས་རང་ཉིད་ཀྱི་གློག་ཀླད་ནང་ཡོད་པའི་བརྡ་འཕྲིན་དང་དྲ་བཅུག་གནས་ཚུལ་དག་གཏོར་གཤིགས་གཏོང་བའམ་ཡང་ན་གློག་ཀླད་ཀྱི་ཕྱི་ནང་གཉིས་ཀའི་ལས་དོན་བཀོལ་སྤྱོད་ཐད་དོ་ཕོག་བཟོ་གི་ཡོད། དྲ་འབུ་དེ་དག་གིས་རང་ཉིད་ཀྱི་གློག་ཀླད་བདག་བཟུང་བྱས་པ་ཙམ་མ་ཟད། གློག་ཀླད་འདི་རྒྱུད་ནས་གཞན་གྱི་གློག་ཀླད་ལའང་འཐབ་འཛིན་བྱེད་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ་དེང་སང་དྲ་འབུ་འགོག་བྱེད་ཀྱི་མཉེན་ཆས་མང་པོ་ཐོན་པར་རྟེན།རང་ཉིད་ཀྱི་གློག་ཀླད་རྒྱུད་གཞན་ལ་བརྡ་འཕྲིན་གནས་ཚུལ་ཇི་ཙམ་མཁོ་གཏོང་བྱས་ཀྱང་ཉེན་ཁ་དེ་ཙམ་ཆེན་པོ་མེད།

    ཉེན་སྲུང་མཉེན་ཆས།

    ཉེན་སྲུང་མཉེན་ཆས་ཆེད་ལས་མཁས་པ་ཚོས་ Avastཞེས་པའི་ཉེན་སྲུང་མཉེན་ཆས་དེར་ཚད་མཐོའི་གདེང་འཇོག་བྱེད་པ་ཙམ་མ་ཟད།་བེད་སྤྱོད་བྱེད་བདེ་བ། དུས་ཐོག་ཏུ་དུས་འགྱངས་ཐུབ་པའི་ཉེན་སྲུང་ཡག་པོ་ཞིག་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། མཉེན་ཆས་དེ་ཕབ་ལེན་བྱས་པ་ནས་ཟུང་དུས་ཡུན་ཟླ་༡༤ཙམ་འགན་ལེན་ཐུབ་ཀྱི་ཡོད།་དེ་རྗེས་དུས་ཐོག་ཏུ་བཀོལ་སྤྱོད་མཇུག་སྣོན་ཐུབ་ཀྱི་ཡོད་པའི་རིམ་མེད་མཉེན་ཆས་ཤིག་ཡིན།

    Hands-on: Get started with the Avast! - Anti-Virus Guide

    འདིར་ཚོང་ལས་ཁང་ཁོ་ནར་དམིགས་པའི་ཉེན་སྲུང་མཉེན་ཆས་ཀྱང་བརྡ་འཕྲིན་ཁྲོམ་རྭར་འཁོར་བསྐྱོད་བྱེད་བཞིན་ཡོད། ཉེན་སྲུང་མཉེན་ཆས་དེ་དག་ལ་རྨང་གཞི་ལྡན་པའི་མཉེན་ཆས་གཞན་པ་མཇུག་སྣོན་མ་ཐུབ་པ་དག་usbགློག་འཕྲུལ་བརྒྱུད་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད།

    ཉེན་སྲུང་མཉེན་ཆས་བེད་སྤྱོད་ཚད་ལྡན་ཡོང་ཐབས་ཀྱི་ཐབས་ལམ།

    • ཉེན་སྲུང་མཉེན་ཆས་གཉིས་དུས་ཚོད་གཅིག་ལ་བེད་སྤྱོད་བྱ་རྒྱུ་མེད། གལ་སྲིད་བེད་སྤྱོད་བྱས་པ་ཡིན་ན། ཁྱེད་རང་གི་གློག་ཀླད་ཧ་ཅང་མྱུད་ཚར་འགོར་པོ་ཆགས་པའམ་ཡང་ན་མཇུག་སྐྱོང་ཟིན་པའི་མཉེན་ཆས་རྣམས་མེད་པར་འགྱུར་ངེས་རེད། དེར་བརྟེན། ཉེན་སྲུང་མཉེན་ཆས་གཅིག་ཁྱེད་རང་གི་གློག་ཀླད་ནང་མ་བླུག་གོང་ཉེན་སྲུང་མཉེན་ཆས་གཞན་པ་དེ་ཕྱིར་ལེན་དགོས།
    • ཁྱེད་རང་གི་ཉེན་སྲུང་མཉེན་ཆས་དུས་ཐོག་ཏུ་གློག་ཀླད་ནང་ཁ་སྐོང་ཐུབ་པ་བྱེད་དགོས། ཚོང་ལས་ཆེད་དུ་དམིགས་པའི་ཉེན་སྲུང་མཉེན་ཆས་མང་པོ་ཞིག་གློག་ཀླད་གསར་པའི་ནང་རང་ཆས་ངང་བླུག་ཡོད་པའི་ཡིན་ནའང། དུས་ཚོད་གང་ཙམ་སོང་རྗེས་ཉེན་སྲུང་མཉེན་ཆས་དེ་ཁ་སྐོང་ཐུབ་ཀྱི་མེད། ངས་ངོ་སྤྲོད་བྱས་པའི་ཉེན་སྲུང་མཉེན་ཆས་དེ་རྣམས་ཀྱིས་ཁྱེད་རང་གི་གློག་ཀླད་ཉེན་སྲུང་མཉེན་ཆས་ལ་རིན་མེད་ཐོག་ཁ་སྐོང་ཐུབ་པའི་རོགས་པ་བྱེད་ཀྱི་ཡོད།
    • ཁྱེད་རང་གི་ཉེན་སྲུང་མཉེན་ཆས་དུས་ཐོག་ཏུ་གློག་ཀླད་ནང་ཁ་སྐོང་ངེས་པར་དུ་བྱེད་ཐུབ་པ་དགོས། གང་ཡིན་ཞེ་ན། དྲ་འབུ་མང་པོ་ཞིག་དྲ་ཐོག་ཏུ་འཁོར་བསྐྱོད་བྱེད་ཀྱི་ཡོད་པས། དྲ་ཐོག་བརྒྱུད་ཉེན་སྲུང་མཉེན་ཆས་ཐོན་Avastགསར་དུས་ཐོག་ཏུ་ཁ་སྐོང་བྱེད་མ་ཐུབ་ན། ཁྱེད་རང་གི་གློག་ཀླད་ལ་དཀའ་ངལ་འཕྲད་སྲིད་པ་ཞིག་ཡིན།
    • ཁྱེད་རང་གི་དུས་རྒྱུན་ཉེན་སྲུང་མཉེན་ཆས་དེ་དྲ་འབུ་རྩད་གཅོད་སྒྲོམ་གཞིའི་སྒང་བཞག་དགོས། ཉེན་སྲུང་མཉེན་ཆས་འདྲ་མིན་སྣ་ཚོགས་ཡོད་པ་བཞིན་དེ་དག་ལ་མིང་འདྲ་མིན་འདྲ་ཡོད།་དེ་དག་མང་ཆེ་བ་དུས་ཐོག་ཉེན་སྲུང་དང་བཅའ་སྡོད་ཉེན་སྲུང་། ཡང་ན་དེ་དང་ཕྱོགས་མཚུངས་པའི་བཅའ་སྡོད་འཚགས་བསེལ་འཕྲུལ་ཆས་ཀྱི་སྒྲོམ་གཞིའི་སྟེགས་སྒྲོམ་ནས་ཤེས་རྟོགས་ཐུབ་ཀྱི་ཡོད།
    • དུས་ཐོག་ཏུ་ཁྱེད་རང་གི་གློག་ཀླད་ཀྱི་ཡིག་སྣོད་ཁག་འཚག་བསེལ་བྱེད་དགོས། གལ་སྲིད་གོང་དུ་བཤད་པའི་གློག་ཀླད་ཉེན་སྲུང་གི་མཉེན་ཆས་སྒྲོམ་གཞི་ཁག་ཁྱེད་རང་གི་གློག་ཀླད་ནང་ཡོད་པ་ཡིན་ན། ཉིན་ལྟར་གློག་ཀླད་འཚག་བསེལ་བྱེད་དགོས་དོན་མེད། ཡིན་ནའང། ཁྱེད་ཀྱིས་དུས་དུས་ལ་རང་ཉིད་ཀྱི་གློག་ཀླད་ངེས་པར་འཚག་བསེལ་གནང་དགོས།

