3. གསང་ཡིག་བཙན་པོ་བཟོ་སྟངས་དང་ཉར་ཚག་ས་བྱེད་སྟངས་སྐོར།

Table of Contents

...Loading Table of Contents...

    ཐུབ་ཀྱི་ཡོད། དེ་ཡང་དཔེར་ན་གློག་ཀླད་ཁ་ཕྱེ་ཡག་དང་encryptingནང་ཨེ་མལ་གཏོང་ཡག དེ་བཞིན་རྩ་ཆེའི་ཡིག་རིགས་ཁག་སྦས་སྲུང་བྱེད་ཡག་ལ་གསང་ཡིག་ནི་མེད་དུ་མི་རུང་བ་ཞིག་ཡིན་དུས། ངེས་པར་ཁྱེད་ཀྱིས་མ་བརྗེད་པ་བྱེད་དགོས། གལ་ཏེ་ཁྱེད་ཀྱི་གསང་ཡིག་དེ་བཙན་པོ་དང་བརྟན་པོ་ཞིག་ཡོད་ན། མི་གཞན་གྱིས་ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་ཡི་གེ་དང་གནས་ཚུལ་ཁག་ཁྱེད་ཀྱིས་ཆོག་མཆན་མེད་པར་བལྟ་ཀློག་དང་ཕབ་བཤུ། དེ་བཞིན་བཟོ་བཅོས་དང་གཏོར་བཤིག་སོགས་གཏོང་ཐུབ་ཀྱི་མེད། མི་གཞན་པས་ཁྱེད་རང་གི་གསང་ཡིག་དེ་ཧ་གོ་ཡག་ལ་བརྒྱུད་རིམ་མང་པོ་ཞིག་ཤེས་དགོས། ཡིན་ནའང་མི་གཞན་པས་ཁྱེད་ཀྱི་གསང་ཡིག་དེ་གོ་མ་ཚོད་པའི་ཆེད་ཐབས་ལམ་ཁ་ཤས་ཤིག་བེད་སྤྱོད་བྱེད་ཡག་ཡོད་པས་གཤམ་གྱི་ཡིག་རིགས་ཁག་ལ་གཟིགས་རོགས། secure password database, KeePass.

    རྒྱབ་ལྗོངས་ཀྱི་གནས་ཚུལ།

    མན་སོར (Mansour) དང་མག་ཌ (Magda) གཉིས་ནི་ཨ་རབ་རྒྱལ་ཁབ་ནས་ཡིན་པ་མ་ཟད་སྤུན་མཆེད་རྒན་གཞོན་ཀྱང་ཡིན། ཁོང་གཉིས་ལ་བསམ་ཚུལ་སྤེལ་སའི་དྲ་རྒྱ་ཞིག་ཡོད། དེའི་ནང་མང་ཆེ་བ་ཆབ་སྲིད་ཀྱི་གནས་སྟངས་གང་འདྲ་སེ་འགྱུར་བ་གཏོང་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཇི་ལྟར་གཏོང་གི་ཡོད་མེད་སྐོར་ལ་བསམ་ཚུལ་འདྲ་མིན་སྣ་ཚོགས་སྤེལ་སའི་སྡིངས་ཆ་ཞིག་ཡིན། ཉེ་ཆར་མག་ཌ (Magda) མོ་རང་གི་དྲ་ཐོག་ཁ་བྱང་ནང་འཛུལ་དུས་ཧང་སངས་དགོས་པ་ཞིག་ལ་མོ་རང་གི་གསང་ཡིག་དེ་བརྗེ་པོ་བརྒྱབ་ཡོད་པ་ཧ་གོ་བ་རེད། གསང་ཡིག་དེ་བཀོད་སྒྲིག་བྱས་རྗེས་མོ་རང་དྲ་ཐོག་ཏུ་ཞུགས་ཐུབ་པ་རེད། ཡིན་ནའང་། དྲ་རྒྱ་དེ་ཁ་ཕྱེ་སྟེ་ནས་བལྟ་དུས་མོ་རང་ལ་ཚུར་བསླེབས་པའི་ཡི་གེ་མང་ཆེ་བ་མི་གཞན་པས་ཀློག་ཚར་ཡོད་པའི་བརྡ་སྟོན་གྱི་ཡོད། མོ་རང་གི་དོགས་པ་ལ་ཆབ་སྲིད་ཀྱི་སྐུལ་སློང་ཡོད་པའི་མི་ངན་ཚོས། དུས་རྒྱུན་མོ་རང་གིས་དྲ་རྒྱ་ཁག་ལ་བེད་སྤྱོད་བྱེད་བཞིན་པའི་གསང་ཡིག་དེ་ཤེས་རྟོགས་ཐུབ་པའམ་ ཡང་ན་ཚོད་དཔག་བྱས་ཏེ་ཚོད་བལྟ་བྱས་པ་ལས་གནས་ཚུལ་དེ་བྱུང་བ་ཞིག་ཡིན་པ་གསལ་པོ་ཆགས་པ་རེད། མོ་རང་གིས་གློག་ཀླད་ཀྱི་ཉམས་མྱོང་ཞན་པའི་མན་སོར་ (Mansour) སར་གནས་སྟངས་དེའི་སྐོར་བསམ་ཚུལ་ལེན་གར་ཕྱིན་པ་རེད།

    སློབ་ཚན་འདི་བརྒྱུད་ཁྱེད་ཀྱིས་གང་ཤེས་རྟོགས་ཐུབ་བམ།

    • གསང་ཡིག་བརྟན་སྲུང་གི་གྲུབ་ཆ་སྐོར།
    • རྙོག་འཛིངས་ཆེ་བའི་གསང་ཡིག་རིང་པོ་ཁག་མ་བརྗེད་པའི་ཐབས་ལམ་ཁག
    • གསང་ཡིག་དེ་བཞིན་དྲན་པ་མ་བརྗེད་པའི་ཐབས་ལམ་གྱི་ཚབ་ཏུ་གསོག་འཇོག་ཇི་ལྟར་བྱེད་དགོས་མིན་ནི་དེ་བས་གལ་ཆེ་བ་ཡིན་པས་གཤམ་གྱི་ཡིག་རིགས་ཁག་ལ་གཟིགས་རོགས། KeePass secure password database

