11. ཇི་ལྟར་བྱས་ཏེ་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བཙན་སྲུང་བཀོལ་སྤྱོད་བྱེད་དགོས་སམ།

Updated2013

ལམ་ཡིག་འདི་བཞིན་ད་ལྟ་བདག་གཅེས་བྱས་ཀྱི་མེད།

སློབ་ཚན་བཅུ་པའི་ནང་འགྲེལ་བརྗོད་བྱས་པ་བཞིན་ད་ཐེངས་སློབ་ཚན་འདིའི་ནང་གཞི་རྩའི་ལག་ཐོག་ཁ་པར་དང་དེ་ཐོག་ཏུ་ཡོད་པའི་འཕྲིན་ཐུང་དང་སྐད་ཆ་བཤད་ཡག་གི་བྱ་ཐབས་ཁག་ཇི་ལྟར་བརྟན་སྲུང་བཀོལ་སྤྱོད་བྱེད་དགོས་མིན་ཐད་གླེང་སློང་བྱ་རྒྱུ་ཡིན། དེ་ཡང་ལག་ཐོག་ཁ་པར་བརྒྱུད་དྲ་བ་བཀོལ་སྤྱོད་བྱས་ཏེ་ཡིག་ཆ་དང་བཀལ་མོལ་གནང་མཁན་ཚོར་ཆེད་དུ་དམིགས་ནས་འགྲེལ་བརྗོད་བྱེད་རྒྱུ་ཡིན།

བརྡ་འཕྲིན་ཚན་ཚན་ཡར་རྒྱས་འགྲོ་བ་དང་དུས་མཉམ་ལག་ཐོག་ཁ་པར་ཀྱང་གློག་ཀླད་ཁག་ནང་བཞིན་ཁྱད་ཆོས་གཅིག་པ་བཟོ་བཀོད་ཀྱིས་བཀོལ་སྤྱོད་བྱེད་ཡག་ཡོད། ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་འདི་ཚོ་བརྒྱུད་མི་ཕན་ཚུན་འབྲེལ་ལམ་འདྲ་མིིན་སྣ་ཚོགས་བྱེད་མགོ་ཚུགས་པ་དང་ཆབས་གཅིག་དེ་ཚོ་ས་ཁྱབ་རྡོ་ཁྱབ་བརྒྱུད་ལམ་ཁག་ནང་བཞིན་ཁྱབ་སྤེལ་གཏོང་ཐུབ་ཀྱི་ཡོད། དེ་ལྟ་བུའི་བཀོལ་སྤྱོད་གསར་པ་དེ་ཚོ་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་བེད་སྤྱོད་གཏོང་ཡག་ལ་དེ་ཐོག་ཏུ་སྐུད་མེད་དྲ་བའམ་ཡང་ན་དྲ་ལམ་གཞན་དག་མཐུད་དགོས། དེ་མཐུད་པ་ཡིན་ན་ལག་ཐོག་ཁ་པར་བརྒྱུད་གློག་ཀླད་ནང་དྲ་བ་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནི་གློག་ཀླད་ཞིག་དང་འདྲ་བ་དེ་ཐོག་ཏུ་བཀོལ་སྤྱོད་ཕུན་སུམ་ཚོགས་པོ་བྱེད་ཡག་ཡོད་ལ་སྐད་ཆ་བཤད་ཡག་དང་ཉན་ཡག་ཡོད་མཁན་གྱི་རིག་ལྡན་འཕྲུལ་ཆས་ཤིག་ཆགས་ཡོད། དེས་ག་རེ་གསལ་བཤད་བྱེད་ཀྱི་ཡོད་དམ་ཞེ་ན། དེའི་ནང་ཡོད་པའི་བཀོལ་སྤྱོད་མ་ལག་ཞེ་པོ་ཞིག་གློག་ཀླད་ནང་འགྲོ་གི་ཡོད་པ་གསལ་སྟོན་བྱས་ཡོད།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་བཀོལ་སྤྱོད་བྱེད་ཡག་གི་མཐུན་རྐྱེན་མང་པོ་ཞེ་པོ་ཞིག་འཛོམས་ཡོད། དེ་ཡང་དེའི་ནང་དྲ་བ་མཐུད་པ་ཡིན་ན་དྲ་རྒྱ། སྒྲ་སྐུལ་ཡོ་ཆས་ནང་གནས་ཚུལ་འཕོ་ལེན་དང་གསོག་འཇོག་བྱེད་སྟངས། བརྙན་པར། རྩེད་མོ། དྲ་ཐོག་དངུལ་ཁང་དང་ཨེ་མལ་དེ་བཞིན་ཐད་གཏོང་འབྲེལ་མཐུད་ཀྱི་སྐད་ཆ་བཤད་ཐུབ་པ་སོགས་ཀྱི་ཁྱད་ཆོས་དེ་འདྲ་བཀོལ་སྤྱོད་བྱེད་ཡག་ཡོད། ཡིན་ནའང་། བྱ་ཐབས་འདི་ཚོ་བཀོལ་སྤྱོད་བྱས་པ་ཡིན་ན་དེར་ཉེན་ཁ་གསར་པ་དེ་འདྲ་མང་པོ་ཕྲད་སྲིད་པ་ཞིག་ཡིན།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་མང་པོའི་ནང་དྲ་བ་སྤྱད་དེ་ས་བབ་དཔྱད་ཞིབ་བྱེད་ཡག་གི་མཐུན་རྐྱེན་དེ་འདྲ་ནང་འཇུག་བྱས་ཡོད་དུས་དེ་ཚོ་བརྒྱུད་ས་བབ་དང་ས་ཁྲ་དེ་བཞིན་དྲ་རྒྱ་མང་པོ་ཞིག་ཐད་ཀར་ཕྱོགས་སྟོན་གྱིས་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། གོང་དུ་འགྲེལ་བརྗོད་ཞུས་པ་ལྟར་ལག་ཐོག་ཁ་པར་གྱི་ཞབས་ཞུ་སྒྲུབ་མཁནཚོས་ཁྱེད་རང་གི་ལག་ཐོག་ཁ་པར་གྱི་ས་བབ་ལ་དཔྱད་ཞིབ་བྱས་ཏེ་ཁྱེད་རང་ག་པར་ཡོད་མེད་ཀྱི་གནས་ཚུལ་ཁག་ཆད་ལུས་མེད་པར་ཕྱོགས་སྟོན་བྱེད་ཐུབ་ཀྱི་ཡོད།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གྱི་ཉེན་ཁ་ཁག་ཇི་ལྟར་གདོང་ལེན་བྱེད་དགོས་མིན་ནི་སློབ་ཚན་བཅུ་པའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་བརྗོད་དོན་ཇི་ལྟར་ལག་ཐོག་ཁ་པར་བཙན་སྲུང་བཀོལ་སྤྱོད་བྱེད་དགོས་སམཞེས་པ་དེར་གཟིགས་ན་མཁྱེན་ངེས་ཡིན། དེས་ཁ་པར་ནང་གི་སྐད་ཆ་དང་འཕྲིན་ཐུང་དེ་བཞིན་བྱང་བུ་ཁག་ཇི་ལྟར་མི་གཞན་གྱིས་ལྐོག་ཉན་དང་ལྐོག་བལྟ་བྱས་ཏེ་བེད་སྤྱོད་གཏོང་གི་ཡོད་པ་ཤེས་རྟོགས་ཐུབ་ཀྱི་ཡོད་པས་དེར་ངེས་པར་གཟིགས་དགོས།

ང་ཚོས་སློབ་ཚན་འདི་བརྒྱུད་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ཉེན་ཁ་འཕར་མ་དེ་འདྲ་ག་རེ་འཕྲད་ཀྱི་ཡོད་མེད་སྐོར་གླེང་སློང་བྱེད་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་ཡོད་པ་ཞུ།

སྦ་ཁུག དངུལ་ཁུག ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར།

ང་ཚོར་སྦ་ཁུག་ཡག་པོ་ཉར་ཡག་གི་རིག་ཤེས་དེ་ཡོད། གང་ཡིན་ཞེ་ན། དེའི་ནང་གནད་འགག་ཆེ་བའི་གནས་ཚུལ་མང་པོ་ཞེ་པོ་ཞིག་ཉར་འཚག་བྱས་ཡོད་པར་བརྟེན། དེ་བརླག་དོར་ཤོར་བ་ཡིན་ན་རང་སྲུང་བྱེད་ཡག་ལ་འགོག་རྐྱེན་བཟོ་གི་ཡོད་དུས་བརྟན་པོ་ཉར་གྱི་ཡོད། མི་ཚོས་སོ་སོ་སྒེར་གྱི་གནས་ཚུལ་མང་པོ་གསོག་འཇོག་བྱས་ཡོད་པའི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བརླག་པ་ཡིན་ན་སྣང་མེད་ངང་སྡོད་པ་ལས་ཉེན་ཁ་དེ་ཙམ་བརྩི་གི་མེད། གལ་སྲིད་ཁྱེད་ཀྱིས་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་དེ་དྲ་བ་མཐུད་ཡོད་པའི་གློག་ཀླད་ཞིག་ལ་བརྩི་གི་ཡོད་ན་དེ་དང་གནས་ཚུལ་མང་པོ་གསོག་འཇོག་བྱས་ཡོད་པའི་དངུལ་ཁུག་གཉིས་བར་ཁྱད་པར་གང་འདྲ་ཡོད་མེད་ཀྱི་གནས་ཚུལ་དེ་རྟོགས་ཐུབ་ཀྱི་རེད།

གཤམ་དུ་ཡོད་པའི་སྟབས་བདེའི་བྱ་ཐབས་ཁག་བཀོལ་སྤྱོད་བྱས་ན་དེ་གཉིས་ཀྱིས་ཁྱད་པར་ཤེས་ཐུབ།

སྦ་ཁུག་གམ་དངུལ་ཁུག་ནང་གསོག་འཇོག་བྱས་ཡོད་པའི་གནད་འགག་ཆེ་བའི་ཅ་དངོས་དེ་ཚོ་མར་སྟོན་ན་ཁྱེད་ཀྱིས་དེའི་ནང་ག་རེ་ཉར་འཚག་བྱས་ཡོད་མེད་རྟོགས་ཐུབ། དེ་ཡང་།

 • དགའ་རོགས་ཀྱི་པར་གཅིག་གམ་ལྔ།
 • ང་སྤྲོད་ལག་ཁྱེར།༼ རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར། ཚོགས་མིའི་ལག་ཁྱེར་དེ་བཞིན་སྤྱི་ཚོགས་ཉེན་སྲུང་གི་ལག་ཁྱེར་སོགས་ཡོད་སྲིད༽
 • ཚེ་སྲོག་ཉེན་སྲུང་དང་འཕྲོད་བརྟེན་བལྟ་སྲུང་ལག་ཁྱེར། ༼ ༢༽
 • དངུལ་གྱི་འཛིན་བྱང་། ༼༥༽
 • དངུལ་ཁང་གི་བྱུང་སོང་ཤོག་བྱང་། ༼ ༣༽

ད་ལྟ་ཁྱེད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ག་རེ་ག་རེ་ཡོད་མེད་རྩད་གཅོད་ཞིག་བྱོས་དང་། ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་དུས་རྒྱུན་དུ་བཀོལ་སྤྱོད་བྱེད་མཁན་ཚོར་གོང་དུ་སྦ་ཁུག་ནང་ལ་ཡོད་པ་ལས་ཅ་དངོས་མང་བ་དང་རིན་ཐང་ཆེ་བ་དེ་འདྲ་ཡོད་རེད་བསམ་གྱི་འདུག ཇི་ལྟར་ཡོད་མེད་གཤམ་དུ་གཟིགས་ན་མཁྱེན་ཐུབ།

 • དགའ་རོགས་ཀྱི་པར། ༼༡༠༠༽
 • ཨེ་མལ་ཁ་བྱང་ཁག་དང་དེ་ཚོའི་གསང་ཡིག་ཁག
 • ཨེ་མལ་འཕྲིན་ཐུང་། ༼་༥༠༠༽
 • བརྙན་འཕྲིན།༼ ༥༠༽
 • སྤྱི་ཚོགས་དྲ་རྒྱ་ཁག་དང་དེ་ཚོའི་གསང་ཡིག་ཁག
 • དྲ་ཐོག་མ་འཇོག་བྱེད་སྟངས་ཁག
 • གནད་འགག་ཆེ་བའི་ཡིག་ཆ།
 • ཐོ་འགོད་བྱས་ཡོད་པའི་གནད་འགག་ཅན་གྱི་བརྡ་འཕྲིན་ཁག
 • ཐད་ཀར་དྲ་ཐོག་བརྒྱུད་ཁྱེད་ཀྱི་གནད་འགག་ཆེ་བའི་གནས་ཚུལ་དང་འབྲེལ་ལམ་བྱེད་རྒྱུ་སོགས་ཡོད།

ཁྱེད་ཀྱིས་ག་ཚོད་ཀྱིས་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བཀོལ་སྤྱོད་བྱས་པ་དེ་ཙམ་གྱིས་དེ་སྲིད་དུ་ཉེན་སྲུང་སྔོན་འགོག་ཁག་ལག་བསྟར་བྱེད་དགོས་པ་ཆགས་ཀྱི་ཡོད། ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནི་སོ་སོའི་གནས་ཚུལ་ཁྱབ་སྤེལ་གཏོང་ཡག་ལ་མེད་དུ་མི་རུང་བའི་འཕྲུལ་ཆས་ཤིག་ཆགས་ཀྱི་ཡོད། དེ་ཚོ་མང་ཆེ་བའི་ནང་དྲ་བ་བཀོལ་སྤྱོད་བྱེད་ཡག་ཡོད་ལ་སྤྱི་ཚོགས་དྲ་རྒྱ་ཡང་བཀོལ་སྤྱོད་བྱེད་ཡག་ཡོད། འདི་ག་རེ་རེད་ཟེར་ན་འདིས་ཁྱེད་ཀྱི་རིན་ཐང་ལྡན་པའི་གནས་ཚུལ་ཁག་ཕྱོགས་བསྡུས་ཀྱིས་འཚོལ་བརྙེད་ཐུབ་པ་མ་ཟད་འགྲེམ་ཚོང་བྱེད་ཐུབ་ཀྱི་ཡོད།