    དྲ་འབུའི་ཉེན་ཁ་འགོག་ཐབས་སྐོར།

    • ཨེ་མལ་གློག་འཕྲིན་གྱི་མཐུད་སྦྲེལ་ (MSN) དང་ (Skype) དེ་བཞིན་རྒྱུས་མེད་དྲ་རྒྱ་ཁ་ཕྱེ་ནས་གནས་ཚུལ་ཕབ་ལེན་དང་མཁོ་གཏོང་བྱེད་ཡས་ཀྱི་ལས་ཀ་ཁག་ལ་གཟབ་ནན་ངང་དོ་སྣང་བྱེད་རྒྱུ་ནི་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། རང་ཉིད་ལ་ཆ་རྒྱུས་མེད་པའི་དྲ་ལམ་ཁག་ནས་འབྱོར་བའི་ཡིག་སྣོད་ཁག་ཁ་ཕྱེ་ནས་བལྟ་ཀློག་བྱ་རྒྱུ་མེད་པ་ནི་ཐབས་ལམ་ཡག་ཤོས་དེ་ཡིན། གལ་སྲིད་ཡིན་ཅིག་ཁྱེད་ནས་ཡིག་སྣོད་དེ་ཁ་ཕྱེ་དགོས་ན། དང་ཐོག་ངེས་པར་དུ་ཡིག་སྣོད་དེ་རྣམས་རང་ཉིད་ཀྱི་གློག་ཀླད་ནང་གཅེས་ཉར་བྱས་ཏེ་འོས་ཤིང་འཚམས་པའི་མཉེན་ཆས་ (Microsoft Word) དང་ (Adobe Acrobat) བརྒྱུད་ཁ་ཕྱེ་དགོས། དྲ་ཐོག་གི་ཨེ་མལ་རང་འགུལ་གྱི་ཁ་ཕྱེ་བའམ་ཡང་ན་འབྱོར་ཟིན་པའི་ཡིག་སྣོད་ཁག་ཐེངས་གཉིས་ལག་པས་སྣུན་ནས་ཁ་མ་ཕྱེ་གོང། ཁྱེད་ཀྱིས་གློག་ཀླད་ཀྱི་ལས་འཆར་རིའུ་མིག་ལ་གཟིགས་ནས་བེད་སྤྱོད་བཏང་ན་གློག་ཀླད་ནང་དྲྭ་འབུ་ཁྱབ་སྤེལ་སྔོན་འགོག་བྱ་རྒྱུར་ཕན་ཐོག་ཡོད།
    • ཁྱེད་རང་གི་གློག་ནང་འགུལ་སྐྱོད་བརྒྱུད་ལམ་ཡོ་ཆས་ཏེ། འོད་སྡེར་དང་ (USB) སོགས་ནང་ནང་འཇུག་མ་བྱས་གོང་། ཉེན་ཁ་ག་རེ་འཕྲད་ཀྱི་ཡོད་པ་དེ་བས་བསམ་གཞིགས་ཐུབ་པ་བྱེད་དགོས། དང་ཐོག་ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་ཉེན་སྲུང་མཉེན་ཆས་དེ་ཁ་སྐོང་ཡང་བསྐྱར་བྱས་ཡོད་མེད་དང་། དེས་ལས་ཀ་བྱེད་ཀྱི་ཡོད་མེད་བརྟག་དཔྱད་བྱེད་དགོས། དེ་དང་ཕྱོགས་མཚུངས་ཁྱེད་ཀྱི་དྲ་འབུའི་ནད་ཡམས་འགོས་སླ་བའི་ཁྱེད་ཀྱི་གློག་ཀླད་ གློག་ཀླད་ཀྱི་མཉེན་ཆས་ (Autoplay) སྟངས་འཛིན་གྱི་ནུས་པ་མེད་བཟོ་ཐུབ་པ་ཡིན་ན་ཁྱེད་ཀྱི་གློག་ཀླད་ཉེན་སྲུང་བྱ་རྒྱུར་དགེ་མཚན་ཆེན་པོ་ཡོད། གལ་སྲིད་ཁྱེད་རང་གི་གློ་ཀླད་དེ. (Window XP) ཡི་མཉེན་ཆས་ལས་གྲུབ་པ་ཡིན་ན། ངའི་གློག་ཀླད་ཞེས་པའི་མཉེན་ཆས་ཀྱི་ལག་པ་གཡས་པའི་ངོས་སུ་ཡོད་པའི་འོད་སྡེར་བླུག་སྣོད་ཀྱི་བོངས་ཚད་ (Properties) བརྒྱུད་རང་ངོས་མཉེན་ཆས་ (Autoplay) སྣུན་དགོས། (ok) འགྲིགས་ཀྱི་རེད་ཞེས་པའི་གདམ་ཁ་དེ་མ་སྣུན་གོང་བཤད་ཟིན་པའི་གནད་དོན་རིགས་རེ་རེ་སྟེ་བྱ་སྤྱོད་མ་སྤེལ་ཟེར་བའམ་ཡང་ན་ཐེངས་གཅིག་མགྱོགས་པོ་བཀོལ་སྤྱོད་བགྱིས་ཞེས་པ་གཅིག་འདེམས་དགོས།
    • གལ་སྲིད་ཁྱེད་རང་གིས་བདག་བཟུང་མེད་པའི་མཉེན་ཆས་ཀྱི་ཡོངས་ཁུངས་ཁག་བེད་སྤྱོད་ཐུབ་པ་ཡིན་ན། དྲ་འབུ་སྔོན་འགོག་ཐད་ཕན་ཐོག་ཆེན་པོ་ཡོད་ལ། དྲ་འབུའི་འགོག་རྐྱེན་གྱི་ཉེན་ཀ་ལས་བརྟན་པ་དང་བཙན་པ་ཡོང་གི་གི་རེད།