    གསང་ཡིག་བརྟན་པོ་འདེམ་སྟངས་དང་ཉར་ཚགས་བྱེད་སྟངས་སྐོར།

    སྤྱིར་བཏང་ཅ་དངོས་གང་འདྲ་ཞིག་འགོག་སྲུང་བྱེད་དགོས་ཀྱང་། ཁྱེད་ཀྱི་ལྡེ་མིག་བརྒྱུད་སྒོ་ལྕགས་བརྒྱབ་ཀྱི་རེད། ཁང་པ་དང་རླངས་འཁོར། ལྕགས་རྟ་འཁོར་ལོ་སོགས་ལ་ཡང་སྒོ་ལྕགས་རྒྱག་ཡག་གི་གཟུགས་ཅན་ལྡེ་མིག་ཡོད་པ་ནང་བཞིན་ཉེན་སྲུང་བྱེད་ཡག་གི་ཡིག་སྣོད་ལ་ཡང་encryptionཞེས་པའི་ཁ་ཕྱེ་ཡག་གི་སྒོ་ལྕགས་ཤིག་ཡོད། དེ་དང་ཕྱོགས་མཚུངས་དངུལ་ཁང་གི་ཤོག་བྱང་ཁ་ཕྱེ་ཡག་ལ་གསང་བའི་ཨང་གྲངས་ཤིག་དགོས་པ་དང་། ཨེ་མལ་ཁ་ཕྱེ་ཡག་ལ་གསང་བའི་ཡི་གེ་ཞིག་དགོས་ཀྱི་ཡོད་པ་རེད། གཟུགས་ཅན་དང་གཟུགས་མེད་ཀྱི་ལྡེ་མིག་དེ་ཚོར་འདྲ་བའི་ཆ་ཞིག་ཡོད་པ་ནི་མི་ཞིག་གིས་ལག་པར་བརྟེན་ན་སྒོ་ལྕགས་དེ་རྣམས་ཆད་ལུས་མེད་པར་ཁ་ཕྱེ་ཐུབ་ཀྱི་ཡོད། གལ་སྲིད་ཁྱེད་ཀྱི་གསང་བའི་ཡི་གེ་དེ་ཡག་པོ་དང་བརྟན་པོ་མེད་ན་འགུལ་ཤུགས་ཆེ་བའི་མེ་གྱང་དང་ཨེ་མལ་ཁ་བྱང་བརྟན་པོ་ཞིག དེ་བཞིན་encryptedབེན་ཙེ་ཞིག་ངེས་པར་གློག་ཀླད་ནང་ནང་འཇུག་བྱེད་དགོས། གལ་སྲིད་དེ་ཚོ་ཁྱེད་ཀྱིས་ལག་ལེན་བསྟར་མ་ཐུབ་པའི་དབང་དུ་བཏང་ནས་མི་སྡུག་ཅག་ཅིག་གིས་ལག་ཏུ་ཐེབས་ན།ཁོང་ཚོས་ཁྱེད་རང་ལ་གནོད་བསྐྱལ་བ་མ་གཏོགས་ཁེ་ཕན་གང་ཡང་སྒྲུབ་མི་སྲིད་པས། དེ་དོན་ཁྱེད་ཀྱི་སེམས་ནས་མ་བརྗེད་པ་བྱེད་དགོས།

    གསང་ཡིག་བཙན་པོ་ཞིག་གི་ཆ་རྐྱེན།

    གློག་ཀླད་ཀྱི་ལས་སླ་པོའི་ངང་གསང་ཡིག་དེ་བཞིན་ཚོད་དཔག་བྱེད་མ་ཐུབ་པ་ཞིག་བཟོ་དགོས། དེ་ཡང་གཤམ་གསལ་གྱི་ལམ་སྟོན་ཁག་ལ་གཟིགས་རོགས།

    • གསང་ཡིག་དེ་རིང་པོ་བཟོ་དགོས། ག་ཚོད་ཀྱི་གསང་ཡིག་དེ་རིང་བ་ཡོད་བ་ཙམ་གྱིས་དེ་སྲིད་གློག་ཀླད་ཀྱིས་དུས་ཚོད་ནང་ཚོད་དཔག་བྱེད་ཐུབ་ཀྱི་མེད། དེར་བརྟེན་ཁྱེད་ཀྱི་གསང་ཡིག་དེ་ཡིག་འབྲུ་བཅུའམ་བཅུ་ལས་མང་བ་བཟོ་དགོས། མི་ཁ་ཤས་ཀྱིས་གསང་ཡིག་དེ། བར་སྟོང་མེད་པའི་ཡིག་འབྲུ་གཅིག་ཁོ་ན་བཟོས་ཏེ་བེད་སྤྱོད་བྱེད་ཀྱི་ཡོད་དུས་དེའི་མིང་ལ་བརྡ་ཚིག་ཟེར། ངའི་བསམ་པར་དེ་ནི་བསམ་ཚུལ་ཡག་པོ་ཞིག་རེད་བསམ་གྱི་འདུག གང་ཡིན་ཞེ་ན་གློག་ཀླད་བཀོལ་སྤྱོད་ལྟེ་གནས་ཀྱི་གསང་ཡིག་རིང་པོ་དགོས་མ་ལབ་བར། དེ་བེད་སྤྱོད་བྱས་ན་རན་པོ་དང་འཚམ་པོ་མེད་པ་ང་ཚོར་ཤེས་བཅུག་པར་བརྟེན། བརྡ་ཚིག་བཀོལ་སྤྱོད་བྱེད་ཡག་དེ་གལ་ཆེན་པོ་ཡིན།
    • གསང་ཡིག་དེ་རྙོག་འཛིང་ཅན་ཞིག་བཟོ་དགོས། རིང་ཐུང་ལ་ཆ་བཞག་ན་ག་ཚོད་ཀྱི་གསང་ཡིག་དེ་རིང་བ་དང་རྙོག་འཛིང་ཆེ་བ་ཡོད་པ་ཙམ་གྱིས་དེ་སྲིད་དུ་མི་གཞན་གྱིས་རང་འགུལ་ངང་ཚོད་དཔག་དང་བརྐུ་བཤུ་ཏག་ཏག་བྱེད་ཐུབ་ཀྱི་མ་རེད། གལ་སྲིད་ཁྱེད་ཀྱིས་བྱེད་ཐུབ་ན། ཁྱེད་ཀྱི་གསང་ཡིག་ནང་གོང་འོག་གཉིས་ཀྱི་ཡི་གེ་དང་། ཨང་གྲངས་དང་མཚོན་རྟགས་དེ་བཞིན་ཚེག་རྟགས་སོགས་བཅུག་ཐུབ་ན་ཁེ་ཕན་ཆེན་པོ་ཡོད།

