9. སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་སྐབས་དོ་དག་རང་ཉིད་དང་ཡིག་ཆ་ཁག་སྲུང་སྐྱོབ་ཇི་ལྟར་གནང་དགོས།

Table of Contents

...Loading Table of Contents...

    དྲ་རྒྱ་ཐོག་མར་གསར་གཏོད་བྱུང་བ་ནས་བཟུང་དྲ་ནང་གི་སྤྱི་ཚོགས་ཤིག་གྲུབ་ཡོད། དེ་ཡང་ཐོག་མར་གློག་འཕྲིན་དང་བྷུ་ལི་ཊིན་བྷོཌ་ (bulletin boards) དར་ཡོད། བརྒྱུད་ལམ་དེ་གཉིས་ཐོག་ནས་འཛམ་གླིང་ས་ཕྱོགས་འདྲ་མིན་ནང་ཡོད་པའི་མི་ཕན་ཚུན་དབར་འབྲེལ་བ་མུ་མཐུད་གནས་རྒྱུའི་གོ་སྐབས་ཤིག་བསྐྲུན་པ་ཙམ་མ་ཟད། ཡིག་འབྲེལ་དང་གནད་དོན་བྱེ་བྲག་པ་གཅིག་གི་ཐོག་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་གོ་སྐབས་ཀྱང་བསྐྲུན་ཡོད། དེང་སྐབས་སྤྱི་ཚོགས་དྲ་རྒྱའི་ཐོག་འབྲེལ་བ་བྱ་རྒྱུའི་བརྒྱུད་ལམ་ཧ་ཅང་ཁྱབ་ཆེན་པོ་ཆགས་ཡོད་པར་བརྟེན། བརྡ་ལན་དང་འདྲ་པར། དེ་བཞིན་ཡིག་སྣོད་སོགས་དྲ་རྒྱ་བརྒྱུད་གཏོང་ལེན་བྱེད་ཐུབ་པ་མ་ཟད། རང་ཉིད་ས་གནས་གང་དུ་ཡོད་པ་དང་ལས་དོན་ཅི་ཞིག་བྱེད་བཞིན་ཡོད་པའི་གནས་ཚུལ་རྣམས་དྲ་རྒྱ་བརྒྱུད་དེ་མ་ཉིད་དུ་གནས་ཚུལ་རྣམས་གཏོང་ལེན་བྱེད་ཐུབ་པ་སོགས་བྱེད་ལས་མང་དག་ཅིག་ཡོད།

    འོན་ཀྱང་བྱེད་ལས་དེ་དག་སྤྱི་ཚོགས་དྲ་རྒྱ་ཁོ་ན་བརྒྱུད་ནས་མ་གཏོགས་བྱེད་མ་ཐུབ་པ་དེ་འདྲ་མིན་པར། སྤྱི་ཚོགས་དྲ་རྒྱའི་ནང་ཐོ་འགོད་མ་བྱས་ཀྱང་དྲ་རྒྱ་བརྒྱུད་བྱེད་ཐུབ། སྤྱིར་དྲ་རྒྱའི་བརྒྱུད་ལམ་དེ་དག་སྤྱི་ཚོགས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་རྒྱུར་ཧ་ཅང་ཕན་ཐོགས་ཡོད། འོན་ཀྱང་བེད་སྤྱོད་བྱེད་སྐབས་རང་གི་གནས་ཚུལ་མི་གཞན་གྱིས་བེད་སྤྱོད་ལོག་པ་བྱ་རྒྱུའི་གོ་སྐབས་ཤིག་ཀྱང་ཡོད། སྤྱི་ཚོགས་དྲ་རྒྱ་དེ་གསོལ་སྟོན་གྱི་འདུ་འཛོམས་ཧ་ཅང་ཆེན་པོ་ཞིག་ལ་དཔེ་བཞག འདུ་འཛོམས་དེར་ཁྱེད་ཀྱིས་ངོ་ཤེས་པ་དང་མ་ཤེས་པའི་མི་སྣ་ཚོགས་ཤིག་འཛོམས་ཡོད། དེའི་ཁྲོད་ཁྱེད་རང་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་སྐབས་དེར། ཁྱེད་ཀྱིས་ཤེས་ཚོར་གང་ཡང་མེད་པར་ཁྱེད་ཀྱི་རྒྱབ་ཏུ་འབྱར་ཡིག་གཅིག་འབྱར་ཡོད། འབྱར་ཡིག་དེའི་ནང་ཁྱེད་རང་སྒེར་གྱི་གནས་ཚུལ་དང། ཐ་ན་སྐབས་དེར་ཁྱེད་ཀྱི་བསམ་བློའི་ནང་རྣམ་རྟོག་ཇི་འདྲ་ཞིག་འཆར་བཞིན་ཡོད་པའི་གནས་ཚུལ་རྣམས་འཁོད་པར་བརྟེན། མི་ཚང་མས་ཁྱེད་ཀྱི་རྒྱབ་ཏུ་འབྱར་བའི་འབྱར་ཡིག་བཀླག་པ་ཡིན་ན།ཁྱེད་ཀྱིས་དེར་མོས་མཐུན་བྱེད་ཐུབ་བམ།