    ཨ་ས་ཎེ་ལགས། ངར་དྲ་འབུ་སྔོན་འགོག་གི་མཉེན་ཆས་ཡོད་པས་དུས་རྒྱུན་བེད་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན། ངའི་གློག་ཀླད་འདི་དྲ་འབུའི་ཉེན་ཁ་མེད་པའི་གློག་ཀླད་ཞིག་ཡིིན་བསམ་གྱི་འདུག་་་ དེ་རེད་པས།

    ས་ལེ་མས་གསུངས་གསལ། ཁྱེད་རང་གི་གློག་ཀླད་ནང་ཉེན་སྲུང་མཉེན་ཆས་ཡོད་པ་ཙམ་གྱིས་འགྲིགས་ཀྱི་མེད། ཁྱེད་རང་གི་གློག་ཀླད་དེས་ངེས་པར་དུ་སོ་ཉུལ་མཉེན་ཆས་ (Spyware) དང་གློག་ཀླད་མཁས་པའི་མིག་འཕྲུལ་ (hackers) ལས་འགོག་སྲུང་བྱེད་དགོས། དེར་བརྟེན། ཁྱེད་རང་གིས་ངེས་པར་དུ་གློག་ཀླད་ནང་ཉེན་སྲུང་མཉེན་ཆས་ཤིག་ནང་འཇུག་བྱེད་དགོས།

    སོ་ཉུལ་མཉེན་ཆས།

    སོ་ཉུལ་མཉེན་ཆས། (Spyware) ཞེས་པ་འདི་ནི་ཉེན་ཚབས་ཆེ་བའི་མཉེན་ཆས་ཞིག་ཡིན་པས་གློག་ཀླད་དང་དྲ་ཐོག་ནང་ཡོད་པའི་ཁྱེད་ཀྱི་ལས་ཀ་ཁག་རྐུ་འཁྱེར་གྱིས་གཞན་ལ་གནས་ཚུལ་མཁོ་གཏོང་བྱེད་ཀྱི་ཡོད། མཉེན་ཆས་འདིས་ཁྱེད་ཀྱི་གློག་ཀླད་ནང་རྒྱབ་པའི་ཡི་གེ་དང་གློག་ཀླད་ཙི་ཙིའི་འགུལ་སྐྱོད། དེ་བཞིན་དྲ་རྒྱ་གང་འདྲ་ཞིག་ཁྱེད་ཀྱི་བལྟ་ཀློག་བྱེད་ཀྱི་ཡོད་པ་སོགས་གནད་དོན་མང་པོ་ཞིག་ལ་ཉེན་སྲུང་དང་ལས་དོན། དེའི་ནང་ཡོད་པའི་གསང་གནས་དེ་བཞིན་འབྲེལ་གཏུགས་བྱེད་སའི་མི་མང་པོ་ཞིག་གི་དྲ་རྒྱའི་ཉེན་སྲུང་ལ་དཀའ་ངལ་འཕྲད་ཀྱི་ཡོད། རྒྱུ་མཚན་དེར་བརྟེན་ཁྱེད་ཀྱི་གློག་ཀླད་ལ་དྲ་འབུས་ཉེན་ཁ་བཟོས་པ་བཞིན་སོ་ཉུལ་མཉེན་ཆས་ཀྱིས་ཀྱང་གནོད་སྐྱོན་བཟོ་གི་ཡོད་པས། དེ་ལས་གཡོལ་ཐབས་ཀྱི་ཐབས་ཤེས་ནི་གོང་དུ་འགྲེལ་བརྗོད་བྱས་ཟིན་པའི་ཉེན་སྲུང་མཉེན་ཆས་ཀྱི་ཤེས་བྱ་དག་ལས་ཤེས་རྟོགས་ཐུབ་པས་གཟིགས་ཞིབ་ཡོད་པར་མཁྱེན། ཉེན་ཚབས་ཆེ་བའི་དྲ་རྒྱ་ནི་སོ་ཉུལ་མཉེན་ཆས་ཀྱི་ཉེན་ཁ་ཡོངས་སྟངས་ཀྱི་ལྟེ་བ་ཞིག་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་དྲ་ཐོག་གི་ཤེས་བྱ་ཁག་བལྟ་དུས་གློག་ཀླད་ཀྱི་བདེ་འཇགས་ལ་དོ་སྣང་གནང་དགོས།་

    ཨ་ས་ནི། ངས་གོང་གི་གནས་ཚུལ་དེ་ཧ་གོ་དུས་ཉུལ་མའི་ལྟད་མོ་བལྟ་བ་ནང་བཞིན་ཚོར་བྱུང། ངའི་གློག་ཀླད་ལ་དངོས་གནས་སོ་ཉུལ་མཉེན་ཆས་ཀྱི་རྐྱེན་འཕྲད་ཡོད་དམ།

    མའོ་ཧིན་ཀྲོ། ཁྱེད་རང་ངར་ཡིད་ཆེས་བྱས་ཀྱང་རུང་མ་བྱས་ཀྱང་རུང། གང་ལྟར་དེ་དག་ཡོང་སྲིད་པའི་གནད་དོན་ཞིག་ཡིན། ཁྱེད་ཀྱི་དྲ་ཐོག་བརྒྱུད་ཕབ་ལེན་བྱས་པའི་ཡིག་ཆ་ཚང་མས་གློག་ཀླད་ལ་གནོད་སྐྱོན་བཟོ་གི་མེད་ཀྱང། དེའི་ནང་ནས་གཅིག་གིས་ཉེན་ཁ་བཟོ་སྲིད་པས། གློག་ཀླད་ཀྱི་བདེ་འཇགས་ཆེད་ངེས་པར་དུ་སོ་ཉུལ་མཉེན་ཆས་ཀྱི་རྒོལ་འཛིང་ལས་ཐར་ཐབས་ལ་ཉེན་སྲུང་མཉེན་ཆས་ནང་འཇུག་བྱེད་དགོས།