    གསང་ཡིག་ནི་མི་གཞན་གྱིས་ལས་སླ་པོའི་ངང་ཤེས་མ་ཐུབ་པ་ཞིག་བཟོ་དགོས།

    • གསང་ཡིག་དེ་ཁ་ཡོད་ལག་ཡོད་ཞིག་དགོས། གལ་སྲིད་ཁྱེད་ཀྱི་གསང་ཡིག་དེ་ཁྱེད་རང་གིས་ཀྱང་ངོ་མ་ཤེས་པའམ་དྲན་པ་མ་གསོས་པ་ཞིག་བཟོས་པ་ཡིན་ན། ཁྱེད་རང་གི་གློག་ཀླད་དང་ཁྱིམ། སྦ་ཁུག དེ་བཞིན་ལས་ཁུངས་ཀྱི་གད་སྙིགས་གཡུག་ས་སོགས་ཧ་གོ་མཁན་གྱིས་མི་ཚོས་ཁྱེད་ལ་དཀའ་ངལ་གསར་པ་འདྲ་མིན་སྣ་ཚོགས་ཤིག་བཟོ་སྲིད་པ་ཞིག་ཡིན་པས། གསང་ཡིག་དེ་སྟབས་བདེ་པོ་དང་དྲན་པ་གསོ་སླ་པོ་ཞིག་བཟོ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། གལ་སྲིད་ཁྱེད་ལ་གསང་ཡིག་རིང་པོ་དང་རྙོག་འཛིང་ཅན་ལས་སླ་པོ་སེམས་ནང་ངེས་ཐུབ་པ་ཞིག་བསམ་བློར་མ་འཁོར་བ་ཡིན་ན། གཤམ་དུ་སློབ་ཚན་གསུམ་པའི་གཉིས་པ་སྟེ་གསང་ཡིག་བཙན་པོ་དྲན་གསོ་བྱེད་སྟངས ཞེས་པའི་སྡེ་ཚན་ཁོངས་འགྲེལ་བརྗོད་བྱས་ཡོད་པས་ཁྱེད་ལ་ཕན་ཐོགས་ཡོང་སྲིད། གལ་ཏེ་ཁྱེད་ཀྱི་སློབ་ཚན་དེའི་ནང་འཁོད་པའི་ནང་དོན་ཁག་ལ་ཐུགས་ཞིབ་མ་གནང་བ་ཡིན་ནའང་། ཁྱེད་ཀྱི་གསང་ཡིག་བཙན་པོ་ཞིག་འདེམས་སྲིད་པར་བརྟེན་གསང་ཡིག་ལས་འཆར་རེའུ་མིག, KeePassཞེས་པ་དེ་བེད་སྤྱད་དེ་ཐོ་འགོད་བྱེད་དགོས། གློག་རྡུལ་ཡིག་མཛོད་མཉེན་ཆས་ (Microsoft Word documents) ལ་སོགས་པ་གསང་ཡིག་བརྒྱབ་ཡོད་པའི་ཡིག་སྣོད་ཁག་དེར་རན་པོ་དང་ཡིད་ཆེས་བྱས་ནས་བཀོལ་སྤྱོད་བྱེད་ས་མེད། གང་ཡིན་ཞེ་ན། དེའི་ནང་ནས་མང་པོ་ཞིག་སྐར་ཆ་ཁ་ཤས་ནང་དྲ་ཐོག་ཏུ་ཡོད་པའི་རིན་མེད་བྱ་ཐབས་བརྒྱུད་མེད་པ་ཆགས་འགྲོ་གི་ཡོད།
    • གསང་ཡིག་དེ་དོ་བདག་་སོ་སོ་བཟོ་རྒྱུ་མེད། གསང་ཡིག་དེ་ཁྱེད་ཀྱི་སྐོར་དང་འབྲེལ་བ་ཡོད་པ་ཞིག་གཞི་རྩར་བཞག་ནས་བཟོ་རྒྱུ་ནམ་ཡང་བཟོ་རྒྱུ་མེད། དེ་ཡང་ཁྱེད་ཀྱིས་གསང་ཡིག་གི་ཡི་གེ་དང་ཚིག་འགྲོས་སོགས་ཁྱེད་རང་གི་མིང་དང་སྤྱི་ཚོགས་ཉེན་སྲུང་གི་ཨང་ཀི། དེ་བཞིན་ཁ་པར་ཨང་གྲངས། ཕྲུ་གུའི་མིང་།གཅེས་མིང་། སྐྱེས་ཚེས་སོགས་མིས་ཤེས་སླ་བའི་ཐ་སྙད་དེ་ཚོོ་གསང་ཡིག་ནང་བཀོལ་སྤྱོད་བྱེད་རྒྱུ་མེད།
    • གསང་ཡིག་དེ་གསང་བ་བྱེད་དགོས། ཁྱེད་ཀྱི་གསང་ཡིག་དེ་མི་གཞན་ལ་མ་བཤད་རང་བཤད་མ་ཐུག་བར་བཤད་རྒྱུ་མེད། གལ་སྲིད་ཁྱེད་རང་གི་གྲོགས་པོ་དང་ནང་མི་ཡང་ན་ལས་རོགས་ལ་བཤད་དགོས་ཐུག་ན་དང་ཐོག་གནས་སྐབས་ཀྱི་གསང་ཡིག་ཅིག་བཟོས་ཏེ་སྤྲད། དེ་ནས་བརྗེ་པོ་བརྒྱབ་ཏེ་བེད་སྤྱོད་བྱེད་དགོས། མཚམས་རེ་གསང་ཡིག་མཉམ་དུ་བེད་སྤྱོད་གཏང་ཡག་ལ་ཐབས་ལམ་གཞན་པ་དེ་འདྲ་ཡོད། དཔེར་ན། དྲ་རྒྱ་བེད་སྤྱོད་བྱེད་བཞིན་པ་ཁག་ལ་ཁ་བྱང་ཁག་ཁག་བཟོ་རྒྱུ་ཡོད། ཁྱེད་རང་གི་གསང་ཡིག་དེ་བཞིན་གསང་བར་ཉར་བ་དེས་གང་མཚོན་ནམ་ཞེ་ན་མི་གཞན་གྱིས་ཁྱེད་རང་གི་གནས་ཚུལ་དང་ཡིག་ཆ་ཁག་གང་འདྲ་སེ་ གསང་ཡིག་ལས་འཆར་རེའུ་མིག བརྒྱུད་བལྟ་ཀློག་བྱེད་ཐུབ་ཀྱི་ཡོད་མེད་ཤེས་ཆེད་ཡིན།

    གལ་སྲིད་གསང་ཡིག་དེ་མི་གཞན་གྱིས་ཧ་གོ་ཡང་གནོད་སྐྱོན་ཉུང་ཉུང་ཞིག་ལས་མ་ཤོར་བ་ཞིག་འདེམས་དགོས།