    སྤྱི་ཚོགས་དྲ་རྒྱའི་སྦྱིན་བདག་སྒེར་གྱི་ཚོང་པ་ཡིན་པ་དང། ཁོང་ཚོས་གང་ཟག་བྱེ་བྲག་པའི་གནས་ཚུལ་རྣམས་ཕྱོགས་བསྡུས་བྱས་ཏེ་གང་ཟག་གསུམ་པ་ཞིག་ལ་བཙོང་རྗེས། གང་ཟག་གསུམ་པ་དེས་དྲ་རྒྱའི་ཐོག་གནས་ཚུལ་རྣམས་ཤར་ཐུབ་པ་བཟོ་བཞིན་ཡོད། ཁྱེད་ཀྱིས་སྤྱི་ཚོགས་དྲ་རྒྱའི་ནང་འཛུལ་སྐབས་དྲ་སྤྱོད་བློས་གཏོང་གིས་དྲ་རྒྱའི་སྦྱིན་བདག་ལ་རང་དབང་རྩིས་སྤྲོད་བྱེད་བཞིན་ཡོད། དྲ་རྒྱའི་ཐོག་སྒེར་གྱི་གནད་དོན་གསང་ཉར་ཆེད་ཚན་པ་ལོག་ཏུ་བཟོས་པ་རྣམས་ཀྱིས་ཁྱེད་རང་སྒེར་གྱི་གནས་ཚུལ་ཕྱིར་མི་ཤོར་བའི་ཕན་ཐོགས་ཡོད་ཀྱང། དྲ་རྒྱའི་སྦྱིན་བདག་གིས་གནས་ཚུལ་རྣམས་མཐོང་ཐུབ་པར་བརྟེན་སྲུང་མི་ཐུབ། དེར་བརྟེན་ཁྱེད་ཀྱིས་དྲ་རྒྱའི་སྦྱིན་བདག་ལ་ཡིད་ཆེས་ཀྱིས་གནས་ཚུལ་ཡོངས་རྫོགས་ཁོང་ལ་རྩིས་སྤྲོད་བྱས་པ་ལྟ་བུ་ཆགས་ཡོད།

    གལ་ཏེ་ཁྱེད་ཀྱིས་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་གནད་དོན་དང་བརྗོད་གཞི་གལ་གནད་ཅན་ཞིག་ཐོག་ལག་པ་འཆང་དགོས་ཚེ། དོན་གནད་དེ་དག་ཕྱིར་གྱར་མི་འོང་ཆེད་ཧ་ཅང་ཡིད་གཟབ་གནང་དགོས།ལྷག་པར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་ཚོར་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་གནས་ཚུལ་རྐུ་མ་ཤོར་རྒྱུར་དམིགས་བསལ་ཉེན་ཁ་ཆེ་བར་བརྟེན།

    རང་དང་ལས་རོགས་ཚོའི་གནས་ཚུལ་གསལ་བཤད་གནང་དགོས་པ་རྣམས་སྲུང་སྐྱོབ་ཆེད་ཧ་ཅང་གཟབ་གཟབ་གནང་དགོས། སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་མ་བཏང་གོང་ཉེན་ཁ་ཇི་ཡོད་རྣམས་ཤེས་པའི་ཐོག་ནས་རང་དང་ལས་རོགས་རྣམས་སྲུང་སྐྱོབ་ཆེད་དགོས་ངེས་ཐབས་ལམ་ཇི་ཡོད་ལག་བསྟར་གནང་དགོས། གཤམ་གྱི་ལམ་སྟོན་དེས་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་བྱེད་སྐབས་སྲུང་སྐྱོབ་དགོས་རྒྱུ་གལ་གནད་ཇི་ཙམ་ཡིན་པ་ཁྱེད་ཀྱིས་རྟོགས་ཆེད་ཕན་ཐོགས་ཡོད།