    ཉེན་སྲུང་སོ་ཉུལ་མཉེན་ཆས།

    ཉེན་ཁ་འདི་མི་ཡོང་བའི་ཆེད་ཁྱེད་ཀྱི་ཉེན་སྲུང་སོ་ཉུལ་མཉེན་ཆས་གློག་ཀླད་ནང་འཇུག་དགོས། འདིས་ཉེན་སྲུང་མཉེན་ཆས་ཀྱི་ཁ་ཡ་མི་བྱེད་པའི་བའི་དྲ་རྒྱ་རྫུན་མ་སོགས་མེད་པ་བཟོ་རྒྱུའམ་ཡང་ན་དེ་རྣམས་ངོ་རྟགས་ཆོད་རྒྱུར་མེད་དུ་མི་རུང་བའི་ལས་ཀ་ཡག་པོ་བྱེད་ཀྱི་ཡོད།་ཉེན་སྲུང་མཉེན་ཆས་ལ་བདག་སྤྲོད་ཀྱིས་ཁ་སྐོང་བྱས་པ་ལྟར།Spybotལ་ཡང་དེ་བཞིན་གཅེས་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

    Hands-on: Get started with the Spybot - Anti-Spyware Guide

    སོ་ཉུལ་མཉེན་ཆས་ལས་གཡོལ་ཐབས་སྐོར།

    • དྲ་ཐོག་ཏུ་འཛུལ་དུས་སྤྱང་གྲུང་དོད་པོ་དགོས། རང་འགུལ་ངང་ཤར་བའི་དྲ་ལམ་སྒེའུ་ཁུང་ལ་ (browser window) གཟབ་ནན་ངང་བལྟ་ཀློག་མ་བྱས་གོང་། ཁྱེད་ཀྱིས་ Yes ཡང་ན་ OK སྣུན་རྒྱུ་མེད། གལ་སྲིད་ཁྱེད་ལ་དོགས་པ་ཡོད་ན་ལག་པ་གཡས་པའི་ཕྱོགས་ཡོད་པའི་ Cancel མ་སྣུན་གོང་ X ཞེས་པའི་གློག་ཀླད་སྒེའུ་ཁུང་གི་སྒོ་རྒྱག་ཆེད་དེ་སྣུན་དགོས། འདིས་ཁྱེད་རང་གི་གློག་ཀླད་ནང་དྲ་ལམ་བརྒྱུད་ཡོང་བའི་དྲ་འབུ་དང་མཉེན་ཆས་རྫུན་མའི་རྒོལ་འཛིང་གི་གཡོ་ཐབས་ལས་སྲུང་སྐྱོབ་བྱེད་ངེས་ཡིན།
    • འཚམས་རེ་ཁྱེད་ཀྱི་དྲ་ལམ་གྱི་ཤེས་བྱ་ཁག་ལ་བལྟ་དུས་རང་འགུལ་ངང་ཡོང་བཞིན་པའི་ཉེན་ཁ་ཆེ་བའི་དྲ་འབུར་གཡོལ་ཐབས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། གལ་སྲིད། ཁྱེད་རང་གི་མཉེན་ཆས་Firefox བེད་སྤྱོད་གཏོང་གི་ཡོད་ན།་ NoScript ཞེས་པ་ཞིག་གློག་ཀླད་ཐོག་ནང་བཅུག་དགོས།
    • ག་དུས་ཡིན་ནའང་ཁྱེད་རང་གིས་ཧ་མ་གོ་བའི་དྲ་རྒྱ་ཁག་ལ་ཡིད་ཆེས་བྱས་ནས་བལྟ་ཀློག་བྱ་རྒྱུ་མེད།

    ཨ་ས་ཎི། ངས་གོ་ཐོས་བྱུང་བར། 'Java applets' དང་ 'ActiveX controls' ཉེན་ཁ་ཆེན་པོ་ཡོད་ཟེར་ལབ་ཀྱི་འདུག ཡིན་ནའང། ང་ལ་གནས་ཚུལ་དེའི་སྐོར་ལ་སློབ་སྦྱོང་གང་ཡང་མེད། ས་ལི་མཱ། དེ་དག་ནི་རྐྱེན་གཅིག་ནས་བྱུང་བའི་དཔེ་མཚོན་མི་འདྲ་ཙམ་ཞིག་ཡིན། མཚམས་རེ་དེ་ཚོ་ཁྱེད་ཀྱི་དྲ་རྒྱ་ཁ་ཕྱེ་ནས་ཕབ་ལེན་བྱས་པའི་དྲ་ཤོག་ཁག་བལྟ་ཀློག་བྱས་པ་ལས་བྱུང་ཞིག་ཡིན། དྲ་རྒྱ་བཟོ་མཁན་ཚོས་རྙོག་འཛིང་དེ་ཚོ་བཟོས་པ་ཞིག་ཡིན་པས། དྲ་འབུ་དང་སོ་ཉུལ་མཉེན་ཆས་བརྒྱུད་གང་སར་ཁྱབ་རྡལ་འགྲོ་ཐུབ་པ་བྱེད་ཀྱི་ཡོད། ཡིན་ནའང། ཇི་ཙམ་ཁྱེད་རང་གི་གློག་ཀླད་ནང་ (NoScript) ཞེས་པའི་མཉེན་ཆས་དེ་ནང་འཇུག་བྱས་ཡོད་པ་ཙམ་གྱིས་དེ་ཙམ་གློག་ཀླད་ཀྱི་ལས་དོན་ལ་དཀའ་ངལ་སྤྲོད་ཐུབ་ཀྱི་མེད་པས་ཁྱེད་རང་སེམས་ཁྲལ་གནང་དགོས་དོན་མེད།

    ངོ་རྟགས་ངོ་སྲུང་མཉེན་ཆས།

    ངོ་རྟགས་ངོ་སྲུང་མཉེན་ཆས་ནི། དྲ་རྒྱ་བརྒྱུད་གནས་ཚུལ་ག་རེ་གློག་ཀླད་ནང་ཡོང་གི་ཡོད་པ་ཤེས་རྟོགས་ཐུབ་མཁན་ཐོག་མ་དེ་ཡིན་ལ། གནས་ཚུལ་ཕྱིར་གཏོང་མཁན་གྱི་མཁོ་གཏོང་མཉེན་ཆས་མཐའ་མ་དེ་ཡང་ཡིན། སྐོར་སྲུང་གི་ཁང་པའི་ནང་ལ་སུ་འཛུལ་གྱི་ཡོད་མེད་དང་སུ་ཕྱིར་འཐོན་གྱི་ཡོད་མེད་བརྟག་དཔྱད་བྱེད་པ་བཞིན། ངོ་རྟགས་ངོ་སྲུང་མཉེན་ཆས་ཀྱིས་ཀྱང་གློག་ཀླད་ནང་མཉེན་ཆས་ག་རེ་འཛུལ་དགོས་མིན་དང་ཕྱིར་འབུད་དགོས་མིན་ལ་ཚོད་འཛིན་བྱེད་ཀྱི་ཡོད། རང་ངོས་ནས་ཛ་དྲག་གི་དུས་སྐབས་འདིར་རང་ཉིད་ཀྱི་གློག་ཀླད་ཀྱི་དྲ་འབུ་དང་གློག་ཀླད་མཁས་པའིཆོ་འཕྲུལ་གྱི་ཉེན་ཁ་ཡོང་བའི་ལམ་ལྟེ་བ་སྟེ། ཤེས་རྟོགས་མེད་པའི་དྲ་རྒྱ་དང་་དྲ་གནས་ཁ་ཕྱེ་བ་ལས་ཡོང་གི་ཡོད་པ་ཤེས་གསལ་རེད། དེར་བརྟེན། ཁྱེད་རང་གི་གློག་ཀླད་རྒྱུད་ཕྱིར་ཐོན་བཞིན་པའི་གནས་ཚུལ་ཁག་ཉེན་ཁ་དེ་ཙམ་ཆེན་པོ་རང་མེད།