    • གསང་ཡིག་དེ་དཀོན་པོའམ་འགྲན་ཟླ་བྲལ་བ་ཞིག་དགོས། གསང་ཡིག་དེ་ཁ་བྱང་གཅིག་ལས་མང་བ་ལ་བེད་སྤྱོད་བྱེད་རྒྱུ་མེད། དེ་མིན་གལ་སྲིད་མི་ཞིག་གིས་ཁྱེད་ཀྱི་གསང་ཡིག་དེ་ཧ་གོ་ན་གལ་ཆེའི་ཡིག་ཆ་ཁག་བལྟ་ཀློག་བྱེད་ཐུབ་ཀྱི་ཡོད་པས་ངེས་པར་གཟབ་གཟབ་བྱེད་དགོས། ངའི་བསམ་པར་དེ་དངོས་གནས་རེད་བསམ་གྱི་འདུག གང་ཡིན་ཞེ་ན་དྲ་རྒྱའི་ཞབས་ཞུ་ཁང་ཁ་ཤས་ཤིག་གིས་གསང་ཡིག་དེ་གཏོར་འཕམ་གཏོང་རྒྱུར་མཐུན་རྐྱེན་ཡག་པོ་ཞིག་བསྐྲུན་གྱི་ཡོད། གལ་སྲིད་ཁྱེད་ཀྱི་གསང་ཡིག་གཅིག་གློག་ཀླད་ཁ་ཕྱེ་ཡག་ (Windows user account) དང་དྲ་འབྱེད་ (Gmail) ཁ་བྱང་ཕྱེ་ཡག་ལ་བེད་སྤྱོད་བྱས་པ་ཡིན་ན། ཁྱེད་ཀྱི་གློག་ཀླད་ཐད་རྒྱུས་མངའ་ལྡན་པའི་མི་ཞིག་གིས་གསང་ཡིག་དང་པོ་དེ་གཏོར་ནས་གཉིས་པའི་གནས་ཚུལ་ཁག་བལྟ་ཀློག་བྱེད་སྲིད་པ་ཞིག་ཡིན་པས་དེ་དོན་དགོངས་འཇགས་ཞུ། དེ་དང་ཕྱོགས་མཚུངས་གསང་ཡིག་གཅིག་དྲ་རྒྱ་འདྲ་མིན་གྱི་ཁ་བྱང་ནང་བརྗེ་ལེན་བྱས་ཏེ་བེད་སྤྱོད་གཏོང་རྒྱུ་ནི་བསམ་ཚུལ་ལེགས་པོ་ཞིག་མིན།
    • གསང་ཡིག་དེ་ཁ་གསར་་པ་ཞིག་དགོས། ཟླ་བ་གསུམ་ནང་ཚུད་ལ་གསང་ཡིག་དེ་བརྗེ་པོ་བརྒྱབ་དགོས། མི་ཁ་ཤས་ཤིག་གསང་ཡིག་གཅིག་ལ་ཆགས་པ་ཞེ་པོ་ཞིག་སྐྱེས་ཏེ་བརྗེ་པོ་གཅིག་ཀྱང་བརྒྱབ་ཀྱི་མེད། འདི་ནི་བསམ་ཚུལ་སྡུག་ཅག་ཞིག་ཡིན། ག་ཚོད་ཀྱིས་ཁྱེད་ཀྱི་གསང་ཡིག་ཅིག་ཁོ་ན་བེད་སྤྱོད་བྱས་པ་ཙམ་གྱིས་དེ་སྲིད་དུ་མི་གཞན་གྱིས་ཤེས་སླ་བ་ཡོད། གལ་སྲིད་མི་ཞིག་གིས་ཁྱེད་ཀྱི་གསང་ཡིག་བརྐུས་ཏེ་གནས་ཚུལ་ཁག་བལྟ་ཀློག་བྱེད་ཀྱི་ཡོད་པ་ཁྱེད་ཀྱིས་ཤེས་ནས་གསང་ཡིག་དེ་བརྗེ་པོ་མ་བརྒྱབ་ན། མི་དེས་རྟག་པར་ཁྱེད་ཀྱི་གནས་ཚུལ་ཁག་བལྟ་ཀློག་དེ་ག་རང་བྱེད་ཀྱི་རེད།

    མན་སོར། (Mansour) གལ་སྲིད་ཡིད་ཆེས་ཡོད་པའི་མི་ཞིག་ལ་ངའི་གསང་ཡིག་དེ་སྤྲད་ན་འགྲིགས་ཀྱི་རེད་དམ།

    མག་ཌ (Magda) འགྲིགས་ཀྱི་རེད། ཐོག་མ་འདིར་མི་དེར་ཁྱེད་ཀྱི་ཡིད་ཆེས་ཡོད་པ་ཙམ་གྱིས་གསང་ཡིག་དེ་བེད་སྤྱོད་ཡག་པོ་བཏང་གི་རེད་ནམ་ཡང་དྲན་རྒྱུ་མེད། ཤེས་སོང་ངས། གལ་སྲིད་ངས་ཁྱེད་རང་གི་གསང་ཡིག་བེད་སྤྱད་དེ་ལས་ཀ་འདྲ་མིན་འདྲ་དེ་འདྲ་གང་ཡང་བྱས་མེད་ཀྱང་། དེ་ཤོག་བུའི་སྟེང་བྲིས་ཏེ་བརླག་དོར་ཤོར་བའམ་གཞན་གྱིས་ལག་ཏུ་ཐེབས་པ་ཡིན་ན་ང་རྙོག་དྲའི་སྒམ་ཆུང་ནང་ཚུད་པ་དང་ཨ་ན་མ་ན་ཡིན། དེར་བརྟེན་འདི་ནི་ཡིད་ཆེས་ཡོད་མིན་ལ་རགས་ལུས་མེད་པ་གསལ་པོ་མ་རེད་དམ། གལ་སྲིད་ཁྱེད་རང་མ་གཏོགས་ཁྱེད་ཀྱི་གསང་ཡིག་དེ་མི་གཞན་གྱིས་ཤེས་ཀྱི་མེད་ན་སེམས་ཁྲལ་བྱས་ནས་མི་ལ་ཁག་དཀྲི་བྱས་ཏེ་ཁ་བྱང་གཏོར་སྐྱོན་གཏོང་གི་རེད་དྲན་ནས་བསྡད་ན་ལྐུགས་པ་རེད། ད་ལྟ་དཔེ་མཚོན་ཙམ་ཞུས་ན། ངའི་གསང་ཡིག་དེ་མི་གཞན་གྱིས་ཚོད་དཔག་དང་བརྐུ་བཤུ་བྱས་ནས་བེད་སྤྱོད་བྱེད་ཀྱི་ཡོད་རེད་བསམ་གྱི་མི་འདུག གང་ཡིན་ཞེ་ན་ངས་ངའི་གསང་ཡིག་དེ་ཤོག་བུའི་ནང་བྲིས་པའམ་ཡང་ན་མི་གཞན་ལ་སྤྲད་མྱོང་མེད།