    རྒྱབ་ལྗོངས་ཀྱི་གནས་ཚུལ།

    མན་སོར་དང་མག་ད་གཉིས་བྱང་ཨ་ཕི་རི་ཁའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཡིན། ཁོང་གཉིས་ཀྱིས་གྲོང་ཁྱེར་ཆེན་པོ་ཞིག་གི་དབུས་སུ་གོམ་བགྲོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་བྱ་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད། དེར་བརྟེན་ཁོང་གཉིས་ཀྱིས་ངོ་དེབ་བརྒྱུད་ནས་གོམ་བགྲོད་ལས་འགུལ་དེ་དྲིལ་བསྒྲགས་གནང་འདོད་ཡོད་ཀྱང་། ཉེན་རྟོག་པས་ཤེས་ནས་ལས་འགུལ་ནང་ཞུགས་བློ་ཡོད་མི་རྣམས་རྗེས་དེད་གཏོང་མི་ཡོང་ངམ་བསམ་པའི་བློ་འཚབ་ཡོད། གཞན་ཡང་ད་དུང་ཁོང་གཉིས་ཀྱིས་ལས་འགུལ་སྐབས་ཊུཝི་ཊར་བེད་སྤྱོད་བཏང་སྟེ་ལས་འགུལ་གྱི་གནས་སྟངས་ཇི་ཡིན་སྐབས་ཕྲལ་གནས་ཚུལ་ཕྱིར་གཏོང་བྱ་རྒྱུའི་འཆར་གཞི་ཡོད། འོན་ཀྱང་ཉེན་རྟོག་པས་ཊུཝི་ཊར་མཐོང་ནས་ལས་འགུལ་བ་རྣམས་ལ་འགོག་རྐྱེན་བཟོ་ཚེ་ཇི་ལྟར་བྱ་དགོས་པ་དང་།ལས་འགུལ་བ་རྣམས་ཉེན་རྟོག་པས་ངོས་ཟིན་ཚེ་ཁྲིམས་ཆད་ཕོག་སྲིད་པར་བརྟེན། ཁོང་གཉིས་ཀྱིས་ལས་འགུལ་བ་རྣམས་ཀྱི་ངོས་འཛིན་མངོན་པར་མི་གསལ་བའི་ཐོག་ནས་ལས་འགུལ་སྤེལ་བཞིན་པའི་འདྲ་པར་དང་བརྙན་འཕྲིན་རྣམས་དྲིལ་བསྒྲགས་བྱ་རྒྱུའི་འཆར་གཞི་འདིང་བཞིན་ཡོད།

    ཁྱེད་རང་ཚོས་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་ཆེད་ང་ཚོས་སེམས་ཤུགས་བཅག་པ་དེ་འདྲ་མིན། འོན་ཀྱང་ཉེན་སྲུང་གི་ཐབས་ལམ་དེ་དག་ཚད་ལྡན་ཐོག་ནས་བཀོལ་ཐུབ་ཚེ་རང་གཞན་གཉིས་ཀ་ཉེན་ཁ་ལས་སྐྱོབ་ཐུབ།

    སློབ་ཚན་འདི་ནས་ཁྱེད་ཀྱིས་གང་ཤེས་ཐུབ་པ་ནི།

    • གནད་འགག་ཡོད་པའི་གནས་ཚུལ་རྣམས་སྤྱི་ཚོགས་དྲ་རྒྱའི་ཐོག་བསླེབས་སྐབས་ལས་སླ་པོའི་ཐོག་ནས་གཞན་གྱིས་མཐོང་ཐུབ།
    • སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་སྐབས་རང་གཞན་གཉིས་ཀྱི་གནས་ཚུལ་གསང་ཉར་ཆེད་སྲུང་སྐྱོབ་ཇི་ལྟར་བྱེད་དགོས།