    ངོ་རྟགས་ངོ་སྲུང་མཉེན་ཆས་ཡག་པོ་ཡོད་པ་ཡིན་ན། ཁྱེད་རང་ལ་གློག་ཀླད་ནང་མཉེན་ཆས་ག་རེ་ནང་འཇུག་བྱེད་དགོས་མིན་གྱིས་གདམ་ཁ་སྤྲོད་ཀྱི་རེད། གལ་སྲིད་མཉེན་ཆས་དེ་ཚོའི་ནང་ནས་གཅིག་གིས་ཁྱེད་རང་གི་ཆོག་མཆན་མེད་པར་གཞན་དག་སར་འགྲོ་ཐབས་བྱས་པ་ཡིན་ན། ཁྱེད་ཀྱི་ངོ་རྟགས་ངོ་སྲུང་གི་མཉེན་ཆས་ཀྱིས་ཁྱེད་ལ་ཉེན་བརྡ་སྤྲོད་ཀྱི་རེད། དེ་ཡང་མང་ཆེ་བ་ཡོད་བཞིན་པའི་དྲ་འབུ་དང་གློག་ཀླད་མཁས་པའི་ཆོ་འཕྲུལ་ཁག་ཁྱེད་ཀྱི་གློག་ཀླད་ནང་ཁྱབ་བརྡལ་མི་ཡོང་བ་དང་མི་འགྲོ་བའི་ཆེད་ཡིན། དེར་བརྟེན། གོང་དུ་འགྲེལ་བརྗོད་བྱས་པའི་གནས་ཚུལ་ལ་བལྟ་དུས་ཁྱེད་ཀྱི་གློག་ཀླད་ཉེན་ཁ་ལས་གྲོལ་ཆེད་ངོ་རྟགས་ངོ་སྲུང་མཉེན་ཆས་ཀྱི་ཐོག་མ་དེ་ཉེན་བརྡ་དང་དེ་རྗེས་ཉེན་སྲུང་གི་ལས་བྱེད་ཀྱི་ཡོད།

    ངོ་རྟགས་ངོ་སྲུང་མཉེན་ཆས།

    ཉེ་ཆར་ (Microsoft Windows) ནང་ལའང་ངོ་རྟགས་ངོ་སྲུང་གི་མཉེན་ཆས་ནང་འཇུག་བྱས་ཡོད་པས་དུས་ད་ལྟ་གློག་ཀླད་ནང་རང་འགུལ་གྱིས་ལས་ཀ་བྱེད་ཀྱི་ཡོད། སྟབས་མི་ལེགས་པ་ཞིག་ལ་ (Microsoft Windows) གྱི་ངོ་རྟགས་ངོ་སྲུང་མཉེས་ཆས་དེ་མང་པོ་ཞིག་ལ་ཁྱབ་ཐུབ་ཀྱི་མེད། དཔེར་ན། དེས་ཕྱིར་འབུད་བཞིན་པའི་གློག་ཀླད་འབྲེལ་ལམ་ཁག་ལ་རྟོག་ཞིབ་བྱེད་ཐུབ་ཀྱི་མེད། ཡིན་ནའང།། དེར་རིན་མེད་མཉེན་ཆས་Comodo Personal Firewall ཞེས་པ་ཞིག་ཡོད་པས། ཁྱེད་ཀྱིས་གློག་ཀླད་ཀྱི་ཉེན་སྲུང་ཐད་ལ་ཕན་ཐོག་གི་ལས་ཀ་མང་པོ་བྱེད་ཀྱི་ཡོད།

    Hands-on: Get started with the Comodo Firewall Guide

    ཡིད་ཆེས་མེད་པའི་དྲ་འབྲེལ་ལས་གཡོལ་ཐབས་སྐོར།

    • གློག་ཀླད་ནང་གནད་འགག་ཆེ་བའི་ལས་ཀ་བྱེད་དུས། ཁྱེད་ཀྱིས་ངེས་པར་དུ་ནུས་སྟོབས་ལྡན་པའི་མཉེན་ཆས་སྙན་གྲགས་ཆེ་བའི་དྲ་ཐོག་ནས་ཕབ་ལེན་བྱེད་དགོས། ཁྱེད་ཀྱིས་བེད་སྤྱོད་བྱེད་མྱོང་མེད་པའི་མཉེན་ཆས་གློག་ཀླད་ནང་དུས་ནམ་ཡང་ནང་འཇུག་བྱ་རྒྱུ་མེད།
    • ཁྱེད་ཀྱིས་གློག་ཀླད་རྒྱུད་དྲ་ལམ་བེད་སྤྱོད་མ་བཏང་ན་ངེས་པར་དུ་དྲ་ལམ་དེ་མེད་པར་བཟོ་དགོས་པའམ་ཡང་ན་གློག་ཀླད་གཙང་མ་གཙང་རྐྱང་སྒོ་རྒྱག་དགོས།
    • ཁྱེད་ཀྱི་གློག་ཀླད་ཀྱི་གསང་ཡིག་མི་གཞན་སུ་ལའང་བཤད་རྒྱུ་མེད།
    • གལ་སྲིད་ཁྱེད་རང་ལ་ 'Window Service' ཡི་མཐུན་རྐྱེན་ཡོད་པ་གང་ཞིག་བེད་སྤྱོད་བྱེད་ཀྱི་མེད་ན་ངེས་པར་དུ་སྒོ་རྒྱག་དགོས། བསྐྱར་སྦྱོང་།
    • ཁྱེད་ཀྱི་ངེས་པར་ལས་ཁུངས་ཀྱི་གློག་ཀླད་ཀྱི་དྲ་ལམ་ཚང་མའི་ནང་ངོ་རྟགས་ངོ་སྲུང་གི་མཉེན་ཆས་ནང་འཇུག་བྱེད་དགོས།
    • ཚོང་ལས་ཆེད་འགྲེམ་སྤེལ་བྱས་པའི་དྲ་འཇུག་མཇུག་སྒོ་ (broadband) སོགས་ཡོད་པ་ཡིན་ན། ཁྱེད་ཀྱིས་བེད་སྤྱོད་བྱེད་སླ་ལ་གློག་ཀླད་བདེ་འཇགས་ལ་ཕན་ཐོག་ཆེན་པོ་ཡོད། གལ་སྲིད་ཁྱེད་རང་ལ་དྲ་འཇུག་མཇུག་སྒོ་དེ་གློག་ཀླད་ནང་འཇུག་བྱེད་ཉམས་མྱོང་མེད་ན་གཞན་གྱིས་རོགས་པ་ལེན་དགོས།