    གསང་ཡིག་བཙན་པོ་ཐོ་འགོད་དང་དྲན་གསོ་བྱེད་སྟངས།

    གོང་དུ་བརྗོད་པའི་བསམ་འཆར་ཁག་ལ་བལྟས་ཏེ། ཁྱེད་ཀྱི་རྙོག་འཛིང་ཆེ་ལ་རིང་པོ་ཡོད་པའི་གསང་ཡིག་དེ་མ་བྲིས་པར་མི་སུས་ཀྱང་དྲན་བྱེད་དབང་པོའི་མདུན་ན་ཕྲ་ལྷམ་མེར་ཤར་ཐུབ་པ་ཁག་པོ་ཡིན་པ་དྲན་སྲིད་པ་ཞིག་ཡིན། དྲ་འབྱེད་ཁ་བྱང་རེ་ལ་གསང་ཡིག་མི་འདྲ་བ་རེ་བེད་སྤྱོད་བྱེད་ཡག་དེ་དེ་བས་དཀའ་ལས་ཁག་པོ་ཞིག་ཡིན། ཡིན་ནའང་ཁྱེད་ཀྱི་གསང་ཡིག་དེ་མི་སྤྱང་པོ་དང་གྲུང་པོ་དེ་ཚོས་ཚད་མཐོའི་གསང་ཡིག་བརྐུ་བཤུ་བྱེད་མཁན་གྱི་མཉེན་ཆས་བེད་སྤྱད་ཀྱང་ཧ་གོ་མ་ཐུབ་མཁན་དྲན་གསོ་བྱེད་ཡག་ལ་སྟབས་བདེ་པོ་དང་ཚོད་དཔག་བྱེད་ཡག་ལ་དཀའ་ལས་ཁག་པོ་ཡོད་པའི་གསང་ཡིག་བཟོ་རྒྱུའི་ཐབས་ལམ་ཁ་ཤས་ཤིག་ཡོད། ཡིན་ནའང་། དམིགས་སུ་བཀར་ནས་བཟོས་པའི་KeePassཞེས་པའི་མཉེན་ཆས་འདི་བརྒྱུད་ཁྱེད་ཀྱི་གསང་ཡིག་ཞིག་བཟོས་ཏེ་ཐོ་འགོད་དང་བེད་སྤྱོད་བྱེད་རྒྱུའི་གདམ་ག་ཡོད།

    གསང་ཡིག་བཙན་པོ་དྲན་གསོ་བྱེད་སྟངས།

    གསང་ཡིག་འདེམས་དུས་ཁྱད་ཆོས་མི་འདྲ་བ་གདམ་རྒྱུ་ནི་གལ་ཆེན་པོ་ཡིན། དེ་ཚོ་ཐབས་ལམ་འདྲ་མིན་བརྒྱུད་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། དཔེར་ན།

    • ཡིག་ཆེན་འདྲ་མིན་བེད་སྤྱོད་བྱེད་པ། དཔེར་ན། 'My naME is Not MR. MarSter'
    • ཡི་གེ་དང་ཨང་ཀི་བརྗེ་པོ་རྒྱག་པ། དཔེར་ན། 'a11 w0Rk 4nD N0 p14Y'
    • མཚོན་རྟགས་ཁ་ཤས་མཉམ་དུ་བེད་སྤྱོད་བྱེད་པ། དཔེར་ན། 'c@t(heR1nthery3'
    • སྐད་ཡིག་སྣ་ཚོགས་བེད་སྤྱོད་གཏོང་བ།་དཔེར་ན། 'Let Them Eat 1e gateaU au ch()colaT'

    ཐབས་ལམ་དེ་ཚོས་ཁྱེད་ཀྱི་གསང་ཡིག་དེ་རྙོག་ཕྲ་ཚ་པོ་དང་ངག་ཐོག་འཛིན་རྒྱུ་ཡོད་པ་ཞིག་བཟོ་ཐུབ་ཀྱི་ཡོད་ཀྱང་། ཁྱེད་ལ་བཀོལ་སྤྱོད་བྱེད་སླ་བའི་གསང་ཡིག་བེད་སྤྱོད་བྱེད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། གསང་ཡིག་གི་ཐུན་མོང་ཚབ་ཁ་ཤས་ཤིག་ཡོད་པ་ནི་ཀླད་ཀོར་གྱི་ཚབ་ལ་ (o) དང་ (a) ཚབ་ལ་ (@) བེད་སྤྱོད་གཏོང་སྲོལ་གྱིས་གསང་ཡིག་བརྐུ་བཤུའི་ལམ་ལུགས་ཤིག་ཡོད་ཀྱང་། ད་དུང་དེ་ཚོ་བེད་སྤྱོད་གཏོང་རྒྱུ་ནི་གལ་ཆེན་པོ་ཞིག་ཆགས་ཡོད། གསང་ཡིག་དེ་ཧ་གོ་ཡག་ལ་ཁོང་ཚོས་དུས་ཚོད་མང་པོ་ཞེ་པོ་ཞིག་འགོར་ཐུབ་པ་བཟོ་ཐུབ་པ་ཙམ་མ་ཟད་བྱ་ཐབས་དེ་ཚོ་བེད་སྤྱོད་བྱེད་མ་ཐུབ་པའི་དུས་ལ་ཁོང་ཚོས་སྟབས་འཁེལ་ཚོད་དཔག་ཁག་སྔོན་འགོག་བྱེད་ཐུབ་ཀྱི་ཡོད།

    གསང་ཡིག་གིས་རྒྱུན་སྲོལ་མང་བའི་བསྡུས་ཚིག་ཞེས་པ་ལས་ཕན་ཐོགས་མང་བ་བྱེད་ཐུབ་ཀྱི་ཡོད། འདིས་ཚིག་འགྲོས་རིང་པོ་དེ་ཚོ་འཕོ་ལེན་བྱས་ཏེ་རྙོག་འཛིང་ཅན་ཞིག་བཟོ་གི་ཡོད།

    • 'To be or not to be? That is the question' ཞེས་པ་ '2Bon2B?TitQ' ཆག་གི་རེད།
    • 'We hold these truths to be self-evident: that all men are created equal' ཞེས་པ་ 'WhtT2bs-e:taMac=' ཆག་གི་རེད།
    • 'Are you happy today?' ཞེས་པ་ 'rU:-)2d@y?' ཆག་གི་རེད།

    དཔེར་བརྗོད་འདི་ཚོ་ནི་མིང་ཚིག་དང་ཚིག་འགྲོས་ཁག་རྙོག་འཛིང་བཟོ་རྒྱུ་དང་དྲན་གསོ་བྱེད་ཡག་ལ་ཕན་ཐོགས་ཡོད་པའི་ཐབས་ལམ་ཤ་སྟག་ཡིན།

    གསང་ཡིག་དཀྱུས་མ་བཟོ་ཡག་ལ་འབད་བརྩོན་ཉུང་བ་དང་རྙོག་འཛིང་ཅན་ལ་མང་བ་བྱེད་དགོས། གསང་ཡིག་དེ་ཡིག་འབྲུ་ཁ་ཤས་ཤིག་སྣོན་ཏེ་རིང་དུ་གཏོང་བའམ་ཡང་ན་ཨང་གྲངས་དང་ཁྱད་ཆོས་ལྡན་པའི་ཚིག་འབྲུ་སྣོན་ནས་བཟོས་ན་མི་གཞན་གྱིས་བརྐུ་བཤུ་བྱེད་ཡག་ལ་དཀའ་ལས་ཁག་པོ་ཡོད། དེ་གསལ་པོ་ཤེས་ཡག་ལ་གཤམ་དུ་ཡོད་པའི་རེའུ་མིག་ཁག་ལ་བལྟས་ན་གློག་ཀླད་མཁས་པས་གཅིག་མཇུག་གཉིས་མཐུད་ངང་ཟླ་སྒྲིལ་འདྲ་མིན་བཏང་པའི་གསང་ཡིག་ཁག་བེད་སྤྱད་དེ་རྙོག་འཛིང་ཆེ་བའི་གསང་ཡིག་ཁག་ཇི་ལྟར་དུས་ཚོད་མང་པོ་ཞིག་འགོར་རྗེས་གཏོར་སྐྱོན་བྱེད་ཀྱི་ཡོད་པ་སྟོན་གྱི་ཡོད།