སློབ་ཚན་ལྔ་པའི་ནང་འགྲེལ་བརྗོད་ཞུས་པའི་བརྗོད་དོན་ཁྱེད་ཀྱི་གནས་ཚུལ་བོར་བརླག་ཤོར་བ་ཁག་ཇི་ལྟར་བྱས་ཏེ་བསྐྱར་ལེན་བྱེད་དགོས་སམཞེས་པ་དེར་གཟིགས་ན་ཡིག་ཆ་བསྐྱར་ལེན་བྱེད་ཡག་དེ་གལ་འགངས་ཆེན་པོ་གང་འདྲ་ཡིན་མིན་དེ་ཁྱེད་ཀྱིས་ཤེས་ཐུབ། ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ལ་འདི་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། འབྲེལ་གཏུགས་བྱེད་ཡུལ་གྱི་ཁ་པར་ཨང་གྲངས་སོགས་ཀྱི་ཡིག་ཆ་ཁག་ཁྱེད་ཀྱིས་བསྐྱར་ལེན་གྱིས་གསོག་འཇོག་མ་བྱས་པར་ཁ་པར་བརླག་པ་ཡིན་ན་ཉེན་ཚབས་ཆེན་པོ་ཞིག་ཆགས་ཀྱི་རེད། ཁྱེད་ཀྱིས་དེ་ཐོག་ཏུ་ཡོད་པའི་ཡིག་ཆ་ཁག་བསྐྱར་ལེན་བྱེད་པ་དང་སྦྲགས་གསོག་འཇོག་བྱེད་རྒྱུ་མ་བརྗེད་པ་བྱེད་དགོས། གང་ཡིན་ཞེ་ན། ཛ་དྲག་སྐབས་དགོས་འགལ་བྱུང་དུས་པར་བཤུས་གསོག་འཇོག་བྱས་པའི་ཡིག་ཆ་ཁག་བེད་སྤྱོད་གཏོང་ས་རག་གི་རེད།

སློབ་ཚན་འདིའི་ནང་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གྱི་གཞི་རྩའི་ཁྱད་ཆོས་དང་གནད་འགག་ཆེ་བའི་གནས་ཚུལ་ཁག་ཉེན་སྲུང་དོ་དམ་གང་འདྲ་སེ་བྱེད་དགོས་མིན་གྱི་སྒྲིག་ཤོམ་བྱེད་སྟངས་ཁག་ངོ་སྤྲོད་བྱས་ཡོད། སློབ་ཚན་འདིའི་སློབ་མཇུག་ཏུ་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གང་འདྲ་སེ་ཉེན་སྲུང་བྱེད་དགོས་མིན་ངོ་སྤྲོད་བྱས་ཡོད། དེ་ཡང་། ཉེན་སྲུང་ཇི་ལྟར་བྱེད་དགོས་མིན་ནི་གཤམ་དུ་འགྲེལ་བརྗོད་ཞུས་ཡོད་པས་དེར་གཟིགས་རོགས།

སྡིངས་ཆ། སྒྲིག་ཤོམ། ནང་འཇུག་བྱེད་སྟངས།

སྡིངས་ཆ།

ཡི་གེ་འབྲི་སྐབས་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ཏེ་ཀུ་ཤུ་རྟགས་ཅན་དང་ (Google's Android, Blackberry) དེ་བཞིན་ཁྱད་ཆོས་ཡོད་པའི་ལག་ཐོག་ཁ་པར་ཁག་བཀོལ་སྤྱོད་བྱེད་བཞིན་ཡོད། (Android) དང་ལྡན་པའི་ལག་ཐོག་ཁ་པར་དང་ཁ་པར་གཞན་དག་བར་ཁྱད་པར་ག་རེ་ཡོད་དམ་ཞེ་ན། (Android) ནི་དགག་ཆ་མེད་པའི་མ་ལག་ཞིག་ཡིན་པ་གང་ཞིག་འདིས་རང་དབང་ངང་བཀོལ་སྤྱོད་མ་ལག་སྟངས་འཛིན་བྱེད་པ་མ་ཟད་རང་ཉིད་ཀྱི་གནས་ཚུལ་ཁག་ཉེན་སྲུང་བྱེད་ཀྱི་ཡོད། འདི་བརྒྱུད་ལག་ཐོག་ཁ་པར་ཉེན་སྲུང་བྱེད་སྟངས་ལ་མཐུན་རྐྱེན་གསར་པ་དེ་འདྲ་བསྐྲུན་གྱི་ཡོད། དེར་བརྟེན་ཉེན་སྲུང་ཐོག་མཁྱེན་རྒྱ་ཡངས་པའི་མཉེན་ཆས་བཟོ་སྐྲུན་པ་ཚོས་ལག་ཐོག་ཁ་པར་བཀོལ་སྤྱོད་གཏོང་མཁན་ཚོའི་བདེ་འཇགས་དང་ཉེན་སྲུང་ཆེད་ Android མཉེན་ཆས་བཟོ་བསྐྲུན་གྱིས་བཀོལ་སྤྱོད་བྱེད་ཡག་བཟོས་ཡོད། དེ་ཡང་། དེའི་སྐོར་ལ་ཞིབ་ཕྲ་སློབ་ཚན་འདིའི་སློབ་མཇུག་ཏུ་བཀོད་ཡོད་པས་དེར་གཟིགས་རོགས།

གོང་དུ་འགྲེལ་བརྗོད་ཞུས་པ་ལྟར་ (Android) མཉེན་ཆས་འདི་བཞིན་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་བཀོལ་སྤྱོད་བྱས་པ་ཡིན་ན་འདིས་སྟབས་བདེ་པོའི་ཐོག་ནས་ཡིག་ཆ་ཁག་ཉེན་སྲུང་དོ་དམ་བྱེད་ཀྱི་ཡོད། དེ་ཙམ་མ་ཟད་ (Android) ལྡན་མེད་པའི་ལག་ཐོག་ཁ་པར་གང་འདྲ་སེ་སྒྲིག་ཤོམ་བྱེད་དགོས་མིན་ཐད་ལའང་འགྲེལ་བཤད་རྒྱག་གི་ཡོད།

(Blackberry) ལག་ཐོག་ཁ་པར་ལ་ཡང་འཕྲིན་ཐུང་དང་ཨེ་མལ་གསོག་འཇོག་གིས་ཉེན་སྲུང་བྱེད་ཡག་ཡོད། གང་ཡིན་ཞེ་ན། འཕྲིན་ཐུང་དང་ཨེ་མལ་དེ་ཚོ་ (Blackberry) དྲ་བ་བརྒྱུད་མི་གཞན་གྱིས་བལྟ་ཀློག་བཀོལ་སྤྱོད་བྱེད་བཅུག་གི་མེད། སྟབས་ཉེས་པ་ཞིག་ལ་འཇིགས་སྐུལ་རིང་ལུགས་པ་དང་དེ་འབྲེལ་ཚོགས་པ་ཁག་གིས་གཞུང་དམངས་ལ་འགོག་རྐྱེན་བཟོ་གི་རེད་བསམ་སྟེ། ལག་ཐོག་ཁ་པར་དེའི་ནང་གནས་ཚུལ་འཕོ་ལེན་བྱེད་མཁན་ལ་སྟངས་འཛིན་བྱེད་མཁན་གྱི་གཞུང་མང་དུ་མང་དུ་འགྲོ་གི་ཡོད། རྒྱ་གར་དང་ཨ་རབ་སྤྱི་མཐུན། སོ་དྷི་ཨ་རབ།ཨེན་ཀྲོ་ཎི་ཤི་ཡ། དེ་བཞིན་ལེ་བི་ནོན་སོགས་ནང་ (Blackberry) བཀོལ་སྤྱོད་བྱེད་ཡག་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད།

ཁ་པར་རྫིག་པོ།

ལག་ཐོག་ཁ་པར་ཁ་ཤས་ལ་ (Nokia 7705 Twist)་ཡང་ན་ (Samsung Rogue) ཁ་པར་རྫིག་པོ་ཞེས་འབོད་ཀྱི་ཡོད། དེང་སང་ཁ་པར་རྫིག་པོ་དེ་ཚོ་ལ་ཡང་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་བཞིན་ཁྱད་ཆོས་དེ་འདྲ་ནང་འཇུག་བྱས་ཡོད། ཡིན་ནའང་། ཁ་པར་རྫིག་པོ་དེ་ཚོར་བཀོལ་སྤྱོད་མ་ལག་གི་བྱེད་སྒོ་ཉུང་བ་ཡོད་དུས་ཉེན་སྲུང་ཡང་དེ་ཙམ་ཡག་པོ་མེད། ང་ཚོས་དམིགས་སུ་བཀར་ནས་ཁ་པར་རྫིག་པོ་དེ་འདྲ་ཉོས་ནས་བེད་སྤྱོད་གཏོང་དགོས་རེད་ཅེས་བརྗོད་ཀྱི་མེད། ལག་ཐོག་ཁ་པར་ག་རེ་བེད་སྤྱོད་གཏོང་དགོས་མིན་ནི་གོང་དུ་འགྲེལ་བརྗོད་ཞུས་ཡོད་པས་སོ་སོས་ཐག་གཅོད་བྱེད་དགོས།

མིང་བྱང་དང་སྒོ་ལྕགས་རྒྱག་ཡག་ཡོད་པའི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་མང་ཆེ་བ་མིང་རྟགས་བཀོད་དེ་ཚོང་འགྲེམ་བྱེད་ཀྱི་ཡོད། སྒོ་ལྕགས་རྒྱག་ཡག་ཡོད་པའི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ཟེར་ན་དེ་མཁོ་སྤྲོད་བྱེད་མཁན་གྱི་བྱང་བུ་མ་བླུག་བར་ཁ་པར་དེ་བཀོལ་སྤྱོད་བྱེད་ས་མེད་པ་ཞིག་ལ་ཟེར། ལག་ཐོག་ཁ་པར་མཁོ་སྤྲོད་བྱེད་མཁན་ཚོས་དེའི་ནང་སོ་སོའི་ཁེ་ལས་ཀྱིས་བཟོ་བསྐྲུན་བྱས་པའི་ཐུང་མོང་ཚོང་ལས་ཀྱི་མཉེན་ཆས་སམ་ཡང་ན་མཉེན་ཆས་གཞན་དག་དེ་འདྲ་ནང་འཇུག་བྱེད་ཀྱི་ཡོད། ཁོང་ཚོས་དེ་ཐོག་ཏུ་ཡོད་པའི་བྱེད་སྒོ་ཁ་ཤས་མེད་པ་བཟོས་པ་དང་སྦྲགས་བྱེད་སྒོ་གཞན་པ་དེ་འདྲ་དེའི་ནང་ནང་འཇུག་བྱེད་ཀྱི་ཡོད། ཚོང་རྟགས་བཀོད་པ་ཞེས་པ་འདི་ནི་ཁེ་ལས་ཚོའི་ཡོང་འབབ་འཕར་སྣོན་ཆེད་དམིགས་ནས་བཟོས་པ་ཞིག་ཡིན། དེ་ཡང་ཁེ་ལས་དེས་ཁྱེད་རང་གི་ལག་ཐོག་ཁ་པར་ག་ཚོད་བེད་སྤྱོད་གཏོང་གི་ཡོད་མེད་ཀྱི་ཡིག་ཆ་བསྡུ་གསོག་བྱས་ནས་ཚོད་སྒམ་བྱེད་ཀྱི་ཡོད།

རྒྱུ་མཚན་དེ་དག་ལ་བརྟེན་ང་ཚོས་ཁྱེད་རང་ལ་མིང་རྟགས་མེད་པའི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ཉོ་ཡག་སྐུལ་མ་བྱེད་ཀྱི་ཡོད། སྒོ་ལྕགས་བརྒྱབ་ཡོད་པའི་ལག་ཐོག་ཁ་པར་ལ་ཉེན་སྲུང་གི་ཉེན་ཁ་ཆེིན་པོ་ཡོད། གང་ཡིན་ཞེ་ན། ལག་ཐོག་ཁ་པར་མཁོ་སྤྲོད་བྱེད་མཁན་ཚོས་ཁྱེད་ཀྱིས་བྱང་བུ་ནང་ཡོད་པའི་ཡིག་ཆ་ཁག་སྟངས་འཛིན་བྱེད་ཀྱི་ཡོད། གལ་སྲིད་ཁྱེད་ཀྱིས་བྱང་བུ་བརྗེ་པོ་བརྒྱབ་ཏེ་ཡིག་ཆ་ཁག་འཕོ་ལེན་བྱེད་དགོས་བསམ་ན་ལག་ཐོག་ཁ་པར་མཁོ་སྤྲོད་བྱེད་མཁན་ཚོས་དོ་དམ་སྟངས་འཛིན་བྱས་ཏེ་ཡིག་ཆ་ཁག་བྱང་བུ་གཞན་དག་ནང་འཕོ་ལེན་བྱེད་བཅུག་གི་མེད། གལ་སྲིད་ཁྱེད་ཀྱི་ལག་ཐོག་ཁ་པར་སྒོ་ལྕགས་བརྒྱབ་ཡོད་པ་གང་ཞིག་ཁྱེད་ཀྱིས་སྒོ་ལྕགས་ཕྱེ་ཐུབ་ཀྱི་མེད་ན་ཡིད་ཆེས་ཡོད་པའི་མི་ཞིག་ནས་རོགས་པ་ལེན་དགོས།