    ཨ་ས་ཎེ། དེར་བརྟེན། ངའི་གློག་ཀླད་ནང་ཉེན་སྲུང་མཉེན་ཆས་དང་། སོ་ཉུལ་ཉེན་སྲུང་མཉེན་ཆས། དེ་བཞིན་ངོ་རྟགས་ངོ་སྲུང་མཉེན་ཆས་ནང་འཇུག་བྱས་པ་ཡིན་ན་གློག་ཀླད་ཀྱིས་གདོང་ལེན་བྱེད་ཐུབ་བམ།

    མོ་ཧིན་ཀྲའོ། ཡིན་དང་ཡིན། དེང་སང་དངོས་གནས་ཉེན་སྲུང་མཉེན་ཆས་དེ་རྣམས་ཉུང་མཐར་ཁྱེད་ཀྱི་གློག་ཀླད་ཀྱི་བདེ་འཇགས་ལ་ངེས་པར་དུ་དགོས་ཀྱི་ཡོད། དེ་ཚོ་མཉམ་སྡེབ་ངང་ལས་ཀ་བྱེད་ཐུབ་ཀྱི་ཡོད་པས། གློག་ཀླད་ནང་ནང་འཇུག་བྱས་པ་ཡིན་ན། གནོད་སྐྱོན་གང་ཡང་མེད། ཁྱེད་ཀྱིས་དྲན་དགོས་པ་ཞིག་ལ་དུས་ཚོད་གཅིག་ནང་ཉེན་སྲུང་མཉེན་ཆས་གཉིས་མཉམ་དུ་ནམ་ཡང་བེད་སྤྱོད་བྱེད་རྒྱུ་མེད།

    མཉེན་ཆས་ཉར་ཚགས་བྱེད་རྒྱུ།

    དུས་ཐོག་ཏུ་གློག་ཀླད་ཀྱི་མཉེན་ཆས་ཉར་ཚགས་བྱེད་རྒྱུ་ནི་དཀའ་ཚེགས་ཆེན་པོ་ཞིག་ཡིན། དུས་རྒྱུན་ཁྱེད་ཀྱིས་བེད་སྤྱོད་བྱེད་བཞིན་པའི་མཉེན་ཆས་ཁ་ཤས་སྐྱོན་ཡོད་པ་ཧ་གོ་དུས། དེ་ཚོའི་ནང་ནས་འགའ་ཤས་ཀྱིས་ཁྱེད་ཀྱི་གློག་ཀླད་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པས། གནས་ཚུལ་དེ་ཚོ་དུས་རྒྱུན་ནས་མཉེན་ཆས་བཟོ་སྐྲུན་པ་ཚོས་སྐྱོན་ཤེས་ཀྱི་ཡོད་ཀྱང། གློག་ཀླད་ནང་ཡོད་པའི་མཉེན་ཆས་རྣམས་ཁ་སྐོང་གིས་བཟོ་བཅོས་རྒྱག་པ་ཙམ་ལས་སྐྱོན་དེ་ཚོ་མེད་པ་བཟོ་གི་མེད། དེར་བརྟེན། ཁྱེད་ཀྱིས་ཡང་སེ་གློག་ཀླད་ནང་ཡོད་པའི་མཉེན་ཆས་ཁག་དང་གློག་ཀླད་ཀྱི་བཀོལ་སྤྱོད་མ་ལག་ (operating system) ཁ་སྐོང་ངེས་པར་བྱེད་དགོས། གལ་སྲིད་གློག་ཀླད་དེ་བཞིན་རང་འགུལ་ངང་ཁ་སྐོང་བྱེད་ཐུབ་ཀྱི་མེད་ན་ཁྱེད་ནས་སྒོ་འབྱེད་གློག་ཀླད་ཀྱི་རེའུ་མིག་ (Start) རྒྱུད་ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་མཉེན་ཆས་འདེམས་སྒྲུབ་བྱས་ནས་གློག་ཀླད་རྒྱུད་སྐུལ་སྟེགས་སྒྲོམ་ (Windows) སྣུན་ཏེ་ཁ་སྐོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། འདིས་དྲ་ཐོག་སྒོ་འབྱེད་འགྲོ་ལམ (Internet explorer) བརྒྱུད་གློག་ཀླད་མཉེན་ཆས་ཕྲ་རྡུལ་ཁ་སྐོང་ངོ་ཤོག་ (Microsoft update) ཏུ་འཁྲིད་ཀྱི་ཡོད་པས་ཁྱེད་ལ་གློག་ཀླད་རང་འགུལ་ངང་ཁ་སྐོང་ཇི་ལྟར་བྱེད་མིན་གྱི་ལམ་སྟོན་བྱེད་ཀྱི་རེད། དེ་སྐོར་སློབ་ཚན་དང་པོའི་ལྔ་པར་རྒྱས་བཤད་བྱས་ཡོད་པས་དེ་དོན་དགོངས་འཇག་ཡོད་པ་ཞུ།

    དེ་མཚུངས་ཁྱེད་ཀྱི་གློག་ཀླད་ནང་ནང་འཇུག་བྱས་པའི་མཉེན་ཆས་ཁག་ངེས་པར་ཁ་སྐོང་བྱ་རྒྱུ་ནི་གལ་ཆེན་པོ་ཡིན། དེ་བྱེད་ཡས་ལ་ཐོག་མ་ཁྱེད་རང་གི་གློག་ཀླད་ནང་མཉེན་ཆས་ག་རེ་དགོས་མིན་ཤེས་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པས་ (Add / Remove Programs) ཞེས་པའི་ཐབས་ལམ་འདི་བརྒྱུད་དབྱེ་འབྱེད་ཐུབ་ཀྱི་ཡོད་པས་ལག་ལེན་གནང་དགོས། གལ་ཏེ་མཉེན་ཆས་ཐོན་གསར་པའི་རིགས་གློག་ཀླད་ནང་ནང་འཇུག་བྱས་པ་ཡིན་ན། དེ་ཁ་སྐོང་ཇི་ལྟར་བྱེད་དགོས་མིན་དང་མ་འོངས་པར་རང་འགུལ་གྱིས་ལས་ཀ་བྱེད་མིན་ཐད་ལ་བསྐྱར་ཞིབ་བྱེད་དགོས།