    <table border="1"> <tbody> <tr> <th>གསང་ཡིག་གི་དཔེ་མཚོན། </th> <th>མི་ཚང་མའི་གློག་ཀླད་གཏོར་སྐྱོན་གཏོང་ཡག་གི་དུས་ཚོད། </th> <th>མྱུར་ཚད་མགྱོགས་པའི་གློག་ཀླད་ཁག་གཏོར་སྐྱོན་གཏོང་ཡག་གི་དུས་ཚོད། </th> </tr> <tr> <td>bananas</td> <td>ཉིན་མ་གཅིག་ལས་ཉུང་བ། </td> <td>ཉིན་མ་གཅིག་ལས་ཉུང་བ། </td> </tr> <tr> <td>bananalemonade</td> <td>ཉིན་གཉིས། </td> <td>ཉིན་མ་གཅིག་ལས་ཉུང་བ།</td> </tr> <tr> <td>BananaLemonade</td> <td>ཟླ་གསུམ་དང་ཉིན་བཅུ་བཞི། </td> <td>ཉིན་མ་གཅིག་ལས་ཉུང་བ། </td> </tr> <tr> <td>B4n4n4L3m0n4d3</td> <td>དུས་རབས་གསུམ་དང་བཅུ་ཕྲག་བཞི </td> <td>ཟླ་གཅིག་དང་ཉིན་ཉི་ཤུ་རྩ་དྲུག</td> </tr> <tr> <td>We Have No Bananas</td> <td>19151466 དུས་རབས་ཁག </td> <td>3990 དུས་རབས་ཁག </td> </tr> <tr> <td>W3 H4v3 N0 B4n4n45</td> <td>20210213722742 དུས་རབས་ཁག </td> <td>4210461192 དུས་རབས་ཁག </td> </tr> </tbody> </table>

    ཡིན་དང་ཡིན། གོང་འཁོད་གསང་ཡིག་དེ་ཚོ་གཏོར་སྐྱོན་གཏོང་ཡག་ལ་འཐབ་འཛིང་གི་རང་བཞིན་དང་། གནོད་སྐྱོན་གཏོང་མཁན་ལ་མཐུན་རྐྱེན་ཇི་ལྟར་ཡོད་མེད་ལ་རག་ལུས་ཡོད་པས་ཚོད་མང་པོ་འགོར་གྱི་ཡོད། དེར་བརྟེན། གསང་ཡིག་གསར་པ་ཞིག་གཏོར་སྐྱོན་གཏོང་ཡག་ལ་དུས་དང་ནམ་པ་ཀུན་དུ་འཆར་གཞི་གསར་པ་ཞིག་བཀོད་སྒྲིག་བྱེད་དགོས། དེ་དང་ཕྱོགས་མཚུངས་གོང་འཁོད་རེའུ་མིག་དེས་གསང་ཡིག་ཞིག་གཏོར་སྐྱོན་གཏོང་ཡག་ལ་མིང་ཚིག་དང་ཚིག་འགྲོས་ལེགས་ཉེས་ཆེ་ཆུང་ཅི་རིགས་བེད་སྤྱོད་བཏང་དེ་མེད་པ་བཟོ་ཐབས་བྱས་ཀྱང་དཀའ་ལས་ཁག་པོ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད།

    གོང་འཁོད་རེའུ་མིག་དེ་ནི་Passfaultཞེས་པའི་རྩིས་གཞིར་གཞི་རྕར་བཞག་ནས་བྲིས་ཡོད། (Passfault) ཞེས་པ་འདི་ནི་དྲ་རྒྱའི་ཨང་ཀི་ཡིན་པ་གང་ཞིག་ཁྱེད་ལ་ཁྱེད་ཀྱི་གསང་ཡིག་དེ་ནུས་སྟོབས་ལྡན་པ་ཡིན་མིན་ཚོད་ལྟ་བྱེད་བཅུག་མཁན་ཞིག་ཀྱང་ཡིན། ཡིན་ནའང་མཐུན་རྐྱེན་དེ་ཚོ་ནི་དེ་དང་འབྲེལ་བ་ཡོད་པའི་གསང་ཡིག་འདྲ་མིན་ཁག་མིག་སྟོན་གསལ་བཤད་བྱེད་པ་ཙམ་མ་གཏོགས་ལས་ཀ་གཞན་གང་ཡང་བྱེད་ཐུབ་ཀྱི་མེད་པས་དྲ་རྒྱ་འདིའི་སྟེང་ཁྱེད་ཀྱི་གསང་ཡིག་དངོས་གནས་དེ་བེད་སྤྱོད་གཏོང་རྒྱུ་མེད།

    གསང་ཡིག་བརྟན་པོ་ཐོ་འགོད་བྱེད་སྟངས།

    ཁྱེད་ལ་གསར་བསྐྲུན་གྱི་ནུས་པ་ཉུང་ཉུང་ཞིག་ཡོད་ན་གསང་ཡིག་དེ་ལས་སླ་པའི་ངང་དྲན་གསོ་བྱེད་ཐུབ་ཀྱི་རེད། དུས་དུས་སུ་གསང་ཡིག་མགྱོགས་པོ་བརྗེ་པོ་རྒྱག་དགོས་ཐུག་པ་དེས་ག་རེ་སྟོན་གྱི་ཡོད་དམ་ཞེ་ན་ཁྱེད་ལ་གསར་བསྐྲུན་གྱིས་ནུས་པ་དེ་ཙམ་མེད་པ་སྟོན་གྱི་ཡོད། དེར་བརྟེན། ཁྱེད་ཀྱི་དྲ་རྒྱའི་ཁ་བྱང་ཁག་དྲན་པ་གསོ་རྒྱུའི་ཚབ་ཏུ་ཡང་སེ་བརྗེ་པོའམ་འཕོ་ལེན་བྱེད་ཐུབ་ན་ཕན་ཐོགས་ཆེ་བ་ཡོད། ཡིན་ནའང་། དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ལ་གསང་ཡིག་དེ་སྟབས་བདེའི་བརྡ་ཚིག་འཕོ་ལེན་ ཐོག་ཐོ་འགོད་བྱེད་ཐུབ་ན་ལས་སླ་བ་དང་བཀོལ་སྤྱོད་བདེ་བ་ཡོད་པས་གཤམ་དུ་གཟིགས་པར་ཞུ། secure password database, KeePass