སྤྱི་ཡོངས་ཀྱི་སྒྲིག་ཤོམ།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ལ་ཉེན་སྲུང་དོ་དམ་བྱེད་ཡག་གི་སྒྲིག་ཤོམ་མང་པོ་ཡོད། ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ཇི་ལྟར་སྒྲིག་ཤོམ་བྱེད་རྒྱུ་ཐད་ལ་དགོངས་པ་བཞེས་རྒྱུ་ནི་དཔེ་མི་སྲིད་པ་གལ་ཆེན་པོ་ཆགས་ཡོད། གཤམ་དུ་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ཁ་ཤས་ནང་ཉེན་སྲུང་དོ་དམ་བྱེད་ཡག་གི་སྒྲིག་ཤོམ་ཡོད་པ་གང་ཞིག་ (default) སྒྲིག་ཤོམ་བྱེད་ཡག་ཡོད་མེད་ཀྱི་མཐུན་རྐྱེན་གཉིས་ཀ་ཡོད་པ་དེ་འདྲ་ཡོད་པས་དེ་ཚོ་ཇི་ལྟར་སྒྲིག་ཤོམ་བྱེད་ཀྱི་ཡོད་མེད་གཟིགས་རོགས།

Hands-on: Get started with the Basic Android Set-up Guide

ནང་འཇུག་དང་ཁ་སྐོང་བྱེད་སྟངས།

དུས་རྒྱུན་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་མཉེན་ཆས་གསར་པ་དེ་འདྲ་ནང་འཇུག་བྱེད་དུས་ཀུ་ཤུ་རྟགས་ཅན་གྱི་ (Appstore) དང་ཡང་ན་ (Google Play store) བརྒྱུད་བྱེད་སྒོ་གང་འདོད་ཕབ་ལེན་གྱིས་ནང་འཇུག་བྱེད་དགོས། དེ་ཚོ་མང་ཆེ་བ་བཀོལ་སྤྱོད་བྱེད་མཁན་དེའི་མིང་ཐོག་དེབ་སྐྱེལ་བྱས་པ་གཞིར་བཟུང་དྲ་ཐོག་ནང་འཛུལ་ཞུགས་ཀྱིས་མཉེན་ཆས་ཁག་ཕབ་ལེན་བྱེད་དགོས། བཀོལ་སྤྱོད་མ་ལག་མཁོ་སྤྲོད་བྱེད་མཁན་དེས་དྲ་བ་ཇི་ཙམ་བེད་སྤྱོད་གཏོང་གི་ཡོད་མེད་བརྟག་ཞིབ་བྱེད་པ་དང་ཁྱེད་ཀྱིས་སྦྲགས་བྱེད་སྒོ་མང་ཤོས་ག་རེ་གཏོང་གི་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད།

དྲ་ཐོག་ཏུ་ཡོད་པའི་བཀོལ་སྤྱོད་མ་ལག་དེ་ཚོི་ (Google) ཡང་ན་ (Apple) ལས་ཁུངས་ཀྱི་དྲ་བ་རུ་ཡོད་པ་ཡིན་ནའང་ཁྱེད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ནང་འཇུག་བྱས་རྗེས་ཉེན་སྲུང་ཡག་པོ་དེ་ཙམ་བྱེད་ཐུབ་ཀྱི་མེད། དཔེར་ན། ཁྱེད་རང་གི་ལག་ཐོག་ཁ་པར་ནང་ནང་འཇུག་བྱས་ཡོད་པའི་བཀོལ་སྤྱོད་མ་ལག་ཁ་ཤས་ཤིག་གིས་ཁྱེད་ཀྱི་ངོ་སྤྲོད་ཁ་བྱང་ཕབ་བཤུ་དང་གཏོང་ལེན་བྱས་ཏེ་མི་གཞན་ལ་མཁོ་སྤྲོད་བྱེད་སྲིད་པ་ཞིག་ཡིན། (Android) དང་ལྡན་པའི་ལག་ཐོག་ཁ་པར་ནང་བཀོལ་སྤྱོད་མ་ལག་ཁག་ནང་འཇུག་བྱེད་དུས་དེ་ཚོ་བཀོལ་སྤྱོད་བྱེད་ཆོག་པའི་ཆོག་མཆན་ཞུ་དགོས། བཀོལ་སྤྱོད་མ་ལག་ནང་འཇུག་བྱེད་ཡག་ལ་ཁྱེད་ཀྱིས་ཆོག་མཆན་ག་རེ་ཞུ་དགོས་མེད་ངེས་པར་བསམ་གཞིགས་ཡག་པོ་བྱེད་དགོས། དཔེར་ན། གལ་སྲིད་ཁྱེད་ཀྱིས་ "news reader" ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ནང་འཇུག་བྱེད་ཡག་ལ་ལག་ཐོག་ཁ་པར་ནང་ཡོད་པའི་དྲ་བ་བརྒྱུད་མི་གསུམ་པ་དེར་འབྲེལ་བ་བྱེད་དགོས་འདུག་ན་ཆོག་མཆན་ཡོད་པའི་འོས་འཚམས་ཀྱི་བྱ་ཐབས་གང་ཞིག་བཀོལ་སྤྱོད་བྱེད་མིན་ཐོག་ངེས་པར་བསམ་བློ་གཏོང་དགོས།

(Android apps) གྷོ་གྷལ་གྱི་གཞུང་འབྲེལ་དྲ་བ་ཁོ་ན་མ་ཡིན་པར་ཡོང་ཁུངས་གཞན་ནས་ཕབ་ལེན་གྱིས་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ནང་འཇུག་བྱེད་ཡག་ཡོད། ཁྱེད་ཀྱིས་ཕབ་ལེན་བྱས་པའི་དྲ་རྒྱ་དེ་ཚོ་བེད་སྤྱོད་གཏོང་དགོས་བསམ་ན་སྒྲིག་ཤོམ་བྱེད་སྒོའི་ནང་ཡོད་པའི་Unknown sourcesཐོག་བརྟག་ཞིབ་བྱེད་དགོས།གལ་སྲིད་ཁྱེད་ཀྱིས་དྲ་ཐོག་བརྒྱུད་གྷོ་གྷལ་དང་འབྲེལ་བ་ཉུང་ཙམ་བྱེད་དགོས་ཀྱི་ཡོད་ན་དྲ་ཐོག་གཞན་པ་དེ་ཚོ་བཀོལ་སྤྱོད་བྱེད་རྒྱུ་བསམ་བློ་གཏོང་རྒྱུ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད། ང་ཚོས་F-Droid ('Free Droid') ཞེས་པའི་རིན་མེད་དྲ་བ་འདི་བཀོལ་སྤྱོད་བྱས་ན་ལེགས་པ་ཡོད་རེད་ཅེས་ཞུ་རྒྱུ་ཡིན། ང་ཚོས་ངོས་སྦྱོར་བྱས་པའི་བཀོལ་སྤྱོད་མ་ལག་དེའི་འབྱུང་ཁུངས་ཀྱི་རྨང་གཞི་ལྟེ་བ་ནི་ F-Droid ཡིན་པས་གལ་སྲིད་བཀོལ་སྤྱོད་དེ་དེ་ཐོག་ཏུ་མེད་པ་ཡིན་ན་ཁྱེད་ཀྱིས་ (Google Play) བརྒྱུད་ཕབ་ལེན་གྱིས་ནང་འཇུག་བྱེད་དགོས།

གལ་སྲིད་ཁྱེད་ཀྱིས་དྲ་ཐོག་བརྒྱུད་བཀོལ་སྤྱོད་མ་ལག་དེ་ཚོ་ཕབ་ལེན་བྱེད་མ་ཐུབ་པ་ཡིན་ན་'androidལག་ཐོག་ཁ་པར་ཡོད་པའི་མི་ཞིག་ས་ནས་ (bluetooth) བརྒྱུད་.apk བྱེད་སྒོ་དེ་ཚོ་ཕབ་ལེན་གྱིས་ནང་འཇུག་བྱེད་དགོས། དེ་མིན་ན་ཁྱེད་ཀྱིས་ (.apk) ཞེས་པ་ཞིག་ཁྱེད་ཀྱི་ལག་ཐོག་ཁ་པར་གྱི་ (Micro SD card) ནང་ཕབ་ལེན་བྱེད་པའམ་ཡང་ན་ཏར་སྐུད་བརྒྱུད་དེ་གློག་ཀླད་ནང་འཇུག་བྱས་ཏེ་བཀོལ་སྤྱོད་བྱེད་དགོས། ཁྱེད་ལ་དྲ་ཐག་མང་པོ་ཡོད་པའི་ཡིག་སྣོད་ཞིག་འབྱོར་བ་དང་སྦྲགས་དེ་མ་ཐག་ཏུ་དེ་ནང་འཇུག་བཀོལ་སྤྱོད་བྱེད་དགོས། ཡིན་ནའང་། ཁྱེད་ཀྱིས་ (Bluetooth) བེད་སྤྱོད་གཏོང་དུས་ངེས་པར་གཟབ་གཟབ་གནང་དགོས། དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ན་སློབ་ཚན་བཅུ་པའི་གཉིས་པའི་བཞི་པ་སྟེ་སྨྲ་བརྗོད་དང་འཕྲིན་ཐུང་ལས་བརྒལ་བའི་བྱེད་སྒོ་བཀོལ་སྤྱོད་བྱེད་སྟངས་ཞེས་པ་དེར་གཟིགས་ན་ཁྱེད་ཀྱིས་མཁྱེན་ཐུབ།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བརྒྱུད་སྐད་ཆ་དང་འཕྲིན་ཐུང་སོགས་བཀོལ་སྤྱོད་བྱེད་སྟངས།

གཟབ་གཟབ་ངངང་སྐད་ཆ་ཤོད་སྟངས།

ཁ་པར་བཀོལ་སྤྱོད་བྱེད་སྟངས་ཀྱི་རྨང་གཞི།

འདིའིི་སྐོར་ལ་ཞིབ་ཕྲ་སློབ་ཚན་བཅུ་པ་དང་དེའི་བཞི་པ་ནང་འགྲེལ་བརྗོད་ཞུས་ཡོད་པས་དེར་གཟིགས་པ་ཡིན་ན། ལག་ཐོག་ཁ་པར་ཇི་ལྟར་བྱས་ཏེ་ཕྱི་ནང་གི་དགྲ་བོ་ལས་ཉེན་སྲུང་གིས་བཀོལ་སྤྱོད་བྱེད་དགོས་མིན་གྱི་ཤེས་བྱ་དག་མཁོ་སྤྲོད་བྱས་ཡོད།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ཡོད་པའི་དྲ་བའམ་ཡང་ན་སྐུད་མེད་དྲ་བ་VoIPབརྒྱུད་མི་གཞན་ལ་འབྲེལ་བ་བྱས་པ་ཡིན་ན་དེ་ཙམ་གྱིས་ཉེན་ཁ་ཕྲད་ཀྱི་མེད། དེ་ཡང་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ཁ་ཤས་ནང་དེ་ལས་ལྷགས་པ་ཉེན་སྲུང་དོ་དམ་གྱིས་བཀོལ་སྤྱོད་བྱེད་སྒོ་མང་དག་ཅིག་ཡོད་པས་ཁྱེད་ཀྱིས་གཤམ་ལ་གཟིགས་ན་མཁྱེན་ཐུབ།

ང་ཚོས་ལག་ཐོག་ཁ་པར་ནང་ཡོད་པའི་བྱེད་སྒོ་ཁ་ཤས་ཀྱིས་དགེ་སྐྱོན་གླེང་ཡོད་པས་དེར་གཟིགས་རོགས།

Skype

འདི་ནི་བྲིན་ཁ་མགྱོགས་ཤོས་ཡིན་པའི་དྲ་ཐོག་སྐད་ཆ་བཤད་ཡག་ཡོད་པའི་དྲ་བ་ཞིག་ཡིན་ལ་སྐུད་མེད་དྲ་བ་བརྒྱུད་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ལའང་བེད་སྤྱོད་གཏོང་ཡག་ཡོད་པའི་བཀོལ་སྤྱོད་མ་ལག་གོ་ཆོད་ཅན་ཞིག་ཡིན། ཡིན་ནའང་། འདི་དྲ་བ་མཐུད་ཡོད་པའི་ལག་ཐོག་ཁ་པར་ལ་དེ་ཙམ་བཀོལ་སྤྱོད་ལེགས་པོ་བྱེད་ཐུབ་ཀྱི་མེད།