    སྤྱི་ཚོགས་དྲ་རྒྱ་བཀོལ་སྐབས་སྤྱི་ཡོངས་ཀྱི་ལམ་སྟོན།

    • གཤམ་གྱི་དྲི་བ་རྣམས་རྟག་ཏུ་འདོན་དགོས།
      • ངས་དྲ་རྒྱའི་ནང་བཅུག་པའི་གནས་ཚུལ་སུས་གཟིགས་ཐུབ།
      • ངས་སྤྱི་ཚོགས་དྲ་རྒྱའི་ནང་བཅུག་པའི་གནས་ཚུལ་རྣམས་སུ་ལ་དག་པ་དང་སུས་སྟངས་འཛིན་བྱེད་བཞིན་ཡོད།
      • དྲ་རྒྱའི་ཐོག་ང་དང་འབྲེལ་བ་ཡོད་མཁན་ཚོས་ངའི་སྐོར་གནས་ཚུལ་ཇི་འདྲ་ཞིག་མི་གཞན་ལ་རྩིས་སྤྲོད་བྱེད་ཀྱི་ཡོད།
      • ངས་ཀྱང་ཁོང་ཚོའི་སྐོར་མི་གཞན་ལ་དྲ་ལམ་ཐོག་ནས་བསྟན་པ་ཡིན་ན་ཕོག་ཐུག་ཡོང་ངམ།
      • དྲ་རྒྱའི་ཐོག་འབྲེལ་ཡོད་ཚང་མར་ངས་ཡིད་ཆེས་བྱེད་ཀྱི་འདུག་གམ།
    • སྤྱི་ཚོགས་དྲ་རྒྱའི་ནང་འཛུལ་སྐབས་གསང་ཚིག་བརྟན་པོ་ཞིག་ངེས་པར་དུ་རྒྱག་དགོས། གལ་ཏེ་ཁྱེད་ཀྱི་གསང་ཚིག་གཞན་ལ་ཤོར་བ་ཡིན་ན། རང་ཉིད་ཙམ་མ་ཟད། དྲ་རྒྱའི་ཐོག་རང་གི་འབྲེལ་ཡོད་ཚང་མའི་གནས་ཚུལ་རྣམས་མི་གཞན་གྱིས་ཀློག་ཐུབ། ཁྱེད་ཀྱིས་གསང་ཚིག་ཡང་ཡང་བརྗེ་དགོས། གསང་ཚིག་བརྗེ་རྒྱུ་དེ་རྒྱུན་ལྡན་གྱི་ལས་ཀ་ལྟར་ངོས་འཛིན་བྱེད་དགོས། ལེའུ་གསུམ་པར་གཟིགས་དང་།གསང་ཚིག་བརྟན་པོ་ཞིག་བཟོས་ནས་ཉར་ཚགས་ཇི་ལྟར་ཐུབཞིབ་ཕྲའི་ཆེད།

    • སྤྱི་ཚོགས་དྲ་རྒྱའི་ནང་སྒེར་གྱི་གསང་ཉར་ཆེད་ཟུར་དུ་ཚན་པ་ཞིག་བསྐྲུན་པ་དེར་སྐྱོན་ཇི་ཡོད་ཁྱེད་ཀྱིས་ཤེས་དགོས་པ་ཙམ་མ་ཟད། ཚན་པ་དེ་ཁ་སྒྱུར་བྱེད་སྟངས་ཀྱང་ཤེས་དགོས།

    • ལས་འགུལ་དང་ལས་དོན་བྱེ་བྲག་པ་རེ་རེའི་ཆེད་ཁ་བྱང་དང་ངོ་སྤྲོད་གསར་པ་རེ་བཟོ་རྒྱུ་ཙམ་མ་ཟད། མིང་འདྲ་མིན་རྫུན་བཟོ་བྱེད་ཐབས་ཐོག་ལའང་བསམ་བློ་གཏོང་དགོས། དྲ་རྒྱ་བེད་སྤྱོད་བརྟན་པོ་ཞིག་གཏོང་དགོས་ན།དྲ་རྒྱའི་སྦྱིན་བདག་ཚོགས་མི་རྣམས་ལ་ཡིད་ཆེས་སྐྱེ་ཐུབ་དགོས། དེ་ལྟར་ཡོང་བར་ཁ་བྱང་གསར་པ་ལོག་ཏུ་བཟོ་དགོས།

    • སྤྱི་མང་དྲ་རྒྱའི་ཁང་ཆུང་ནས་ཁྱེད་ཀྱིས་སྤྱི་ཚོགས་དྲ་རྒྱའི་ནང་འཛུལ་དགོས་ཚེ་ཁ་བྱང་བེད་སྤྱོད་བྱེད་སྐབས་གཟབ་དགོས། སྐབས་དེར་ཁྱེད་ཀྱིས་གསང་ཚིག་རྣམས་ལམ་སེང་སུབ་དགོས་པ་མ་ཟད། བསྐྱར་ཞིབ་ཐོ་གཞུང་དེ་ཡང་སུབ་དགོས། ལེའུ་དྲུག་པའི་ནང་གནད་དོན་གལ་ཆེ་རྣམས་ནག་སུབ་ཇི་ལྟར་གཏོང་དགོས་པའི་ལམ་སྟོན་ཡོད་པས་དེར་གཟིགས།