    Hands-on: Get started with the KeePass - Secure Password Storage Guide

    གལ་སྲིད་ཁྱེད་ཀྱི་ཐབས་ལམ་འདི་KeePassཡང་ན་བྱ་ཐབས་གཞན་བེད་སྤྱོད་བྱས་ནས་གསང་ཡིག་བཙན་པོ་ཞིག་བཟོས་པའི་དབང་དུ་བཏང་ན་ཁྱེད་ཀྱི་དེ་ཡ་མེད་དུ་མ་བཏང་བར་སྐབས་སྐབས་སུ་དྲན་གསོ་བྱེད་རྒྱུ་ནི་དེ་བས་གལ་ཆེན་པོ་ཡིན། ཁྱེད་ཀྱི་ཁ་བྱང་ཞིག་ནང་གསང་ཡིག་བཅུག་དགོས་ན། ངེས་པར་ཁྱེད་ཀྱི་གསང་ཡིག་ངོ་མ་དེ་བཅུག་ཏེ་བེད་སྤྱོད་གཏོང་ཐུབ་ན་གོང་དུ་འགྲེལ་བཤད་བརྒྱབ་པའི་གནད་དོན་ཁག་ལ་སྟབས་བདེ་པོའི་ངང་གཟིགས་ཐུབ་པ་མ་ཟད་བཀོལ་སྤྱོད་ཀྱང་བྱེད་ཐུབ་ཀྱི་ཡོད། KeePassཞེས་པ་འདི་ནི་སྟབས་བདེ་པོའི་ངང་ང་ཚོས་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད། དེས་ག་རེ་གསལ་བཤད་བྱེད་ཐུབ་ཀྱི་ཡོད་དམ་ཞེ་ན་ཁྱེད་རང་གློག་ཀླད་དང་ཁ་བྲལ་དགོས་བྱུང་ན་མཐེབ་སྨྱུག་ནང་ཡིག་ཆ་ཁག་བླུག་ཏེ་ཕྱིན་ན་གསང་ཡིག་ཅིག་ཀྱང་མི་དགོས་པར། ཁྱེད་ཀྱི་ཡིག་ཆ་ཁག་བལྟ་ཀློག་བྱེད་ཐུབ་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད།

    འདི་ནི་ཨེ་མལ་ཁ་བྱང་མང་པོ་ཡོད་པའི་མི་ཚོར་གདམ་ག་ཡག་ཤོས་ཤིག་ཡིན་ཀྱང་ཞན་ཆ་ཡང་མང་པོ་ཡོད། ༡༽ གལ་སྲིད་ཁྱེད་ཀྱི་གསང་ཡིག་དེ་སྟབས་འཁེལ་ནས་འབྲི་སུབ་ཤོར་བའམ་ཡང་ན་བརླག་དོར་བྱུང་བ་ཡིན་ན། ཁྱེད་ལ་ཨེ་མལ་ཁ་བྱང་ཁག་ཁ་ཕྱེ་ཡག་གི་ཐོབ་ཐང་མེད། དེར་བརྟེན། KeePassཞེས་པའི་ལས་གཞི་འདི་བརྒྱུད་གསོག་འཇོག་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན། དེའི་སྐོར་མང་བ་སློབ་ཚན་ལྔ་པའི་ནང་ཚན་’གང་འདྲ་སེ་བྱས་ཏེ་གནས་ཚུལ་བོར་བརླག་ཤོར་བ་ཁག་བསྐྱར་ལེན་བྱེད་ཐུབ་བམ ' ཞེས་པ་དེར་ཐབས་ལམ་འདྲ་མིན་བེད་སྤྱད་དེ་འགྲེལ་བཤད་བརྒྱབ་ཡོད་པས་དེ་དོན་དགོངས་འཇགས་ཞུ། སྟབས་ལེགས་པ་ཞིག་ལ་གལ་སྲིད་ཁྱེད་ཀྱི་བརྡ་ཚིག་དེ་འཕོ་ལེན་བྱེད་ཐུབ་ཀྱི་ཡོད་ན་མཐེབ་སྨྱུག་གམ་ཡང་ན་གསོག་འཇོག་བྱེད་སའི་ཡོ་ཆས་དེ་བརླག་པ་ཡིན་ན་ཡང་སེམས་ཁྲལ་བྱེད་དགོས་དོན་མེད།

    ༢༽ ཞན་ཆ་གཉིས་པ་འདི་ཞན་ཆ་དང་པོ་ལས་གལ་ཆེ་བ་ཡོད། གལ་སྲིད་ཁྱེད་ཀྱིས་ཁྱེད་རང་གི་KeePassགསང་ཡིག་ངོ་མ་དེ་དྲན་པ་བརྗེད་པ་ཡིན་ན། ཁྱེད་ཀྱི་ཡིག་ཆ་ཁག་བསྐྱར་ལེན་ཐུབ་རྒྱུ་ནི་ཉིན་མོའི་སྐར་མ་ལྟ་བུ་ཡིན། དེར་བརྟེན་ཁྱེད་ཀྱིས་དྲན་གསོ་བྱེད་སླ་ལ་བཙན་པོ་ཡོད་པའི་གསང་ཡིག་ཞིག་འདེམས་སྒྲུག་བྱས་ཏེ་བེད་སྤྱོད་གཏོང་དགོས།

    སྐབས་རེ་གནས་སྟངས་དབང་གིས་ཐབས་ལམ་འདིའི་ནུས་པ་ཞན་ཆར་གྱུར་ཡང་སྲིད། གལ་སྲིད་མི་ཞིག་གིས་ཨུ་ཚུགས་མཐའ་སྐྱེལ་བྱས་ཏེ་ཁྱེད་རང་གི་ (Keepass) གསང་ཡིག་ངོ་མ་དེ་ཕྱིར་འཐེན་བྱེད་དུ་བཅུག་ན་ཁོ་རང་ལ་ (Keepass) ནང་ཉར་ཚགས་བྱས་པའི་གསང་ཡིག་ཁག་བཀོལ་སྤྱོད་བྱེད་ཡག་རག་གི་རེད། གནས་སྟངས་དེ་ལྟ་བུ་ཞིག་ཁྱེད་ལ་དཀའ་ངལ་འཕྲད་ཀྱི་ཡོད་ན་ (Keepass) དེ་བཞིན་ཛ་དྲག་ཏུ་བརྩིས་ཏེ་དེ་ལས་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། དེ་ཇི་ལྟར་བྱེད་མིན་ནི་སློབ་ཚན་བཞི་པའི་ནང་ཚན་ཁྱེད་རང་གི་གློག་ཀླད་ནང་ཡོད་པའི་གལ་ཆེའི་ཡིག་ཆ་ཁག་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ་ཞེས་པར་གཟིགས་ན་ཁྱེད་ཀྱིས་མཁྱེན་ཐུབ། ཡང་ན་ཁྱེད་རང་གི་སྔོན་འགོག་ཆེད་གསང་ཡིག་གསར་པ་བླུག་ཡོད་པའི་ (Keepass) ཞིག་ལོགས་སུ་བཟོས་ཏེ་གནད་འགག་ཆེ་བའི་ཡིག་ཆ་ཁག་སྲུང་སྐྱོབ་བྱས་ཀྱང་འགྲིག་གི་རེད།