སློབ་ཚན་བདུན་པའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་དྲ་སྤྱོད་འབྲེལ་ལམ་ཉེན་སྲུང་བྱེད་སྟངསདང་ཡང་ན་སློབ་ཚན་དེ་རང་དུ་ཡོད་པའི་ཇི་ལྟར་ཁྱེད་ཀྱི་དྲ་སྤྱོད་འབྲེལ་ལམ་ཁག་རང་སྲུང་བྱེད་དགོས་སམ་ཞེས་པའི་ནང་དོན་ཁག་ལ་གཟིགས་ན་མཁྱེན་ངེས་ཡིན། ང་ཚོས་ཁྱེད་ལ་ (Skype) བེད་སྤྱོད་བཏང་བ་ཡིན་ན་ཉེན་ཁ་ག་རེ་ཡོང་གི་ཡོད་མེད་འགྲེལ་བཤད་ཞུས་པ་དང་སྦྲགས་འ་ཆད་འུ་ཐུག་མ་བྱུང་བར་དེ་བཀོལ་སྤྱོད་མ་བྱས་ན་བཟང་བ་ཡོད་ཅེས་བརྗོད་རྒྱུ་ཡིན། མདོར་ན། (Skype) རང་དབང་ངང་བཀོལ་སྤྱོད་ཉེན་སྲུང་བྱེད་ཡག་ལ་དཀའ་ལས་ཁག་པོ་ཡོད་པའི་དྲ་བ་ཞིག་ཡིན་པ་གང་ཞིག་ (Microsoft) ཁེ་ལས་ཀྱིས་ཚོང་ལས་ཆེད་བདག་བཟུང་བྱེད་ཀྱི་ཡོད། (Skype) བརྒྱུད་ཁྱེད་ཀྱིས་མི་གཞན་ལ་འབྲེལ་ལམ་ག་རེ་ག་རེ་བྱས་ཡོད་མེད་ཁྲིམས་ཐོག་ཚོགས་པ་ཁག་ནས་བསྐྱར་ཞིབ་བྱས་ཏེ་སྟངས་འཛིན་བྱེད་ཀྱི་ཡོད།

VoIP གཞན་པ་དེ་འདྲ།

སྤྱིར་བཏང་ (VoIP) བཀོལ་སྤྱོད་བྱེད་ཡག་ལ་རིན་པ་གཅིག་ཀྱང་སྤྲོད་དགོས་ཀྱི་མེད་པ་གང་ཞིག་འདིས་ཡིག་ཆ་ཁ་ཤས་ཤིག་འཚོལ་བརྙེད་ཀྱང་བྱེད་ཐུབ་ཀྱི་མེད། དེར་བརྟེན། ཁྱེད་ཀྱིས་ཉེན་སྲུང་ཡོད་པའི་ (VoIP) བེད་སྤྱད་དེ་མི་ལ་སྐད་ཆ་བཤད་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད།

CSipSimple ཞེས་པ་འདི་ནི་ (Android) ལྡན་པའི་ལག་ཐོག་ཁ་པར་གྱིས་ཚོང་ཤག་སྟོབས་ཆེན་ཞིག་ཡིན་པ་གང་ཞིག་འདི་ (VoIP) ཞབས་ཞུ་འདྲ་མིན་ནང་ནང་འཇུག་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད།

Open Secure Telephony Network (OSTN)དང་ལྟ་སྐྱོང་ལས་གྲཱས་གསར་བསྐྲུན་བྱས་པའི་ostel.me ཞེས་པ་འདི་གཉིས་ནི་ད་ཆ་སྐད་ཆ་བཤད་ནས་མི་ལ་འབྲེལ་ལམ་བྱེད་ཡག་ཁུངས་དག་ཤོས་དང་བཙན་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟ་བུའི་དྲ་ཐོག་བཀོལ་སྤྱོད་མ་ལག་དེ་ཚོ་ཁྱེད་ཀྱིས་ (VoIP) ཐོག་བེད་སྤྱོད་བྱེད་མིན་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད།

ཁྱེད་ཀྱིས་ཁ་ཐུག་ (CSipSimple) བརྒྱུད་དགའ་ཉེ་སྤུན་མཆེད་ལ་འབྲེལ་ལམ་མ་བྱས་གོང་ (Ostel) དྲ་བ་བཀོལ་སྤྱོད་བྱས་ཏེ་གནས་ཚུལ་དེ་ཚོ་འཚག་སེལ་བྱས་པ་ཡིན་ན་ཁྱེད་ལ་ཉེན་ཁ་དེ་འདྲ་ཕྲད་ཀྱི་མེད། བྱ་ཐབས་འདི་ཁྱེད་ཀྱིས་བཀོལ་སྤྱོད་བྱེད་ཐུབ་ན་མི་གཞན་གྱིས་ཁྱེད་རང་སུ་དང་སྐད་ཆ་ཤོད་ཀྱི་ཡོད་མེད་དང་འབྲེལ་བ་བྱེད་ཀྱི་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མ་རེད། དེ་དང་ཕྱོགས་མཚུངས་ (Ostel) གྱིས་ཁྱེད་ཀྱིས་ནང་འཇུག་བྱེད་ཡག་གི་ཡིག་ཆ་དེ་མ་གཏོགས་ཡིག་ཆ་གཞན་པ་དེ་འདྲ་ཉར་འཚག་བྱེད་ཀྱི་མེད། དེ་ཡང་ཁྱེད་ཀྱི་སྐད་ཆ་དང་ཡིག་ཆ་ཁག་ལ་བརྡ་ཚིག་བརྒྱབ་ཏེ་མི་གཞན་གྱིས་མ་ཤེས་པ་བཟོ་གི་ཡོད། གང་ཡིན་ཞེ་ན། (ostel.me) ཡི་ངོ་སྲུང་ངོ་ཚབ་དྲ་བ་བེད་སྤྱད་དེ་དྲ་ལམ་ཁག་ཚོད་འཛིན་གྱིས་གནས་ཚུལ་དེ་ཚོ་ཤེས་སུ་བཅུག་གི་མེད། གལ་སྲིད་ཁྱེད་ཀྱིས་ (ostel.me) ནས་ (CSipSimple) ཕབ་ལེན་བྱས་པ་ཡིན་ན་དེ་ལྷན་ (ostel.me) བེད་སྤྱོད་གཏོང་ཆོག་ཆོག་ཡོང་གི་ཡོད་པས་དེ་ནང་འཇུག་དང་བཀོལ་སྤྱོད་བྱེད་ཡག་སྟབས་བདེ་ཆགས་ཀྱི་ཡོད།

RedPhone ལག་ཐོག་ཁ་པར་དམར་པོ་ཞེས་པའི་རིན་མེད་གོང་འཁོད་བཀོལ་སྤྱོད་མ་ལག་གི་བྱ་ཐབས་འདི་བརྒྱུད་ཡོ་ཆས་གཉིས་བར་གླེང་སློང་བྱུང་བའི་སྐད་ཆ་ཁག་བརྡ་ཚིག་བརྒྱབ་ཏེ་བཀོལ་སྤྱོད་གཏོང་ཐུབ་ཀྱི་ཡོད། བྱ་ཐབས་འདི་ནང་འཇུག་དང་བཀོལ་སྤྱོད་བྱེད་ཡག་ལ་སྟབས་བདེ་པོ་ཡོད། གང་ཡིན་ཞེ་ན། འདི་ནམ་རྒྱུན་ཁྱེད་ཀྱི་འབྲེལ་གཏུགས་བྱེད་སའི་ཁ་བྱང་ནང་ནང་འཇུག་བཀོལ་སྤྱོད་བྱེད་ཡག་བཟོས་པར་བརྟེན་བཀོལ་སྤྱོད་བདེ་པོ་ཡོད། ཁྱེད་རང་ཙམ་མ་ཟད་ཁྱེད་རང་དང་སྐད་ཆ་བཤད་མཁན་དེའི་ལག་ཐོག་ཁ་པར་ལའང་ (RedPhone) ནང་འཇུག་བྱེད་དགོས། (RedPhone) དེ་སྟབས་བདེ་བཀོལ་སྤྱོད་གཏོང་དགོས་ན་ཁྱེད་ཀྱི་ལག་ཐོག་ཁ་པར་གྱི་ཨང་གྲངས་བརྒྱུད་བེད་སྤྱོད་གཏོང་དགོས། ཡིན་ནའང་། དེ་ལག་ཐོག་ཁ་པར་གྱི་ཨང་གྲངས་བརྒྱུད་བཀོལ་སྤྱོད་བྱེད་དུས་དེའི་བརྒྱུད་དམ་ཁག་ལ་བརྟག་ཞིབ་བྱེད་རྒྱུ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད། (RedPhone) གྱི་དྲ་བ་ལྟེ་བ་དེ་བཀོལ་སྤྱོད་གཏོང་གི་ཡོད་དུས་ནུས་སྟོབས་ལྡན་པ་ཞིག་ཆགས་ཀྱི་ཡོད།

(CSipSimple, Ostel.me, Redphone) དེ་ཚོའི་སྐོར་གྱི་ཤེས་བྱ་ཁག་རིམ་པས་ངོ་སྤྲོད་བྱེད་ཀྱི་ཡིན་པས་གཤམ་དུ་གཟིགས་རོགས། དེ་དང་ཆབས་ཅིག་དེ་ཚོའི་སྐོར་གྱི་བཀོལ་སྤྱོད་ཁག་གོང་དུ་འགྲེལ་བརྗོད་ཞུས་པའི་གནད་དོན་ཁག་ལ་གཟིགས་ན་ཡང་ཁྱེད་ཀྱིས་མཁྱེན་ཐུབ།

གཟབ་གཟབ་ངང་འཕྲིན་ཐུང་གཏོང་སྟངས།

ཁྱེད་ཀྱིས་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བརྒྱུད་འཕྲིན་ཐུང་བསྐུར་བ་དང་ལབ་གླེང་བྱེད་པ་སོགས་ཀྱི་མ་ལག་ཁག་བཀོལ་སྤྱོད་བྱེད་དུས་དེ་ངེས་པར་གཟབ་གཟབ་བཀོལ་སྤྱོད་ལེགས་པོ་བྱེད་དགོས།

འཕྲིན་ཐུང་།

སློབ་ཚན་བཅུ་པའི་བདུན་པའི་ནང་འགྲེལ་བརྗོད་ཞུས་པ་ལྟར་འཕྲིན་ཐུང་ཐོག་གཞན་ལ་འབྲེལ་ལམ་བཟོ་རྒྱུ་དེ་ (default) སྒྲིག་ཤོམ་གྱིས་བཙན་སྲུང་བྱེད་ཐུབ་ཀྱི་མེད། དེང་སང་ལག་ཐོག་ཁ་པར་ནང་བརྡ་འཕྲིན་བཀོལ་སྤྱོད་ཀྱི་མཐུན་རྐྱེན་ཡོད་པ་ཚང་མས་འཕྲིན་ཐུང་དེ་ཚོ་སྟབས་བདེ་པོའི་ཐོག་ནས་བལྟ་ཀློག་བྱེད་ཀྱི་ཡོད་པའི་གནས་སྟངས་མང་པོ་ཐོན་གྱི་ཡོད། ཛ་དྲག་སྐབས་སུ་ཁྱེད་ཀྱིས་ཉེན་སྲུང་མེད་པའི་འཕྲིན་ཐུང་དེ་ཚོར་རེ་བཅོལ་བྱས་ཏེ་སྡོད་རྒྱུ་མེད། འཕྲིན་ཐུང་དེ་ཚོ་མང་ཆེ་བ་ཁུངས་ལྡན་ཞིག་མིན་དུས་དེ་ཚོར་ཁྱེད་ཀྱིས་ཡིད་ཆེས་བྱས་ཏེ་བསྡད་ན་ལྐུག་པ་ཡིན། གང་ཡིན་ཞེ་ན་འཕྲིན་ཐུང་དེ་ཚོ་མི་གཞན་ལ་འཕོ་ལེན་བྱེད་དུས་བརྗེ་པོ་རྒྱག་པའམ་ཡང་ན་ཡི་གེ་དེ་སོ་སོས་རེ་སྒུག་བྱེད་བཞིན་པའི་མི་དེས་བཏང་ཡོད་མེད་ཚོད་སྒམ་བྱེད་ཐུབ་ཡག་དཀའ་ལས་ཁག་པོ་ཡོད།

SMS ཉེན་སྲུང་བྱེད་སྟངས།

TextSecure ཞེས་པ་འདི་ནི་FOSS](/en/glossary#FOSS) ཀྱི་བཀོལ་སྤྱོད་མ་ལག་ཡིན་པ་གང་ཞིག་ (Android) ཡོད་པའི་ལག་ཐོག་ཁ་པར་ནང་ཉེན་སྲུང་ཡོད་པའི་འཕྲིན་ཐུང་འབྱོར་བ་དང་གཏོང་བའི་རིགས་བྱེད་ཀྱི་ཡོད། འདི་བརྡ་ཚིག་བརྒྱབ་ཡོད་པ་དང་མེད་པ་གཉིས་ཀ་ལ་འགྲོ་གི་ཡོད། ཡིན་ནའང་། འདི་སྒྲིག་འགལ་བཀོལ་སྤྱོད་མ་ལག་ཐོག་བེད་སྤྱོད་གཏོང་དགོས། བརྡ་ཚིག་བརྒྱབ་ཡོད་པའི་འཕྲིན་ཐུང་ཁག་ཕར་ཚུར་འཕོ་ལེན་བྱེད་དགོས་ན་གཏོང་ཡུལ་དང་གཏོང་ས་གཉིས་ཀའི་ལག་ཐོག་ཁ་པར་ནང་དེ་ནང་འཇུག་བྱེད་དགོས་པ་མ་ཟད་དུས་རྒྱུན་ཁྱེད་དང་འབྲེལ་བ་བྱེད་མཁན་ཚོའི་ལག་ཐོག་ཁ་པར་ནང་ལའང་བཀོལ་སྤྱོད་དེ་ནང་འཇུག་བྱེད་དགོས་པའི་སྐུལ་མ་གཏོང་དགོས། བརྡ་ཚིག་བརྒྱབ་མེད་པའི་འཕྲིན་ཐུང་ཞིག་ (TextSecure) བེད་སྤྱོད་གཏོང་མཁན་ཞིག་ནས་ཁྱེད་ལ་འབྱོར་བ་ཡིན་ན་ (TextSecure) གྱིས་རང་འགུལ་ངང་དེ་ག་རེ་ཡིན་མིན་ཤེས་རྟོགས་ཐུབ་ཀྱི་ཡོད། འདིས་བརྡ་ཚིག་བརྒྱབ་ཡོད་པའི་འཕྲིན་ཐུང་གཅིག་གཏོང་ཐེངས་གཅིག་ལ་མི་མང་པོར་གཏོང་ཐུབ་ཀྱི་ཡོད། འཕྲིན་ཐུང་དེ་ཚོ་མིང་འགོད་ཀྱིས་བཀོལ་སྤྱོད་བཏང་རྗེས་མི་གཞན་གྱིས་དེའི་ནང་དོན་ལ་ཐེ་གཏོགས་བྱེད་ཐུབ་ཀྱི་མེད། དེ་ཡང་ཁྱེད་ཀྱིས་ཞིབ་ཕྲ་དེའི་སྐོར་ལ་ཤེས་འདོད་ན་ (TextSecure) ཡི་བཀོལ་སྤྱོད་མ་ལག་ཁག་ལ་གཟིགས་ན་མཁྱེན་ངེས་ཡིན།