    དུས་རྒྱུན་བཀག་བསྡོམས་མེད་པའི་རིན་མེད་མཉེན་ཆས་བཀོལ་སྤྱོད་དང་ལས་ཀ་བྱེད་དགོས།

    བདག་དབང་ཡོད་པའི་མཉེན་ཆས་ཁྱེད་ཀྱི་གློག་ཀླད་ནང་ནང་འཇུག་ཁ་སྐོང་མ་བྱས་གོང་། ཁྲིམས་ཐོག་ནས་མཉེན་ཆས་དེ་ཁྱེད་ཀྱིས་བཀོལ་སྤྱོད་ཆོག་པའི་བཀའ་འཁྲོལ་ཐོབ་དགོས། དཔེར་ན། ཁྱེད་ཀྱིས་དཔེ་ཤུས་བྱས་པའི་གློག་ཀླད་ཕྲ་རྡུལ་མཉེན་ཆས་ཀྱི་སྒྲིག་ཤོམ་སྟེ་ (Microsoft Windows) བེད་སྤྱོད་གཏོང་གི་ཡོད་ན། རང་ངོས་ནས་མཉེན་ཆས་དེས་གློག་ཀླད་ཁ་སྐོང་ཐུབ་ཀྱི་མེད་དུས་སྐྱོན་ཡང་ཤོར་ནས་གློག་ཀླད་ནང་ཡོད་པའི་ཁྱེད་ཀྱི་གནས་ཚུལ་མང་པོ་ཞིག་མེད་པ་ཆག་གི་ཡོད། ཁུངས་ཐུབ་མེད་པའི་མཉེན་ཆས་མང་པོ་ཞིག་གློག་ཀླད་ནང་བརྟེན་པ་ཡིན་ན་རང་གཞན་གཉིས་ཀའི་གློག་ཀླད་ཀྱི་མ་ལག་དང་བཅས་པར་དཀའ་ངལ་འཕྲད་སྲིད་པ་ཞིག་ཡིན་པས་དེ་ཚོ་བཀོལ་སྤྱོད་བྱ་རྒྱུ་མེད། རྒྱལ་ཁབ་མང་པོའི་གཞུང་འཛིན་མི་སྣ་ཚོས་ཚོགས་པ་ཁག་གིས་བེད་སྤྱོད་བྱེད་བཞིན་པའི་གློག་ཀླད་རེ་རེའི་མཉེན་ཆས་ལ་བལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ་མང་དུ་མང་དུ་འགྲོ་བཞིན་ཡོད། དཔེར་ན། ཉེན་རྟོག་པས་གློག་ཀླད་གཞུང་བཞེས་བཏང་བའམ་ཡང་ན་གློག་ཀླད་འཕོ་ལེན་བྱས་པའི་གནས་ཚུལ་ཁག་ལ་བརྟེན་ཚོགས་པ་སྒོ་རྒྱག་ཏུ་བཅུག་པ་སོགས་ཀྱི་གནས་ཚུལ་ཡང་ཡོང་གི་ཡོད། དེ་ལྟ་བུ་ནི་ཆབ་སྲིད་ཀྱི་དཀའ་ངལ་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་ནང་ལས་སླ་པོའི་ངང་གནས་ཚུལ་དེ་རིགས་ཡོང་གི་ཡོད་པས། ཚོགས་པ་ཁག་གིས་དྲ་ལམ་ག་རེ་བེད་སྤྱོད་གཏོང་མིན་ཐད་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་ནི་མངོན་གསལ་དོད་པོ་ཡིན། གནད་དོན་དེ་རིགས་ཀྱིས་རྐྱེན་པས་ཁྱེད་ནས་རིན་གོང་ཆེ་བའི་མཉེན་ཆས་ཉོས་ཏེ་གློག་ཀླད་ཉེན་སྲུང་བྱེད་དགོས་དོན་མེད།

    ང་ཚོས་ཤུགས་ཆེན་པོའི་ཐོག་ནས་ཁྱེད་ལ་འབོད་སྐུལ་ཞུ་ཡས་ནི་རིན་མེད་མཉེན་ཆས་(Freeware) སམ་ཡང་ན་བཀག་བསྡོམས་མེད་པའི་རིན་མེད་མཉེན་ཆས་ Free and Open Source Software(FOSS) གང་རུང་ཞིག ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་བདག་དབང་ཡོད་པའི་མཉེན་ཆས་ཀྱི་ཚབ་ཏུ་བཀོལ་སྤྱོད་བྱས་ན་འགྲིགས་ཀྱི་ཡོད་མེད་ཚོད་ལྟ་བྱེད་དགོས། རིན་མེད་མཉེན་ཆས་ (Freeware) དང་བཀག་བསྡོམས་མེད་པའི་རིན་མེད་མཉེན་ཆས་གཉིས་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་དང་བླང་ཚོགས་པ་གཉིས་ཀྱིས་རིན་མེད་Free and Open Source Software(FOSS)ཐོག་འགྲེམ་སྤེལ་བྱེད་ཀྱི་ཡོད། བཀག་བསྡོམས་མེད་པའི་རིན་མེད་མཉེན་ཆས་ཀྱི་མ་ལག་ནི་བདག་དབང་ཡོད་པའི་མཉེན་ཆས་ལས་བརྟན་པ་ཡོད། གང་ཡིན་ཟེར་ན་བཀག་བསྡོམས་མེད་པའི་རིན་མེད་མཉེན་ཆས་ནི་ཕྱི་གསལ་ནང་གསལ་ངང་བཟོ་བཀོད་བྱས་པ་ཞིག་ཡིན་པས་ཆེད་ལས་མཁས་པ་ཚོས་དཀའ་ངལ་འཕྲད་པ་ཁག་ལ་རྩད་ཞིབ་བྱས་ཏེ་དེ་ཚོ་སེལ་ཐབས་བྱེད་ཀྱི་ཡོད།

    བཀག་བསྡོམས་མེད་པའི་རིན་མེད་མཉེན་ཆས་མང་པོ་ཞིག་གི་ལས་ཀ་བྱེད་སྟངས་ནི་བདག་དབང་ལྡན་པའི་མཉེན་ཆས་ཀྱི་ལས་ཀ་བྱེད་སྟངས་དང་འདྲ་པོ་ཡོད་པས། ཁྱེད་རང་གི་མཉེན་ཆས་དེ་བདག་དབང་ལྡན་པའི་མཉེན་ཆས་དང་གློག་ཀླད་ཀྱི་བཀོལ་སྤྱོད་མ་ལག་དང་ (Window Operating System) མཉམ་དུ་དཀའ་ངལ་མེད་པའི་ཐོག་བཀོལ་སྤྱོད་བྱེད་ཆོག་པ་ཡིན། གལ་སྲིད་ཁྱེད་རང་ལས་རོགས་ཀྱིས་སྤུས་གཟིགས་བྱས་པའི་མཉེན་ཆས་ཁོ་ནར་བརྟེན་ལས་ཀ་བྱེད་ཀྱི་ཡོད་ཀྱང་ཕན་ཚུན་གནས་ཚུལ་བརྗེ་ལེན་ཐུབ་ཡས་ལ་གོང་འཁོད་མཉེན་ཆས་དང་ཁྱད་པར་གང་ཡང་མེད། དེ་དང་ཕྱོགས་མཚུངས་ཁྱེད་རང་གི་དྲྭ་ཐོག་འགྲོ་ལམ་ (Internet Explorer) དང་ (Outlook Express) དེ་བཞིན་ (Microsoft Office) སོགས། (Firefox) དང་ (Thunderbird) དེ་བཞིན་LibreOfficeདྲ་རྒྱ་སོགས་ཀྱི་མཉེན་ཆས་དང་བརྗེ་པོ་རྒྱག་དགོས་མིན་ཐད་བསམ་བློ་གཏོང་དགོས།