    • https:// བེད་སྤྱོད་བྱས་ནས་སྤྱི་ཚོགས་དྲ་རྒྱའི་ནང་འཛུལ་སྐབས་ཁྱེད་ཀྱི་དངོས་མིང་དང་གསང་ཚིག དེ་བཞིན་དྲ་རྒྱའི་ནང་བཅུག་པའི་གནས་ཚུལ་རྣམས་ཕྱིར་གྱར་མི་ཡོང་བའི་སྲུང་སྐྱོབ་ཐུབ། ཁ་བྱང་འདི་ལྟར་ http:// བཀོད་པ་ལས་འདི་ལྟར་ https:// དགོས་ན་སྲུང་སྐྱོབ་ཆེད་ཡག་པ་ཡོད། དྲ་རྒྱའི་ཐོག་གཞན་གྱིས་ངོ་མི་ཤེས་པར་ཆེས་གེ་མོ་ཞིག་གི་ངོ་བོར་གནས་ཐུབ་རྒྱུ་དང་། དྲ་རྒྱའི་དམ་བསྒྲགས་ལས་ཇི་ལྟར་གཡོལ་ཐུབ་པའི་ཐབས་ལམ་རྣམས་ལེའུ་བརྒྱད་པར་གཟིགས།

    • དེ་ཡང་སྐབས་གནས་ཚུལ་ཧ་ཅང་མང་པོ་བླུགས་རྒྱུར་ཡིད་གཟབ་བྱེད་དགོས། ཁྱེད་ཀྱིས་དྲ་རྒྱའི་ཐོག་ཡོད་པའི་རོགས་པ་རྣམས་ལ་ཡིད་ཆེས་ཡོད་ཀྱང་། གཞན་ཞིག་གིས་ལས་སླ་པོའི་ཐོག་ནས་ཁྱེད་ཀྱི་གནས་ཚུལ་གསང་ཉུལ་ཐོག་འདྲ་བཤུས་བྱེད་ཐུབ།

    • སྤྱི་ཚོགས་དྲ་རྒྱ་ཕལ་ཆེ་བས་ཁྱེད་ལ་སྤྱི་ཚོགས་དྲ་རྒྱ་གཞན་དང་ཟླ་སྒྲིལ་གཏོང་རྒྱུའི་གོ་སྐབས་སྤྲོད་བཞིན་ཡོད་པ་ནི་དཔེར་ན། ཁྱེད་ཀྱིས་ཊུཝི་ཊར་དྲ་རྒྱའི་ནང་ཟིན་བྲིས་གསར་པ་ཞིག་བཅུག་མ་ཐག་ཁྱེད་ཀྱི་ངོ་དེབ་དྲ་རྒྱའི་ནང་རང་བཞིན་གྱིས་དེ་མཚུངས་ཤར་ཐུབ་པ་བཟོ་ཐུབ། དེར་བརྟེན་སྤྱི་ཚོགས་དྲ་རྒྱ་ཕན་ཚུན་ལས་སླ་པོའི་ཐོག་ནས་ཟླ་སྒྲིལ་གཏོང་ཐུབ་ཀྱང་ཟླ་སྒྲིལ་གཏོང་སྐབས་ལྷག་པར་དུ་གཟབ་གྲུང་ངེས་པར་བྱེད་དགོས། གང་ཡིན་བརྗོད་ན་སྤྱི་ཚོགས་དྲ་རྒྱ་གཅིག་ནང་ཁྱེད་སུ་ཡིན་མིན་མངོན་གསལ་མེད་ཀྱང་སྤྱི་ཚོགས་དྲ་རྒྱ་གཞན་དང་ཟླ་སྒྲིལ་སྐབས་གཞན་དེའི་ནང་ཁྱེད་ཀྱི་རྣམ་པ་འཆར་སྲིད།