Hands-on: Get started with the TextSecure Guide

ལབ་གླེང་ཉེན་སྲུང་བྱེད་སྟངས།

ཁྱེད་ཀྱིས་ལག་ཐོག་ཁ་པར་བརྒྱུད་འཕྲིན་ཐུང་དང་ལབ་གླེང་བྱས་པ་ཁག་ལ་ཉེན་ཁ་ཕྲད་སྲིད་པ་ཞིག་ཡིན། དེ་ཡང་ཁྱེད་ཀྱིས་སྐད་ཆ་བཤད་པ་དེ་ཚོར་གཞིགས་ཏེ་མིས་ཁྱེད་ལ་སྐད་ཆ་འདྲ་མིན་བཤད་སྲིད་པ་ཞིག་ཡིན། དེར་བརྟེན། ལག་ཐོག་ཁ་པར་ནང་འཕྲིན་ཐུང་འབྲི་དུས་དང་སྐད་ཆ་བཤད་དུས་གཟབ་གཟབ་བྱེད་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད།

འདིེར་ཇི་ལྟར་བྱས་ཏེ་འཕྲིན་ཐུང་དང་ལབ་གླེང་ཁག་བརྟན་པོའི་ཐོག་ནས་བཀོལ་སྤྱོད་བྱེད་ཡག་གི་ཐབས་ལམ་དེ་འདྲ་ཡོད། དེ་ཡང་ཁྱེད་རང་སུ་དང་འབྲེལ་བ་བྱེད་ཀྱི་ཡོད་མེད་དེར་བསམ་བློ་གཏོང་རྒྱུ་ནི་དཔེ་མི་སྲིད་པའི་གལ་ཆེན་པ་ཆགས་ཡོད་ལ་འདིས་ཁྱེད་ལ་ཉེན་སྲུང་ཡང་བྱེད་ཐུབ་ཀྱི་ཡོད།

ང་ཚོས་ཁྱེད་ལ་Chatsecure ཞེས་པ་འདི་ (Android ལྡན་པའི་ལག་ཐོག་ཁ་པར་ཁག་ནང་ནང་འཇུག་གིས་བཀོལ་སྤྱོད་བྱས་པ་ཡིན་ན་འཕྲིན་ཐུང་དང་ལབ་གླེང་ཁག་ཉེན་སྲུང་བྱེད་ཡག་ལ་ཕན་ཐོགས་ཆེན་པོ་ཡོད་རེད་ཅེས་ངོ་སྤྲོད་བྱེད་ཀྱི་ཡོད། (Gibberbot) བཀོལ་སྤྱོད་མ་ལག་གིས་ཁྱེད་ཀྱི་ལབ་གླེང་ཁག་ལ་སྟབས་བདེ་ནུས་སྟོབས་ལྡན་པའི་བརྡ་ཚིག་བརྒྱབ་ཐུབ་པ་མ་ཟད་སྟངས་འཛིན་ཀྱང་བྱེད་ཐུབ་ཀྱི་ཡོད། བརྡ་ཚིག་འཕོ་འགྱུར་བྱེད་སྟངས་འདིས་ག་རེ་གསལ་བཤད་བྱེད་ཀྱི་ཡོད་དམ་ཞེ་ན། ཁྱེད་རང་གིས་ལབ་གླེང་བྱེད་ས་དེར་བརྟག་ཞིབ་བྱས་ཏེ་བདེན་པ་དག་སྐྱེལ་དང་རང་བདག་གི་ཉེན་སྲུང་བྱེད་ཀྱི་ཡོད། གལ་སྲིད་བརྡ་ཚིག་བརྒྱབ་ཡོད་པའི་ལབ་གླེང་བྱེད་ས་ཤིག་ཁྱེད་ཀྱིས་ནང་སྒྲིག་བྱས་ཡོད་ན་འདས་པ་དང་མ་འོངས་པའི་སྡེ་ཚན་དེ་ཚོ་ཉེན་སྲུང་དོ་དམ་ངང་གནས་ཐུབ་ཀྱི་ཡོད།

(Gibberbot) དང་ (Orbot) གཉིས་ལས་ཀ་མཉམ་དུ་བྱེད་ཡག་བཟོ་བཀོད་བྱས་ཡོད་པས་Torབཅོས་མིན་དྲ་བ་བརྒྱུད་ཁྱེད་ཀྱི་ལབ་ལེན་དེ་ཚོ་ཕར་ཚུར་འཕོ་ལེན་བྱེད་དགོས་ཀྱི་ཡོད། དེར་བརྟེན། ལབ་གླེང་དེ་ཚོ་མི་གཞན་གྱིས་ཤེས་རྟོགས་ཐུབ་ཡག་དཀའ་ལས་ཁག་པོ་ཡོད་པ་མ་ཟད་འཚོལ་བརྙེད་ཀྱང་བྱེད་ཐུབ་ཀྱི་མེད།

Torདྲ་ལམ་བཀོལ་སྤྱོད་བྱེད་ཡག་དེ་སྟབས་བདེ་པོ་ཡོད་མིན་ལ་མ་ལྟོས་པར་ཀུ་ཤུ་རྟགས་ཅན་ལག་ཐོག་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོར་ལབ་གླེང་གི་ཉེན་སྲུང་སྒྲོམ་གཞི་དེ་ཁ་པར་མཁོ་སྤྲོད་བྱེད་མཁན་དེས་ནང་འཇུག་བྱེད་ཀྱི་ཡོད། ChatSecure

ལབ་གླེང་ཉེན་སྲུང་བྱེད་སྟངས་དེ་རིང་མིན་སྤྱི་ཚོགས་ནང་ཐོན་སྲིད་པ་ཞིག་ཡིན་པས་དེའི་སྐོར་ལ་ཁྱེད་ཀྱིས་ཞིབ་ཕྲ་ཤེས་འདོད་ན་དེའི་ནང་གི་ངོ་ཤོག་ཐོག་གཟིགས་ན་མཁྱེན་ཐུབ།

ཁྱེད་རང་མི་གཞན་དང་ལབ་གླེང་བྱེད་དུས་དྲ་ཐོག་ཁ་བྱང་ག་རེ་བཀོལ་སྤྱོད་བྱེད་མིན་ཐོག་བསམ་བློ་གཏོང་དགོས། དཔེར་ན། (Google Talk) བརྒྱུད་ཁྱེད་རང་གིས་མི་གཞན་ལ་སྐད་ཆ་བཤད་དུས་གྷོ་གྷལ་དྲ་རྒྱས་མི་གང་འདྲ་ཞིག་དང་དུས་ཚོད་གང་འདྲ་ཞིག་ལ་སྐད་ཆ་བཤད་ཀྱི་ཡོད་མེད་ཤེས་རྟོགས་ཐུབ་པ་མ་ཟད་སྐད་ཆ་ཤོད་མཁན་དེ་དང་གྲོས་མོལ་བྱས་ཏེ་ཉེན་སྲུང་མེད་པའི་སྐད་ཆ་ཁག་གསོག་འཇོག་བྱེད་རྒྱུ་མེད་པའི་མོས་མཐུན་ཡང་བྱེད་ཆོག་གི་ཡོད།

ཁྱེད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ཐོག་གནས་ཚུལ་ཁག་གསོག་འཇོག་བྱེད་སྟངས།

བཀོལ་སྤྱོད་མ་ལག་འདྲ་མིན་གསོག་འཇོག་བྱེད་ཡག་ཡོད་པའི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་དེ་འདྲ་ཐོན་ཡོད། ཡིན་ནའང་། སྟབས་ཉེས་པ་ཞིག་ལ་ལག་ཐོག་ཁ་པར་དེའི་ནང་གསོག་འཇོག་བྱས་ཡོད་པའི་གནས་ཚུལ་ཁག་མི་གསུམ་པའམ་ཡང་ན་རྒྱང་རིང་ནས་མི་གཞན་གྱིས་སྟངས་འཛིན་བྱེད་སྲིད་པ་ཞིག་ཡིན་དུས་ཉེན་སྲུང་ཡག་པོ་དེ་ཙམ་བྱེད་ཐུབ་ཀྱི་མེད། དེར་བརྟེན་གནས་ཚུལ་དེ་ཚོ་མི་གཞན་གྱིས་མ་ཤེས་པའི་ཆེད་གཞི་རྩའི་སྔོན་འགོག་བྱེད་དགོས་པ་ཁ་ཤས་ཤིག་ཡོད་པས་ (Android) ལག་ཐོག་ཁ་པར་གྱི་རྨང་གཞིའི་སྒྲིག་ཤོམ་བྱེད་སྟངས་ལ་གཟིགས་ན་མཁྱེན་ཐུབ། Basic Set-Up Guide for Androidདེ་དང་ཕྱོགས་མཚུངས་བྱ་ཐབས་གཞན་པ་བེད་སྤྱད་དེ་གནད་འགག་ཆེ་བའི་གནས་ཚུལ་ཁག་ལ་བརྡ་ཚིག་བརྒྱབ་ཏེ་མིས་བལྟ་ཀློག་བྱེད་མ་ཐུབ་པ་དེ་འདྲ་བཟོ་དགོས།

ཡིག་ཆར་བརྡ་ཚིག་བཀོལ་སྤྱོད་བྱེད་སྟངས་ཀྱི་ཐབས་ལམ།

Android Privacy Guard (APG)ཞེས་པ་འདི་བཀོལ་སྤྱོད་བྱས་པ་ཡིན་ན་ཡིག་ཆ་དང་ཨེ་མལ་སོགས་ལ་བརྡ་ཚིག་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། འདིས་ཨེ་མལ་གཏོང་དུས་ཙམ་མ་ཡིན་པར་ཁྱེད་ཀྱི་ཡིག་སྣོད་དང་ཡིག་ཆ་ཁག་ལག་ཐོག་ཁ་པར་ནང་བརྟན་པོའི་ཐོག་ཉར་འཚག་བྱེད་ཀྱི་ཡོད།

Hands-on: Get started with the APG Guide

Cryptonite ཞེས་པ་འདི་ཡང་FOSSཕེལ་གྱི་བརྡ་ཚིག་འཕོ་འགྱུར་བྱེད་ཡག་གི་བཀོལ་སྤྱོད་མ་ལག་ཞིག་ཡིན། (Cryptonite) ལ་ཡར་ཐོན་ཅན་གྱི་བྱ་ཐབས་ཡོད་པ་གང་ཞིག་ཕྱི་ཚོང་སྒོ་ཁྲལ་ཡོད་པའི་ (Android) ལག་ཐོག་ཁ་པར་བརྒྱུད་བཀོལ་སྤྱོད་བྱེད་ཀྱི་ཡོད་པས་ཡར་ཐོན་ཅན་གྱི་ལག་ཐོག་ཁ་པར་བཀོལ་སྤྱོད་བྱེད་སྟངས་ཞེས་པའི་ལམ་སྟོན་ཤེས་བྱར་དེར་ཁྱེད་ཀྱིས་གཟིགས་ན་མང་བ་མཁྱེན་ཐུབ།