    ཁྱེད་རང་གི་གློག་ཀླད་འགུལ་བསྐྱོད་མ་ལག་ (Microsoft Windows Operating System) བེད་སྤྱོད་གཏོང་འཚམས་བཞག་ཏེ། དེའི་ཚབ་བདེ་འཇགས་བཀག་བསྡོམས་མེད་པའི་རིན་མེད་མཉེན་ཆས་བཀོལ་སྤྱོད་བྱས་ན་འགྲིགས། མཉེན་ཆས་དེ་ཕབ་ལེན་བྱ་རྒྱུ་སྟབས་བདེ་པོ་ཞིག་ཡིན་པས། ཁྱེད་ཀྱི་ཚོད་ལྟ་ཞིག་བྱས་ན་མ་འགྲིགས་པ་མེད། མཉེན་ཆས་དེ་ཕབ་ལེན་བྱ་རྒྱུ་ལས་སླ་པོ་ཞིག་རེད། དེ་ཡང་Ubuntu Linuxཞེས་པའི་LiveCD ཐོན་དེ་འོད་སྡེར་ནང་བཤུས་ཏེ་ཁྱེད་ཀྱི་གློག་ཀླད་ནང་བཅུག་ནས་ཁ་ཕྱེ་དགོས། མཉེན་ཆས་དེ་ཕབ་ལེན་ཚར་དུས། དེས་ཁྱེད་རང་གི་གློག་ཀླད་ནང་ ལས་ཀ་གང་འདྲ་བྱེད་ཀྱི་ཡོད་མེད་བལྟས་ཏེ་ཉར་དགོས་མིནཐད་ཐག་གཅོད་བྱེད་དགོས། མཉེན་ཆས་དེ་རྟག་པ་མིན་དུས་ཁྱེད་རང་སེམས་ཁྲལ་བྱེད་དགོས་དོན་མེད། དེ་ཡང་ཁྱེད་རང་གི་མཉེན་ཆས་དེ་དགོས་མིན་ཐག་གཅོད་བྱས་རྗེས་མཉེན་ཆས་ (Ubuntu LiveCD) ཀྱི་འོད་སྡེར་མར་སྟོན་ནས་གློག་ཀླད་ཁ་རྒྱག་དགོས། དེ་རྗེས་ཁྱེད་རང་གི་གློག་ཀླད་ཁ་ཕྱེ་མ་ཐག་ནང་འཇུག་བྱས་པའི་མཉེན་ཆས་དང་ཡིག་ཆ་ཁག་རང་གར་བསྡད་ཡོད་མེད་ཤེས་ཀྱི་རེད། དེ་དང་ཕྱོགས་མཚུངས་བཀག་བསྡོམས་མེད་པའི་དྲ་གནས་ཁག་བཀོལ་སྤྱོད་བྱས་པ་ཡིན་ན། དམིགས་བསལ་ཁེ་ཕན་ཆེན་པོ་ཡོད་པ་ནི། རིན་མེད་མཉེན་ཆས་ (Ubuntu) སྟབས་བདེ་པོའི་ངང་བེད་སྤྱོད་ཁ་སྐོང་ཐུབ་པ་མ་ཟད། གློག་ཀླད་འགུལ་འདེད་ཀྱི་མ་ལག་རྙིང་པ་དང་བརྟན་པོ་མེད་པ་ཁག་ཉེན་སྲུང་གི་ལས་ཀ་བྱེད་ཀྱི་ཡོད།

    བསྐྱར་སྦྱོང་།

    • ཉེན་ཚབས་ཆེ་བའི་མཉེན་ཆས་དང་མཁོ་མེད་གློག་འཕྲིན་ malicious software and spam ཞེས་པའི་ཟུར་མཆན་སློབ་ཚན་སྟེང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱིས་གློག་ཀླད་གནས་ཚུལ་ཇི་ལྟར་སྦ་གསང་དང་སྲུང་སྐྱོབ་བྱེད་དགོས་མིན་གྱི་གློག་ཀླད་མ་ལག་གི་ནང་འཇུག་སློབ་སྦྱོང་བྱེད་དགོས། Digital Security and Privacy for Human Rights Defenders
    • དྲ་འབུའི་གནས་ཚུལ་དུས་ཐོག་ཏུ་དྲ་འབུའི་གསར་འཕྲིན་ Virus Bulletin ཞེས་པའི་དྲ་རྒྱར་བཀོད་དགོས།
    • ཇི་ལྟར་ 'Windows services' བེད་མེད་ཆགས་པ་ཤེས་ཐུབ་པ་མ་ཟད་དེ་མེད་པ་བཟོ་ཐབས་ ཤེས་དགོས།
    • ཐུན་མོང་བརྡ་ཆད་ཐབས་བྱུས་ Tactical Technology Collective ལས་བྱུང་བའི་གློག་ཀླད་རྩེད་ཆས་ Toolkits ཀྱིས། བཀག་འདོམས་མེད་པའི་རིན་མེད་མཉེན་ཆས་ FOSS དང་རིན་མེད་མཉེན་ཆས་ Freeware ལ་སོགས་དགོས་མཁོ་ཆེ་བའི་མཉེན་ཆས་ཁག་གློག་ཀླད་ནང་ཕབ་ལེན་བྱེད་རྒྱུར་ཕན་ཐོག་ཡོད།
    • ཁྱེད་ཀྱི་རིན་མེད་ཁེ་ཕན་ཆེ་བའི་ཉེན་སྐྱོབ་འོད་སྡེར་གློག་ཀླད་ནང་ཕབ་ལེན་བྱས་ནས་དྲ་འབུ་ཁག་འཚགས་སེལ་བྱེད་དགོས།
    • གལ་སྲིད་ཁྱེད་རང་གི་གློག་ཀླད་ཉེན་ཚབས་ཆེ་བའིམཉེན་ཆས་དང་དྲ་འབུས་གནོད་འཚེ་གཏོང་གི་ཡོད་རེད་བསམ་ན། དེ་ཚོ་འགོག་བྱེད་ཀྱི་ལམ་སྟོན་འདི་ལག་ལེན་བསྟར་དགོས།.