    • སྤྱི་ཚོགས་དྲ་རྒྱའི་སྟེང་ཡོད་པའི་ཁྱེད་ཀྱི་གནས་ཚུལ་རྣམས་བཙན་ལོས་ཡོད་མིན་ཐད་ཡིད་གཟབ་གནང་དགོས། ཁྱེད་ཀྱིས་སྤྱི་ཚོགས་དྲ་རྒྱ་རྐྱང་པར་བློ་གཏད་ཀྱིས་གལ་གནད་ཆེ་བའི་གནས་ཚུལ་མཁོ་སྒྲུབ་བྱེད་སའི་བརྒྱུད་ལམ་གཅིག་པུར་རྩ་འཛིན་ནམ་ཡང་གནང་མི་རུང་། གང་ཡིན་བརྗོད་ན། གཞུང་གིས་སྤྱི་ཚོགས་དྲ་རྒྱའི་ཐོག་འདྲ་པར་དང་གནས་ཚུལ་སོགས་ངོས་ལེན་མ་ཐུབ་པའི་རིགས་བཀག་འགོག་ཆེད་སྤྱི་ཚོགས་དྲ་རྒྱར་ལས་སླ་པོས་ཐོག་ནས་དམ་བསྒྲགས་བྱེད་ཐུབ། ཕྱོགས་མཚུངས་སྐབས་རེ་སྤྱི་ཚོགས་དྲ་རྒྱ་སྟངས་འཛིན་པ་ཚོས་རྒྱལ་ཁབ་བྱེ་བྲག་པའི་དམ་བསྒྲགས་ལས་གཡོལ་ཆེད། ངོས་ལེན་བྱེད་མ་ཐུབ་པའི་གནས་ཚུལ་རིགས་ལ་དྭངས་བླངས་ཀྱིས་བཀག་འགོག་བྱེད་སྲིད།

    དྲ་ཐོག་ཏུ་སྒེར་གྱི་ལོ་རྒྱུས་ཞིབ་ཕྲ་བཀོད་པ།

    སྤྱི་ཚོགས་དྲ་རྒྱ་སྟངས་འཛིན་པ་ཚོས་ཁྱེད་དང་མི་གཞན་དབར་འབྲེལ་ལམ་བྱ་རྒྱུ་སྟབས་བདེ་ཡོང་ཆེད།སྒེར་གྱི་ལོ་རྒྱུས་ཞིབ་ཕྲ་རྩད་གཅོད་བྱ་རྒྱུ་ཡིན། དེར་བརྟེན་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོར་ཉེན་ཁ་ཆེ་ཤོས་ཤིག་ནི་དེང་སྐབས་དར་ཁྱབ་ཧ་ཅང་ཆེ་རུ་འགྲོ་བཞིན་པའི་ངོས་འཛིན་རྐུ་མ་བརྒྱབ་ནས་ངོ་བརྫུ་བྱ་རྒྱུ་དེ་ཡིན། ལྷག་པར་ཁྱེད་ཀྱིས་ཇི་ཙམ་དྲ་རྒྱའི་ཐོག་སྒེར་གྱི་ལོ་རྒྱུས་ཞིབ་ཕྲ་བཀོད་པ་དེ་ཚོད་ཀྱིས་སྲིད་གཞུང་དབང་འཛིན་པ་ཚོས་ཁྱེད་རྩད་གཅོད་བྱ་བདེ་བ་ཙམ་མ་ཟད། ཁྱེད་ཀྱི་ལས་དོན་ཐོག་སྟངས་འཛིན་བྱ་རྒྱུ་ལས་སླ་རུ་འགྲོ་རྒྱུ་ཡིན། ཕྱིའི་རྒྱལ་ཁབ་ནང་བཙན་བྱོལ་དུ་གནས་ཏེ་དྲ་རྒྱའི་ཐོག་ལས་དོན་སྤེལ་མཁན་གྱི་ལས་འགུལ་བ་དེ་ཚོའི་ནང་མི་རྣམས་ལ་གཞུང་གིས་སུན་གཙེར་བཟོ་བཞིན་ཡོད།

    གཤམ་གྱི་གནས་ཚུལ་རྣམས་དྲ་རྒྱར་གཏོང་དགོས་མིན་ཐད་སོ་སོར་དྲི་བ་ཐོངས་དང།

    • སྐྱེས་ཚེས།
    • འབྲེལ་མཐུད་ཁ་པར་ཨང་།
    • ཁ་བྱང་།
    • ནང་མིའི་སྐོར་གནས་ཚུལ་ཞིབ་ཕྲ།
    • རྟགས།
    • སློབ་སྦྱོང་དང་ལས་ཀའི་རྒྱབ་ལྗོངས།