Hands-on: Get started with the Cryptonite Guide

ཉེན་སྲུང་ཡོད་པའི་གསང་ཡིག་ཉར་འཚག་བྱེད་སྟངས།

KeePassX བེད་སྤྱད་དེ་ཁྱེད་ཀྱི་དགོས་ངེས་ཀྱི་གསང་ཡིག་ཁག་བརྡ་ཚིག་བརྒྱབ་ཡོད་པའི་ཡིག་སྣོང་ཞིག་ནང་གསོག་འཇོག་བྱེད་དགོས། དེ་ཏང་ཁྱེད་རང་གིས་གསང་ཡིག་གཙོ་བོ་ཞིག་དྲན་གསོ་བྱས་ཏེ་གཞན་རྣམས་བཀོལ་སྤྱོད་བྱེད་ཐུབ་པ་ཞིག་བཟོ་དགོས། (KeePassX) བེད་སྤྱོད་བཏང་བ་ཡིན་ན་ཁྱེད་ཀྱི་ཨེ་མལ་ཁ་བྱང་ཚང་མར་གསང་ཡིག་བཙན་པོ་དེ་འདྲ་བཀོལ་སྤྱོད་བྱེད་ཡག་རག་པ་མ་ཟད་དེས་དྲན་གསོ་བྱེད་ཀྱི་ཡོད་ལ་གསང་ཡིག་གསར་པ་དེ་འདྲ་གསང་ཡིག་མཁོ་སྟོན་བྱེད་ས་ནས་ཐོན་སྐྱེད་ཀྱང་བྱེད་ཀྱི་ཡོད། ཁྱེད་ཀྱི་གློག་ཀླད་དང་ལག་ཐོག་ཁ་པར་བར་ (KeePassX) ཡི་གསང་ཡིག་ཅིག་ཁོ་ན་བེད་སྤྱོད་གཏོང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་ཁྱེད་ལ་ལག་ཐོག་ཁ་པར་ནང་གསང་ཡིག་ཅིག་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱེད་དགོས་པའི་སློབ་སྟོན་ཞུ་བཞིན་ཡོད། དེ་ཡང་ཁྱེད་ཀྱི་གསང་ཡིག་སྟབས་བདེ་པོ་ཞིག་བཟོས་ཏེ་གློག་ཀླད་ནང་བཀོལ་སྤྱོད་བྱེད་པ་ལས་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་བེད་སྤྱོད་གཏོང་བཞིན་པའི་གསང་ཡིག་དེ་ཚོ་ཚང་མ་བཤུས་ཏེ་གློག་ཀླད་ནང་བཀོལ་སྤྱོད་བྱས་པ་ཡིན་ན་སྟབས་བདེ་པོ་དེ་འདྲ་མེད། ཁྱེད་ཀྱི་གསང་ཡིག་ཚང་མ་གསང་ཡིག་གཙོ་བོ་དེས་ཉེན་སྲུང་བྱས་ཡོད་པར་བརྟེན་ (KeePassX) ནང་ཡོད་པའི་ཡིག་ཆ་དེ་ཚོ་ཉེན་སྲུང་བྱེད་ཡག་ལ་ཁྱེད་ཀྱིས་གསང་ཡིག་བཙན་ཤོས་དེ་བཀོལ་སྤྱོད་གཏོང་དགོས། དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ན་སློབ་ཚན་གསུམ་པའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་བརྗོད་དོན་[ཇི་ལྟར་བྱས་ཏེ་གསང་ཡིག་བཙན་པོ་བཟོ་བ་དང་ཉར་འཚག་བྱེད་དགོས་སམ་](/bo/ chapter-3)ཞེས་པ་དེར་གཟིགས་ན་མཁྱེན་ངེས་ཤིག་ཡིན། .

Hands-on: Get started with the KeePassDroid Guide

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནས་ཨེ་མལ་གཏོང་སྟངས།

ང་ཚོས་དུམ་མཚམས་འདིའི་ནང་ཇི་ལྟར་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནས་ཨེ་མལ་གཏོང་སྟངས་སྐོར་ལ་མདོར་བསྡུས་ཤིག་འགྲེལ་བརྗོད་ཞུ་གི་ཡིན། ང་ཚོས་ཁྱེད་ལ་དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ན་སློབ་ཚན་བདུན་པའི་གཉིས་པ་སྟེ་དོགས་གནས་ཡོད་པའི་ཨེ་མལ་ཁག་ལ་ལྟ་སྲུང་བྱེད་སྟངསདང་ཡང་ན་སློབ་ཚན་བདུན་པའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་བརྗོད་དོན་ཇི་ལྟར་བྱས་ཏེ་ཁྱེད་ཀྱི་ཨེ་མལ་འབྲེལ་ལམ་ཁག་རང་སྲུང་བཀོལ་སྤྱོད་གཏོང་དགོས་སམ ཞེས་པའི་ནང་དོན་ཁག་ལ་ཕྱིར་བལྟས་བྱས་ཏེ་ཀློག་པ་ཡིན་ན་མཁྱེན་ངེས་ཡིན།

གལ་སྲིད་དངོས་གནས་ཁྱེད་རང་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བེད་སྤྱད་དེ་ཨེ་མལ་གཏོང་དགོས་ན་དེར་བསམ་བློ་ལེགས་པོ་གཏོང་དགོས་པ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་དང་དེའི་ནང་ཡོད་པའི་གནད་དོན་ཁག་ལ་ཉེན་སྲུང་དོ་དམ་བྱེད་རྒྱུ་ནི་གློག་ཀླད་ཉེན་སྲུང་དོ་དམ་བཀོལ་སྤྱོད་བྱེད་ཡག་ལ་དཀའ་ལས་ཁག་པ་ཡོད།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནི་རྐུན་མས་བརྐུ་སླ་པོ་ཡོད་པ་གང་ཞིག་དོ་དམ་བཙན་སྲུང་བྱེད་ཡག་ཀྱང་དེ་དེ་བཞིན་ནོ། གལ་སྲིད་ཁྱེད་རང་ཡིན་གཅིག་མིན་གཅིག་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བེད་སྤྱད་དེ་ཨེ་མལ་གཏོང་དགོས་ན་ཉེན་ཁ་ཉུང་དུ་གཏོང་བྱེད་ཀྱི་གནད་དོན་ཁ་ཤས་ཤིག་ཡོད་པས་གཤམ་དུ་གཟིགས་རོགས།

 • ཁྱེད་ཀྱིས་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གཞི་རྩར་བཟུང་སྟེ་ཨེ་མལ་གཏོང་ཡག་དེར་རེ་བཅོལ་བྱེད་རྒྱུ་མེད། ཨེ་མལ་དྲ་བ་ཁག་ནས་ཨེ་མལ་མེད་པ་བཟོས་བ་དང་ཕབ་ལེན་བྱས་པ་ཁག་ཁྱེད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་གསོག་འཇོག་བྱེད་རྒྱུ་མེད། ཁྱེད་ཀྱི་ཨེ་མལ་བཀོལ་སྤྱོད་གཏོང་ཡག་གི་མ་ལག་དེའི་ནང་ཕབ་བཤུ་བྱས་པའི་ཨེ་མལ་དེ་ཚོ་བེད་སྤྱོད་གཏོང་ཡག་ཡོད་པ་སྒྲིག་ཤོམ་བྱེད་དགོས།

 • འབྲེལ་གཏུགས་བྱེད་སའི་མི་ཁ་ཤས་ཀྱི་ཨེ་མལ་ཁྱེད་ཀྱིས་བརྡ་ཚིག་བརྒྱབ་ཡོད་ན་དེ་ཚོ་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ནང་འཇུག་བྱེད་དགོས། གང་ཡིན་ཞེ་ན་གལ་སྲིད་ཁྱེད་ཀྱི་ལག་ཐོག་ཁ་པར་དེ་མི་སྡུག་ཅག་གིས་ལག་པར་སླེབས་བ་ཡིན་ནའང་ཨེ་མལ་དེ་ཚོ་བལྟ་ཀློག་བྱེད་ཐུབ་ཀྱི་མ་རེད།

ཁྱེད་ཀྱི་སྒེར་གྱིས་བརྡ་ཚིག་བརྒྱབ་ཡོད་པའི་གསང་བའི་ཡི་གེ་དེ་ལག་ཐོག་ཁ་པར་ནང་གསོག་འཇོག་བྱས་ན་ཉེན་ཁ་ཡོད་པས་དེ་རྩ་་བ་ནས་དེའི་ནང་ཉར་འཇོག་བྱེད་རྒྱུ་མེད། ཡིན་ནའང་། བརྡ་ཚིག་བརྒྱབ་ཡོད་པའི་ཨེ་མལ་གཏོང་བ་དང་གསོག་འཇོག་རིགས་མང་པོ་བྱས་པ་ཡིན་ན་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ལ་ཚད་ལས་བརྒལ་བའི་ཉེན་ཁ་དེ་འདྲ་མང་པོ་ཕྲད་སྲིད་པ་ཞིག་ཡིན། དེ་འདྲ་སོང་ཙང་ཁྱེད་ཀྱི་ལག་ཐོག་ཁ་པར་ནང་APGབེད་སྤྱོད་བཏང་སྟེ་བརྡ་ཚིག་ཟུང་སྦྲེལ་གྱི་བཀོལ་སྤྱོད་མ་ལག་ཞིག་ནང་འཇུག་བྱེད་ཐུབ་པ་ཡིན་ན་བརྡ་ཚིག་བརྒྱབ་ཡོད་པའི་གློག་ཀླད་ཀྱི་གསང་ཡིག་དེ་ལག་ཐོག་ཁ་པར་ནང་ཕབ་བཤུ་བྱེད་དགོས་དོན་མེད། དེ་དེ་བཞིན་ཁྱེད་ཀྱིས་འབྲེལ་གཏུགས་བྱེད་སའི་མི་དེ་ཚོར་ཡང་ལག་ཐོག་ཁ་པར་གྱི་བརྡ་ཚིག་བཀོལ་སྤྱོད་བྱེད་སྟངས་དེ་ནང་འཇུག་བྱེད་དགོས་པའི་སྐུལ་མ་བྱེད་དགོས།

Hands-on: Get started with the K9 and APG Guide

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བརྒྱུད་བརྙན་པར་རྒྱག་སྟངས།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བརྒྱུད་པར་དང་བརྙན་པར་དེ་བཞིན་སྒྲ་སྐུལ་བརྙན་པར་བརྒྱབ་པ་སོགས་མི་ལ་བསམ་ཚུལ་སྤེལ་ཡག་གི་ཡིག་ཆའམ་གནས་ཚུལ་གལ་ཆེན་ཞིག་ཆགས་ཡོད། ཡིན་ནའང་།ཁྱེད་ཀྱིས་པར་དང་སྒྲ་འཇུག་དེ་བཞིན་བརྙན་པར་བརྒྱབ་ཡོད་པའི་གནས་ཚུལ་དེ་ཚོ་གཟབ་གཟབ་སྒེར་སྲུང་བཀོལ་སྤྱོད་བྱེད་ཡག་ནི་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད། དཔེར་ན། གལ་སྲིད་ཁྱེད་རང་གིས་པར་དང་བརྙན་པར་དེ་བཞིན་སྒྲ་སྐུལ་བརྙན་པར་བརྒྱབ་ཡོད་པའི་གལ་ཆེའི་གནས་ཚུལ་དེ་ཚོ་མི་ངན་གྱིས་ལག་པར་སླེབས་པ་ཡིན་ན་ཁྱེད་རང་ཟམ་མིན་པར་དེའི་ནང་ཡོད་པའི་མི་ལ་ཉེན་ཁ་ཕྲད་སྲིད་པ་ཞིག་ཡིན། དེ་ཚོ་ཇི་ལྟར་སྔོན་འགོག་བྱེད་དགོས་སམ་ཞེ་ན། གཤམ་དུ་ཡོད་པའི་བསམ་འཆར་ཁག་ལ་གཟིགས་ན་མཁྱེན་ངེས་ཤིག་ཡིན།

 • བསྡུ་འཇུག་བྱས་ཡོད་པའི་བརྙན་པར་དེ་ཚོ་ཉེན་སྲུང་ཆེད་དྲ་ཐོག་ཏུ་བསྡུ་འགོད་བྱེད་ས་ཞིག་བཟོས་ཏེ་དེ་མ་ཐག་དེ་ཚོ་ལག་ཐོག་ཁ་པར་ནང་ནས་མེད་པ་བཟོ་དགོས།

 • བརྙན་པར་དེའི་ནང་ཡོད་པའི་མི་ཚོའི་གདོང་པ་སྣག་གསུབ་གཏོང་བའམ་ཡང་ན་སྒྲ་སྐུལ་ནང་སྒྲ་འཇུག་བྱས་ཡོད་པའི་སྐད་ཆ་དེ་ཚོ་མེད་པ་བཟོས་རྗེས་མིས་གནས་ཚུལ་དེ་ཚོ་ཁྱེད་ཀྱི་ལག་ཐོག་ཁ་པར་ནང་གསོག་འཇོག་བྱེད་དགོས།

 • ག་པར་དང་ག་དུས་སྒྲ་འཇུག་བྱས་ཡོད་པའི་གལ་འགངས་ཆེ་བའི་གནས་ཚུལ་ཁག་ཉེན་སྲུང་ངམ་ཡང་ན་རྩ་མེད་བཟོ་དགོས།

Guardian Projectཞེས་པ་འདིས་ObscuraCamཟེར་བའི་FOSSབཀོལ་སྤྱོད་མ་ལག་ཅིག་སྒྲ་འཇུག་བྱས་ཡོད་པའི་པར་གྱི་ངོ་གདོང་ཁག་སྣག་གསུབ་གཏོང་ཆེད་བཟོ་བཀོད་བྱས་ཡོད། ཁྱེད་ཀྱིས་སྣག་གསུབ་གཏོང་ཡག་གི་ངོ་གདོང་དེ་ག་རེ་ཡིན་མིན་འདེམས་སྒྲུག་བྱས་ཏེ་བཀོལ་སྤྱོད་བྱེད་དགོས། (Obscuracam) བཀོལ་སྤྱོད་མ་ལག་འདིས་པར་ངོ་མ་དེ་མེད་པ་བཟོ་བ་ཙམ་མ་ཟད་ཁྱེད་ཀྱིས་སྒྲ་འཇུག་བྱས་ཡོད་པའི་བརྙན་པར་དེ་ཚོ་དྲ་བ་ནང་སྟབས་བདེ་པོའི་ཐོག་ནས་ནང་འཇུག་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད།

Hands-on: Get started with the Obscuracam Guide

འགྲོ་བ་མིའི་ལྷན་ཚོགས་ཀྱིས་བདེན་དབང་ཚིག་ཐོ་འབྲི་དུས་གོང་དུ་ (Guardian project) དང་ Witnessནང་འགྲེལ་བརྗོད་ཞུས་ཡོད་པའི་གནད་དོན་ཁག་གསུམ་པོ་དེ་ཚོ་དྲན་གསོ་བྱས་པའི་ཐོག་གནས་ཚུལ་ཁག་བྲིས་ཏེ་འགྲེམ་སྤེལ་བྱེད་ཀྱི་ཡོད།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བརྒྱུད་དྲ་བ་བཀོལ་སྤྱོད་བྱེད་སྟངས།