    མན་སོར། (Mansour) ཏོག་ཙམ་སྒུག་ཨཱ། གལ་སྲིད་ (Keepass) ནང་གསང་ཡིག་ཅིག་ཁོ་ན་བེད་སྤྱོད་བྱས་ནས་གསང་ཡིག་གཞན་དག་སྲུང་སྐྱོབ་བྱས་པ་དང་། ཡང་ན་ཁྱེད་ཀྱི་ཨེ་མལ་ཁ་བྱང་ཁག་ལ་གསང་ཡིག་དེ་ག་རང་བེད་སྤྱོད་བྱས་ཏེ་འགྲོ་བསྡད་པ་གཉིས་བསྡུར་ན་གང་བཙན་པ་ཡོད་དམ། ངས་བཤད་ཡག་ལ་གལ་སྲིད་མི་སྡུག་ཅག་ཅིག་གིས་གསང་ཡིག་ངོ་མ་དེ་ཤེས་པ་ཡིན་ན་ཁོས་ངའི་གནས་ཚུལ་ཁག་བལྟ་ཀློག་བྱེད་ཀྱི་མ་རེད་དམ།

    མག་ཌ། (Magda) ཁྱེད་ཀྱི་བསམ་ཚུལ་དེ་ཡག་པོ་དང་དྲང་པོ་ཞིག་རེད། སོ་སོའི་གསང་ཡིག་ངོ་མ་དེ་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། ཡིན་ནའང་། དེ་ལ་ཁྱད་པར་གཙོ་བོ་ཁ་ཤས་ཤིག་ཡོད། དང་པོ་མི་སྡུག་ཅག་འདི་ལ་ཁྱེད་ཀྱི་གསང་ཡིག་དགོས་པ་མ་ཟད་ (Keepass) ཡི་ཡིག་སྣོད་ལས་འཆར་རེའུ་མིག་ཀྱང་དགོས་ཀྱི་ཡོད། གལ་སྲིད་ཁྱེད་ཀྱི་ཨེ་མལ་ཁ་བྱང་ཁག་ལ་གསང་ཡིག་ཅིག་བཟོས་ཏེ་བེད་སྤྱོད་བྱེད་ཀྱི་ཡོད་ན་མི་དེར་ཁྱེད་རང་གི་གསང་ཡིག་དེ་ག་རང་མ་གཏོགས་དགོས་ཀྱི་མེད། མདོར་ན། ང་ཚོས་ཤེས་གསལ་ལ་ (Keepass) ཞེས་པ་འདི་ནི་ཧ་ཅང་གི་བཙན་པོ་ཞིག་ཡིན། རེད་པཱ། རེད། འདི་དྲ་རྒྱ་གཞན་པ་དང་བསྡུར་ན་བཙན་པ་ཡོད། དེ་ཚོའི་ནང་ནས་ཁ་ཤས་དྲ་རྒྱ་གཞན་པ་ལས་བཙན་པ་མེད། དེར་བརྟེན། ཁྱེད་རང་མི་གཞན་དག་ཞིག་གིས་དྲ་རྒྱ་སྐྱོ་བ་ཁག་གཏོར་སྐྱོན་བྱས་ནས་བེད་སྤྱོད་ཇི་ལྟར་བྱེད་ཀྱི་ཡོད་མེད་བལྟས་བསྡད་པ་ལས། ཁོས་ཁ་བྱང་བཙན་པོ་ཞིག་བཟོས་ཏེ་བེད་སྤྱོད་གང་འདྲ་བྱེད་ཀྱི་ཡོད་མེད་སྐོར་ལ་གོ་རྟོགས་བྱེད་ཐུབ་ན་དགེ་མཚན་ཆེ་བ་ཡོད། དེ་མ་ཟད་འདིར་གནད་དོན་གཞན་པ་ཞིག་ཀྱང་ཡོད། གལ་སྲིད་ཁྱེད་ཀྱིས་གལ་ཆེ་དོན་ཆེར་བརྩིས་ཏེ་བསམ་བློ་ཡག་པོ་ཞིག་གཏོང་ཐུབ་ན། ཁྱེད་ཀྱི (Keepass) བརྒྱུད་གསང་ཡིག་ངོ་མ་དེ་ལས་སླ་པའི་ངང་བསྒྱུར་བཅོས་གཏོང་ཐུབ་ཀྱི་ཡོད། ང་རླུང་རྟ་ཡར་འགྲོ་ཞིག་ཡིན་ངེས། གང་ཡིན་ཞེ་ན་ངས་དེ་རིང་ཉིན་མ་གང་ཚང་ངའི་གསང་ཡིག་དེ་ཁ་སྣོན་བྱས་ནས་བསྡད་པ་ཡིན།

    བསྐྱར་སྦྱོང་།

    • གསང་ཡིག་བཙན་པོ་ཇི་ལྟར་བཀོལ་སྤྱོད་བྱེད་མིན་སྐོར་ལ་ཤེས་རྟོགས་དགོས་ཀྱི་ཡོད་ན་སློབ་ཚན་གཉིས་པའི་གཉིས་པ་སྟེ་’གསང་ཡིག་ཉེན་སྲུང་དང་དེའི་ཟུར་མཆན་ང་པ།’ཞེས་པ་དེར་གཟིགས་ན་འགྲིགངའི་གསང་ཡིག་དེ་རིང་ཐུང་ཇི་ལྟར་དགོས་སམ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱིས་གློག་ཀླད་གནས་ཚུལ་ཁག་ཇི་ལྟར་སྦ་གསང་དང་སྲུང་སྐྱོབ་བྱེད་དགོས་མིན་གྱི་བརྙན་དེབ་ནང་གཟིགས་ན་མཁྱེན་ངེས་ཡིན། དེ་ཡང་གཤམ་གྱི་འབྲེལ་ཐག་ཁག་ལ་གཟིགས་ན་ཁྱེད་ཀྱིས་མཁྱེན་ཐུབ། Digital Security and Privacy for Human rights Defenders
    • ཀུན་བཏུས་ཚིག་མཛོད་ཆེན་མོའི་ནང་གསང་ཡིག་སྐོར་ལ་དོན་སྙིང་ལྡན་པའི་བསམ་ཚུལ་སྤེལ་ཡོད་པས་གཤམ་གྱིས་འབྲེལ་ཐག་ལ་གཟིགས་རོགས། Passwords, Guidelines for password strength, password cracking