    གྲོགས་པོ་དང་རྗེས་འཇུག་པ། དེ་བཞིན་འབྲེལ་ཡོད།

    སྤྱི་ཚོགས་དྲ་རྒྱ་གང་དྲ་ཞིག་ནང་ཁ་བྱང་གསར་བཟོ་ཆེད་དྲ་བཀོལ་སྤྱོད་ནང་སྒེར་གྱི་གནས་ཚུལ་ཞིབ་ཕྲ་བཀང་རྗེས་ཐོག་མར་ཁྱེད་ཀྱིས་དྲ་ཐོག་ཏུ་ཡོད་པའི་རང་གི་ངོ་ཤེས་སུ་རུང་ཞིག་དང་ལམ་སེང་འབྲེལ་བ་བཟོ་དགོས། དུས་མཚུངས་ཁྱེད་ཀྱིས་ངོ་མི་ཤེས་མཁན་དེ་འདྲའང་དྲ་རྒྱའི་སྤྱི་ཚོགས་ནང་ཡོད་པ་ཁོང་ཚོ་དང་འབྲེལ་བ་ཆགས་སྲིད། དེར་བརྟེན་ཁོང་ཚོས་ཁྱེད་ཀྱི་གནས་ཚུལ་གང་དང་གང་ལ་ལྟ་ཐུབ་མིན་ཤེས་དགོས་པ་འདི་ཁྱེད་རང་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

    ཁྱེད་རང་སྒེར་གྱི་གནས་ཚུལ་མང་པོ་འཁོད་པའི་ངོ་དེབ་ལྟ་བུ་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་སྐབས། རང་གི་ངོས་ཤེས་མི་སྣ་ཁོ་ན་དང་ལྷན་འབྲེལ་བ་བཟོ་དགོས།

    གནས་བབ་ཁ་སྐོང་།

    ཊུཝི་ཊར་དང་ངོ་དེབ། དེ་བཞིན་སྤྱི་ཚོགས་དྲ་རྒྱ་གཞན་གྱི་ཐོག་སོ་སོའི་གནས་བབ་དང་ད་ལྟ་གང་བྱེད་མིན་གྱི་གནས་སྟངས་སོགས་གསལ་བཤད་བྱེད་བཞིན་ཡོད།དེར་བརྟེན་ཁྱེད་ཀྱི་གནས་ཚུལ་རྣམས་སུས་ལྟ་གྱི་ཡོད་མེད་ཤེས་རྒྱུ་དེ་གལ་ཆེ་ཤོས་ཆགས་ཡོད། སྤྱི་ཚོགས་དྲ་རྒྱ་ཕལ་ཆེ་བའི་ནང་རང་འགུལ་རང་སྤྱོད་སྒྲིག་ཤོམ་ལ་བརྟེན་ནས་སོ་སོའི་གནས་བབ་་རྣམས་དྲ་རྒྱའི་ནང་ཡོད་མཁན་སུས་ཀྱང་མཐོང་ཐུབ། དེ་ལྟར་མི་འདོད་ན།ཁྱེད་ཀྱིས་གནས་བབ་རྣམས་གཞན་གྱིས་ལྟ་མི་ཐུབ་པ་བཟོ་རོགས་ཞེས། སྤྱི་ཚོགས་དྲ་རྒྱའི་འགེངས་ཤོག་ནང་བརྗོད་དགོས།

    ཊུའི་ཊར་ནང་གསར་འཇོག་སྲུང་སྐྱོབ་བྱེད་དགོས་ན། ཁྱེད་ཀྱི་ཊུཝི་ཊི་སྲུང་སྐྱོབ་བྱོས། ཞེས་པར་ལྟ་དགོས། གལ་ཏེ་ངོ་དེབ་ནང་གསར་འཇོག་སྲུང་སྐྱོབ་བྱེད་དགོས་ན། གྲོགས་པོ་ཁོ་ནའི་ཆེད།ཞེས་པའི་ཡིག་ཆུང་དེ་བདམས་ཏེ་སྣུན་དགོས། ཁྱེད་ཀྱི་དེ་ལྟར་བྱས་རྗེས་སུའང་ཁྱེད་ཀྱི་གསར་འཇོག་རྣམས་མི་གཞན་དང་གྲོགས་པོ་ཚོས་ཧ་ཅང་ལས་སླ་པོའི་ཐོག་ནས་གཞན་ལ་ཁྱབ་སྤེལ་བྱེད་ཐུབ། ཁྱེད་ཀྱི་སྤྱི་ཚོགས་དྲ་རྒྱའི་གནས་ཚུལ་བརྒྱུད་བསྒྲགས་བྱ་རྒྱུའི་ཐབས་ལམ་དེར་གྲོགས་པོས་མོས་མཐུན་ཡོད་པ་ཞིག་དགོས། དེ་ལྟར་མིན་ཚེ་སྐབས་རེ་གྲོགས་པོས་མི་འདོད་བཞིན་དུ་ཁྱེད་ཀྱིས་གྲོགས་པོའི་གནས་ཚུལ་རྣམས་བརྒྱུད་བསྒྲགས་བྱས་སྲིད།དེར་ངེས་པར་དུ་དོགས་ཟོན་གནང་དགོས།དེ་མཚུངས་གཞན་ལའང་ཁྱེད་ཀྱི་གནས་ཚུལ་བརྒྱུད་བསྒྲགས་བྱ་རྒྱུར་དོགས་ཟོན་དགོས་པ་གསལ་བཤད་གནང་དགོས།