སློབ་ཚན་བདུན་པའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་བརྗོད་དོན་ཁྱེད་ཀྱིས་ཇི་ལྟར་བྱས་ཏེ་དྲ་བ་རང་སྲུང་བཀོལ་སྤྱོད་བྱེད་དགོས་སམཞེས་པ་དང་སློབ་ཚན་བརྒྱད་པའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་བརྗོད་དོན་ཇི་ལྟར་དྲ་བ་དོ་དམ་དང་མིང་མེད་བཀོལ་སྤྱོད་བྱེད་དགོས་སམ་ཞེས་པ་དེར་གཟིགས་ན་དྲ་ཐོག་བརྒྱུད་པར་དང་བརྙན་པར་དེ་བཞིན་ཡིག་ཆ་ཁག་བཀོལ་སྤྱོད་བྱེད་སྟངས་ཤེས་ཐུབ་པ་མ་ཟད་དེ་ཚོ་སུས་ག་དུས་དང་ག་པར་བཀོལ་སྤྱོད་གཏོང་གི་ཡོད་པ་དེ་འཚོལ་ཞིབ་བྱེད་ཐུབ་ཀྱི་ཡོད། ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བརྒྱུད་དྲ་ཐོག་བཀོལ་སྤྱོད་བྱེད་ཡག་དེ་ཉེན་ཁ་ཞིག་ལ་བརྩི་ཆོག་གི་ཡོད། གང་ཡིན་ཞེ་ན། དེ་བེད་སྤྱོད་ཡག་པོ་གཏོང་མ་ཐུབ་པ་ཡིན་ན་མི་གཞན་གྱིས་དོ་དམ་བཀོལ་སྤྱོད་བྱས་ཏེ་ཉེན་ཁ་བཟོ་སྲིད་པ་ཞིག་ཡིན།

སྐུད་མེད་དྲ་བའམ་ཡང་ན་ལག་ཐོག་ཁ་པར་གྱི་་བྱེད་སྒོ་བཀོལ་སྤྱོད་བྱེད་སྟངས།

དྲ་ཐོག་རྩེད་ཁང་ནང་ཡོད་པའི་སྐུད་མེད་དྲ་བའམ་ཡང་ན་ལག་ཐོག་ཁ་པར་མཁོ་སྤྲོད་བྱེད་མཁན་གྱིས་ལག་ཐོག་ཁ་པར་ནང་ནང་འཇུག་བྱས་ཡོད་པའི་བརྒྱུད་ལམ་མམ་བྱ་ཐབས་ཏེ་ (GPRS, EDGE, UMTS) སོགས་ཁྱེད་ཀྱིས་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་མིན་ནི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གྱིས་སྟངས་འཛིན་དོ་དམ་བྱེད་ཀྱི་ཡོད།

སྐུད་མེད་དྲ་བ་བརྒྱུད་ལག་ཐོག་ཁ་པར་བཀོལ་སྤྱོད་བྱས་པ་ཡིན་ན་ནམ་རྒྱུན་ལག་ཐོག་ཁ་པར་ནང་གི་དྲ་བ་བཀོལ་སྤྱོད་བྱས་པ་ལས་ཉེན་ཁ་ཆུང་བ་ཡོད། ཡིན་ནའང་། མཚམས་རེ་ལག་ཐོག་ཁ་པར་ནང་ནང་འཇུག་བྱས་ཡོད་པའི་དྲ་བ་མ་གཏོགས་བཀོལ་སྤྱོད་བྱེད་ཡག་རག་གི་མ་རེད། སྟབས་སྡུག་པ་ཞིག་ལ་ལག་ཐོག་ཁ་པར་ནང་ཡོད་པའི་དྲ་བ་བཀོལ་སྤྱོད་མ་ལག་ཏེ་ (EDGE, UMTS) འདི་གཉིས་ཀ་ཚད་ལྡན་ཞིག་མིན། ཉེན་སྲུང་དོ་དམ་བྱེད་མཁན་དང་དེ་བཟོ་བསྐྲུན་བྱེད་མཁན་ཚོས་བྱ་ཐབས་འདི་ཚོའི་ཐོག་ལ་བརྟག་ཞིབ་བྱེད་ཐུབ་ཀྱི་མེད་ལ་དེ་ཚོ་གང་འདྲ་སེ་ལག་ཐོག་ཁ་པར་ནང་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཀྱང་དེ་བས་བྱེད་ཐུབ་ཀྱི་མེད།

རྒྱལ་ཁབ་ཁ་ཤས་ནང་ལག་ཐོག་ཁ་པར་མཁོ་སྤྲོད་བྱེད་མཁན་ཚོར་གློག་ཀླད་ནང་དྲ་བ་བཀོལ་སྤྱོད་བྱེད་ཡག་ལས་ཁྲིམས་ཐོག་གིས་སྟངས་འཛིན་དང་ལྟ་སྲུང་མང་བ་བྱེད་ཀྱི་ཡོད།

ཁྱེད་ཀྱིས་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བརྒྱུད་བརྡ་འཕྲིན་གང་འདྲ་ཞིག་བཀོལ་སྤྱོད་བྱེད་མིན་ལ་མ་ལྟོས་པར་དེ་ཚོ་བརྡ་ཚིག་འཕོ་འགྱུར་དང་མིང་མེད་ཀྱི་བྱ་ཐབས་སྤྱད་དེ་ཉེན་སྲུང་བྱེད་རྒྱུ་ནི་ཧ་ཅང་གིས་གལ་འགངས་ཆེན་པོ་ཆགས་ཡོད།

མིང་ཚབ་བཀོལ་སྤྱོད་བྱེད་སྟངས།

(Tor) གྱི་མིང་ཚབ་ངོ་སྲུང་དྲ་བ་བརྒྱུད་ (Android app) Orbotཟེར་བ་ཞིག་བཀོལ་སྤྱོད་དྲ་ཐོག་གི་གནས་ཚུལ་མིས་མ་ཤེས་པ་བཟོ་དགོས།

Hands-on: Get started with the Orbot Guide

དྲ་བ་འཚོལ་སྙེགས་བྱེད་ས་ (Orweb) ཞེས་པ་ཞིག་ཡོད་པས་འདིས་ངོ་ཚབ་བེད་སྤྱད་དེ་དྲ་ཐོག་གི་རང་སྲུང་ཁྱད་ཆོས་གོང་འཕེལ་གཏོང་གི་ཡོད་པ་མ་ཟད་དྲ་ཐོག་ག་རེ་འཚོལ་ཞིབ་བྱེད་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་ཕྱོགས་སྟོན་རྩ་ནས་བྱེད་ཀྱི་མེད། (Orbot) དང་ (Orweb) གཉིས་ཀྱི་དྲ་བ་འཚག་སེལ་དང་མེ་གྱང་ལ་མགོ་སྐོར་ཏེ་མིང་མེད་དྲ་བ་དེ་འདྲ་བཀོལ་སྤྱོད་བྱེད་དུ་བཅུག་གི་ཡོད།

Hands-on: Get started with the Orweb Guide

ངོ་སྲུང་ངོ་ཚབ་ཁག

ལག་ཐོག་ཁ་པར་ནང་བཀོལ་སྤྱོད་བྱེད་ཆོག་པའི་མེ་གྱང་FirefoxFirefox mobile སྟེ་ངོ་སྲུང་ངོ་ཚབ་ཀྱི་དྲ་རྒྱ་དེས་ཁྱེད་ཀྱིས་བལྟ་འདོད་པའི་དྲ་བ་དེ་བཀོལ་བྱེད་ཐུབ་ཀྱི་ཡོད། དྲ་རྒྱར་དོ་དམ་ཡོད་དུས་འདིས་ཕན་ཐོགས་བྱེད་ཀྱི་ཡོད། ཡིན་ནའང་། ངོ་སྲུང་ངོ་ཚབ་ཀྱི་དྲ་རྒྱ་དེར་བརྡ་ཚིག་མ་བརྒྱབ་ན་ཁྱེད་ཀྱི་རེ་སྐུལ་བྱས་པའི་དྲ་བ་དེ་དེས་མངོན་སྲིད་པ་ཞིག་ཡིན། ང་ཚོས་ནས་Guardian ProjectProxy Mobileཞེས་པ་འདི་ཁྱེད་ལ་ངོ་སྤྲོད་ཀྱིས་མེ་གྱང་མཉམ་བཀོལ་སྤྱོད་གཏོང་དགོས་པའི་སྐུལ་མ་གཏོང་གི་ཡོད། འདི་ནི་ལག་ཐོག་ཁ་པར་ནང་ཡོད་པའི་མེ་གྱང་བརྒྱུད་ (Orbot) ལ་འབྲེལ་ལམ་གྱིས་Torདྲ་བ་བཀོལ་སྤྱོད་གཏོང་ཡག་གི་ཐབས་ལམ་གཅིག་པུ་དེ་ཡིན།

ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད་པའི་ལག་ཐོག་ཁ་པར་ཉེན་སྲུང་བྱེད་སྟངས།

ཁྱེད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ཡོད་པའི་མཐུན་རྐྱེན་དེ་ཚོ་ཚང་མ་བཀོལ་སྤྱོད་གཏོང་དགོས།

ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་མང་ཆེ་བའི་ནང་ནང་འཇུག་བྱས་ཡོད་པའི་བཀོལ་སྤྱོད་མ་ལག་ཙམ་མིན་པར་བྱེད་སྒོ་སྣ་མང་ཞིག་ནང་འཇུག་གིས་བཀོལ་སྤྱོད་བྱེད་ཡག་ཡོད། ཡིན་ནའང་། བྱེད་སྒོ་ཁ་ཤས་ཤིག་དེའི་ནང་དམ་བསྒྲགས་བྱས་ཡོད་དུས་བཀོལ་སྤྱོད་བྱེད་མཁན་དེས་དོ་དམ་དང་འཕོ་འགྱུར་གཏོང་ཐུབ་ཀྱི་མེད་ལ་དེ་དགོས་ངེས་ཤིག་ཀྱང་དེ་བས་མིན། ཡིན་ནའང་། དེའི་ནང་ཡོད་པའི་བྱེད་སྒོ་མང་དག་ཞིག་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ནང་ཕན་ཐོགས་དང་ཉེན་སྲུང་བྱེད་དགོས་པ་དེ་འདྲ་ཡོད་ལ་ཉེན་ཁ་མ་ཕྲད་པའི་ཆེད་རྩ་མེད་བཟོ་དགོས་པ་དེ་འདྲ་ཡང་ཡོད།

ཡང་རྒྱུ་མཚན་གཞན་པ་ཞིག་ནི་ལག་ཐོག་ཁ་པར་བཀོལ་སྤྱོད་གཏོང་མཁན་ཚོས་མཉེན་ཆས་འདྲ་མིན་མྱོང་གོམས་བཀོལ་སྤྱོད་གཏོང་བ་དང་སྦྲགས་དེ་ཚོ་ནང་འཇུག་གིས་དེ་ཐོག་ཏུ་ཡོད་པའི་བྱེད་སྒོ་ཁག་སྣ་མང་ཕུན་སུམ་ཚོགས་པོ་བཟོ་བའམ་ཡང་ན་ཇེ་ཉུང་དུ་གཏོང་བའམ་མེད་པ་བཟོ་གི་ཡོད།

(Android) ལྡན་པའི་ལག་ཐོག་ཁ་པར་མཁོ་སྤྲོད་བྱེད་མཁན་ནམ་ཡང་ན་བཀོལ་སྤྱོད་གཏོང་མཁན་ཚོ་བྱ་ཐབས་དེ་ལས་ཐར་ཡག་གི་ཐབས་ལམ་ཞིག་ཡོད་པས་དེའི་མིང་ལ་བརྟན་གནས་ (rooting) ཟེར་གྱི་ཡོད། ཡང་ཀུ་ཤུ་རྟགས་ཅན་གྱི་ལག་ཐོག་ཁ་པར་དང་སྒྲ་འཇུག་བརྙན་པར་བེད་སྤྱོད་གཏོང་མཁན་ཚོས་བཙོན་གྲོལ་ (jailbreaking) ཞེས་པ་འདི་བཀོལ་སྤྱོད་བྱེད་དགོས། ཐབས་ལམ་འདི་གཉིས་ཁྱེད་ཀྱིས་ཚགས་ཚུད་བཀོལ་སྤྱོད་གཏོང་ཐུབ་ན་བྱེད་སྒོ་སྣ་མང་ལག་ཐོག་ཁ་པར་ནང་ནང་འཇུག་བྱེད་ཐུབ་པ་མ་ཟད་བཟོ་བཀོད་ཀྱང་བྱེད་ཐུབ་ཀྱི་ཡོད། གལ་སྲིད་བྱ་ཐབས་དེ་གཉིས་བཀོལ་སྤྱོད་གཏོང་མ་ཐུབ་ན་ཁྱེད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གྱི་རིག་ལྡན་བྱང་བུ་དོ་དམ་བྱས་ཏེ་བཀོལ་སྤྱོད་བྱེད་ཡག་རག་གི་མེད་པས་ཁྱེད་ཀྱིས་དེ་དོན་ངེས་པར་ཤེས་ཐུབ་པ་བྱེད་དགོས།

ཉེན་བརྡ། བརྟན་གནས་དང་བཙོན་གྲོལ་ཞེས་པའི་བྱ་ཐབས་འདི་གཉིས་ནི་ཕན་ཚུན་བརྗེ་པོ་བརྒྱབ་ནས་བཀོལ་སྤྱོད་བྱེད་ཡག་མེད་དུས་དེར་མཉེན་ཆས་ནང་འཇུག་དང་བཟོ་བཀོད་བྱེད་དགོས་པས་གཤམ་དུ་གཟིགས་རོགས།

 • ཁྱེད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་རྩ་བ་ནས་བེད་སྤྱོད་གཏོང་ཡག་མེད་པ་དེ་འདྲ་བཟོ་སྲིད་པ་ཞིག་ཡིན།
 • ལག་ཐོག་ཁ་པར་བཟོ་སྐྲུན་བྱེད་ཡག་གི་ངོས་སྦྱོར་ཡི་གེ་དེ་བཟོ་སྐྲུན་བྱེད་མཁན་དེས་རྩི་མེད་གཏོང་སྲིད་པ་ཞིག་ཡིན།
 • རྒྱལ་ཁབ་ཁ་ཤས་ནང་བྱ་ཐབས་འདི་ཁྲིམས་མཐུན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།

གལ་སྲིད་ཁྱེད་ཀྱིས་གཟབ་གཟབ་ངང་བཀོལ་སྤྱོད་བྱས་པ་ཡིན་ན་རྩ་གནས་ཡོ་ཆས་འདིས་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་ལ་དོ་དམ་སྟངས་འཛིན་བྱེད་པ་དང་སྦྲགས་ཉེན་སྲུང་ཡང་མང་བ་བྱེད་ཐུབ་ཀྱི་ཡོད།

དོ་དམ་བཀོད་སྒྲིག་གི་བྱ་ཐབས་གཞན་པ།

དོ་དམ་བཀོད་སྒྲིག་གི་བྱ་ཐབས་ཞེས་པ་འདི་ནི་ཡོ་ཆས་གཅིག་ཁོ་ན་དང་འབྲེལ་བ་ཡོད་པའི་བྱ་རིམ་ཞིག་ལ་ཟེར། འདི་ཚོ་ཁྱེད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གྱི་མཁྲེགས་ཆས་ཏེ་སྒྲ་བཀོལ་བྱེད་པོ། (speaker), སྒྲ་སྐྱེད་ཁ་པར། (microphone) པར་ཆས། (cameras) རེག་ཐུག་ཡོལ་བ། (touchscreen) དྲན་བྱང་། (memory) ལྡེ་མིག (keys) དེ་བཞིན་སྒྲ་སྡུད་གནམ་སྐུད། (antennas) སོགས་ཀྱིས་མཉམ་བསྡུས་མ་ལག་བཀོལ་སྤྱོད་ཁག་བྱེད་ཡག་ལ་མེད་དུ་མི་རུང་བ་ཞིག་ཆགས་ཡོད།

གལ་སྲིད་ཁྱེད་ལ་ (Android) ལྡན་ཡོད་པའི་ལག་ཐོག་ཁ་པར་ཡོད་པ་ཡིན་ན་ཁྱེད་ཀྱིས་དོ་དམ་བཀོད་སྒྲིག་གི་སྒྲིག་ཤོམ་བྱེད་ཡག་གི་མཉེན་ཆས་དེ་ཁ་པར་ནང་ནང་འཇུག་གིས་དེར་དོ་དམ་སྟངས་འཛིན་བྱེད་ཡག་གི་ནུས་སྟོབས་ཡར་རྒྱས་གོང་འཕེལ་གཏོང་ཐབས་བྱེད་ཀྱི་རེད། དེ་ལྟ་བུའི་དོ་དམ་བཀོད་སྒྲིག་བྱེད་ཡག་གི་མཉེན་ཆས་དེ་ལག་ཐོག་ཁ་པར་ནང་ནང་འཇུག་བྱེད་དགོས་ན་ཁྱེད་ཀྱི་ལག་ཐོག་ཁ་པར་དེ་རྨང་གཞིར་འཛིན་ཏེ་བཀོལ་སྤྱོད་གཏོང་དགོས།

(Android) ལག་ཐོག་ཁ་པར་ནང་བཀོལ་སྤྱོད་བྱེད་ཡག་གི་དོ་དམ་བཀོད་སྒྲིག་བྱེད་ཡག་གི་བྱ་ཐབས་གཞན་དག་དེར་Cyanogenmodཞེས་འབོད་ཀྱི་ཡོད། འདིས་ལག་ཐོག་ཁ་པར་བཟོ་སྐྲུན་བྱེད་མཁན་ཚོས་ནང་འཇུག་བྱས་པའི་མཉེན་ཆས་སམ་བྱེད་སྒོ་ཁག་ཁྱེད་ཀྱིས་ཕྱིར་ལེན་བྱེད་ཐུབ་པ་བཟོ་མཁན་གྱི་གཉིས་ཕན་བྱ་ཐབས་ཤིག་ཡིན་པ་མ་ཟད་དེར་ཞབས་ཞུ་སྐྲུན་མཁན་ཚོས་བཏང་བའི་ཡིག་ཆ་ཁག་ལ་ཚོད་འཛིན་དོ་དམ་བྱས་ཏེ་ཇེ་ཉུང་དུ་གཏོང་ཐབས་བྱེད་མཁན་ཞིག་ཀྱང་ཡིན།

དེ་དང་ཕྱོགས་མཚུངས་ (Cyanogenmod) ཞེས་པ་འདི་ནི་སྒྲིག་འགལ་སྒྲིག་ཤོམ་བརྒྱུད་ (OpenVPN) བྱེད་སྒོ་བེད་སྤྱད་དེ་ནང་འཇུག་བཀོལ་སྤྱོད་གཏོང་གི་ཡོད། (VPN) དོན་དམ་སྒེར་བདག་དྲ་ལམ་ཞེས་པ་འདིས་ཁྱེད་ཀྱི་དྲ་བ་ཁག་ངོ་སྲུང་ངོ་ཚབ་དྲ་བ་བརྒྱུད་བཀོལ་སྤྱོད་གཏོང་ཐུབ་ཀྱི་ཡོད་པས་གཤམ་ལ་གཟིགས་རོགས།

(Cyanogenmod) ཀྱིས་ཁྱེད་རང་གི་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་བརྒྱུད་དྲ་བ་ནང་བཀོལ་སྤྱོད་བྱས་པ་ཁག་གི་འབྲེལ་ལམ་སྦས་སྐུང་བྱེད་ཐུབ་ཀྱི་ཡོད།

(Cyanogenmod) ནང་བཀོལ་སྤྱོད་འདྲ་མིན་སྣ་ཚོགས་བྱེད་ཡག་དེ་འདྲ་མང་པོ་ཡོད། ཡིན་ནའང་། འདི་ (Android) ཡོད་པའི་ལག་ཐོག་ཁ་པར་ཚང་མའི་ནང་བཀོལ་སྤྱོད་བྱེད་ཡག་མེད། དེ་བཀོལ་སྤྱོད་མ་བྱས་གོང་ཡོ་ཆས་དེ་ཚོའི་ནང་རམ་འདེགས་བྱེད་ཀྱི་ཡོད་མེད་དེ་ཤེས་རྟོགས་ཐུབ་པ་བྱེད་དགོས།

སྒྲ་ཤུགས་ཚང་མར་བརྡ་ཚིག་བཀོལ་སྤྱོད་བྱེད་སྟངས།

གལ་སྲིད་ཁྱེད་ཀྱི་ལག་ཐོག་ཁ་པར་བརྟན་པོར་གནས་དགོས་ན་གསོག་འཇོག་བྱས་ཡོད་པའི་ཡིག་ཆ་ཁག་ལ་བརྡ་ཚིག་བརྒྱབ་ཏེ་གསོག་འཇོག་བྱེད་པའམ་ཡང་ན་དེར་སྒྲ་ཤུགས་ཤིག་བཟོས་ནས་ཉེན་སྲུང་བྱེད་དགོས།

Luks Managerཞེས་པ་འདིས་སྒྲ་ཤུགས་ལ་སྟབས་བདེ་པོའི་ཐོག་ནས་བརྡ་ཚིག་བརྒྱབ་ཐུབ་པ་མ་ཟད་བཀོལ་སྤྱོད་བདེ་པོ་ཡོད། ང་ཚོས་ཁྱེད་ཀྱི་ Android ལག་ཐོག་ཁ་པར་ནང་གལ་ཆེའི་ཡིག་ཆ་ཁག་གསོག་འཇོག་མ་བྱས་གོང་བྱ་ཐབས་འདི་ནང་འཇུག་བྱས་ཏེ་བཀོལ་སྤྱོད་བྱེད་པ་དང་སྦྲགས་ (Luks) དོ་དམ་བྱས་པའི་སྒྲ་ཤུགས་ནང་བརྡ་ཚིག་བརྒྱབ་ཏེ་ཡིག་ཆ་ཁག་གསོག་འཇོག་བྱེད་དགོས།

ཤབ་ཤུབ་བཀོལ་སྤྱོད་མ་ལག་WhisperCoreགི་བྱེད་སྒོས་ལག་ཐོག་ཁ་པར་ནང་ཡོད་པའི་ཡིག་ཆ་ཁག་ལ་བརྡ་ཚིག་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་པས་གཤམ་གྱི་འབྲེལ་ཐག་ལ་གཟིགས་ན་མཁྱེན་ངེས་ཡིན།

དོན་དམ་སྒེར་སྤྱོད་དྲ་བ།

དོན་དམ་སྒེར་སྤྱོད་དྲ་བས་ཁྱེད་རང་གི་ལག་ཐོག་ཁ་པར་དང་དེའི་དྲ་བ་བར་བརྡ་ཚིག་བརྒྱབ་ཡོད་པའི་ཐབས་ལམ་ཞིག་གསར་བསྐྲུན་བྱེད་ཀྱི་ཡོད། དེའི་མིང་ལ་ tunnel ཞེས་ཟེར་གྱི་ཡོད། གང་ཡིན་ཞེ་ན། https གྱི་བརྡ་ཚིག་བརྒྱབ་ཡོད་པའི་དྲ་བ་ལྟར་མིན་པར་འདིས་དེ་ཐོག་ཏུ་ཡོད་པའི་ཞབས་ཞུ་དང་ཡིག་ཆའི་ནང་དོན་དེ་བཞིན་གྲོས་མཐུན་ཁག་སྦེད་སྐུང་བྱེད་ཐུབ་ཀྱི་ཡོད། དེ་ཁྱེད་ཀྱིས་མཚམས་འཇོག་མ་བྱས་བར་དོན་དམ་སྒེར་སྤྱོད་དྲ་བ་འདིའི་སྒྲིག་ཤོམ་ཁག་རྩ་མེད་བཟོ་ཐུབ་ཀྱི་མེད།

ཁྱེད་ཀྱི་དྲ་བ་དེ་ངོ་སྲུང་ངོ་ཚབ་དྲ་བའམ་ཡང་ན་དོན་དམ་སྒེར་སྤྱོད་དྲ་བ་བརྒྱུད་འགྲོ་གི་ཡོད་དུས་བར་མི་ཞིག་གི་མ་གཏོགས་ཁྱེད་ཀྱི་ལས་དོན་ག་རེ་ག་རེ་བྱེད་ཀྱི་ཡོད་མེད་ཞིབ་བཤེར་བྱེད་ཐུབ་ཀྱི་མ་རེད། དེར་བརྟེན་ཁྱེད་ཀྱི་དོན་དམ་སྒེར་སྤྱོད་དྲ་བའམ་ཡང་ན་ངོ་སྲུང་ངོ་ཚབ་གཉིས་ནས་གཅིག་འདེམས་སྒྲུག་བྱས་ཏེ་བཀོལ་སྤྱོད་གཏོང་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད། དེ་དང་ཆབས་ཅིག་ཁྱེད་ཀྱིས་ངོ་སྲུང་ངོ་ཚབ་དྲ་བ་དང་དོན་དམ་སྒེར་སྤྱོད་དྲ་བ་སོགས་དྲ་བ་འདྲ་མིན་བཀོལ་སྤྱོད་བྱེད་ཡག་ལའང་དོ་སྣང་མི་དམན་ཙམ་སྤྲོད་དགོས།གང་ཡིན་ཞེ་ན། འགྲིག་འཇགས་འགྲེམ་སྤེལ་བྱུང་བའི་ཡིག་ཆ་དེ་ཚོར་དོ་ཕོག་འགྲོ་སྲིད་པ་ཞིག་ཡིན་པས་དེ་དོན་གོང་འཁོད་གནས་ཚུལ་ཁག་ལ་བརྟག་ཞིབ་ཡག་པོ་བྱས་ཏེ་བཀོལ་སྤྱོད་བྱེད་དགོས་པ་ནི་དུས་ཀྱི་དགོས་མཁོ་ཞིག་ཡིན། ང་ཚོས་ཁྱེད་ལ་ལོངས་ཤོག་དྲ་བ་བཀོལ་སྤྱོད་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད།

(Cyanogenmod) ཞེས་པའི་བྱེད་སྒོ་འདི་ (Android) ལག་ཐོག་ཁ་པར་ནང་ནང་འཇུག་བྱས་རྗེས་RiseUp VPNཞེས་པ་འདི་བཀོལ་སྤྱོད་བྱེད་དགོས་ལ་ཀུ་ཤུ་རྟགས་ཅན་གྱི་ལག་ཐོག་ཁ་པར་ནང་ནང་འཇུག་བྱས་ཏེ་བཀོལ་སྤྱོད་བྱེད་ཡག་ཀྱང་ཡོད་པས་གཤམ་གྱི་འབྲེལ་ཐག་ལ་གཟིགས་རོགས།