    གནས་བབ་ནང་འཁོད་པའི་གནས་ཚུལ་རྣམས་མི་གཞན་གྱིས་བེད་སྤྱོད་ལོག་པ་བྱས་ནས་དོ་དག་ལ་གནོད་པ་བསྐྱལ་བའི་གནས་ཚུལ་མང་པོ་བྱུང་ཡོད། ཨ་རིའི་ནང་དགེ་རྒན་འགའ་ཤས་ཀྱིས་རང་གི་སློབ་ཕྲུག་ཚོར་མཐོང་ཕྱོགས་ཇི་འདྲ་ཡོད་མེད་ཀྱི་གནས་ཚུལ་གསར་འཇོག་བྱས་པ་རྣམས་གཞན་གྱིས་བེད་སྤྱོད་ལོག་པ་བྱས་པར་བརྟེན་དགེ་རྒན་དེ་དག་ལས་ཀ་ནས་ཕྱིར་འབུད་བཏང་བ་དེ་འདྲ་བྱུང་ཡོད། ཕྱོགས་མཚུངས་ལས་བྱེད་པ་འགས་རང་གི་སྦྱིན་བདག་སྐོར་གནས་བབ་་ནང་བྲིས་པ་དེ་དག་གཞན་གྱིས་བེད་སྤྱོད་ལོག་པ་བྱས་ནས་གནས་དབྱུང་བཏང་བ་དེ་འདྲའང་བྱུང་ཡོད། དེར་བརྟེན་གནད་དོན་དེར་ཚང་མས་ཡིད་གཟབ་གནང་དགོས།

    དྲ་རྒྱའི་གནས་ཚུལ་མཉམ་སྤྱོད།

    ཁྱེད་ཀྱིས་གྲོགས་པོའི་པར་གནས་གང་རུང་མཉམ་སྤྱོད་བྱས་ཏེ་གྲོགས་པོས་དོ་སྣང་སྤྲོད་ཐུབ་པ་བཟོ་རྒྱུ་ལས་སླ་ནའང། ཁྱེད་ཀྱིས་མཉམ་སྤྱོད་བྱས་པའི་པར་གནས་དེར་མི་གཞན་ནས་ཀྱང་མཐོང་ཐུབ་པར་བརྟེན། ཁོང་ཚོར་ཚོར་སྣང་ཇི་འདྲ་ཞིག་སྐྱེ། དཔེར་ན། སྲིད་གཞུང་ཧ་ཅང་གདུག་རྩུབ་ཅན་ལ་ངོ་རྒོལ་བྱས་པའི་པར་རིགས་ཤིག་ཡོད་པ་དེར། ཁྱེད་ཀྱིས་ལེགས་བརྡའམ་བསྔགས་བརྗོད་ཀྱི་མཛུབ་བརྡ་སྟོན་པ་ཡིན་ན།སྲིད་གཞུང་དེས་ཁྱེད་ལ་ལམ་སེང་ཉན་ཁར་རྩིས་ཏེ་དམིགས་རྟགས་རྒྱབ་སྲིད་པའི་ཉན་ཁ་ཡོད།

    གལ་ཏེ་ཁྱེད་ཀྱིས་དྲ་རྒྱའི་ཐོག་ལས་ཀ་ཇི་འདྲ་ཞིག་བྱས་པ་དེ་དག་ཉེ་འབྲེལ་གཅིག་པུས་མ་གཏོགས་ལྟ་མི་ཐུབ་པ་ཞིག་བཟོ་དགོས་ཚེ། སྒེར་གྱི་གནས་ཚུལ་ཉར་རྒྱུའི་ཚན་པ་དེར་ཞིབ་ལྟ་གནང་དགོས།

    རང་ཉིད་གང་དུ་ཡོད་པའི་ས་ཆ་གསལ་སྟོན།

    ས་གནས་གང་ནས་དྲ་རྒྱ་ལྟ་གི་ཡོད་མེད་རྩད་གཅོད་བྱེད་མཁན་འཕྲུལ་ཆས་ཀྱི་ཆ་རྐྱེན་ལྡན་པའི་སྤྱི་ཚོགས་དྲ་རྒྱ་ཕལ་མོ་ཆེས་རང་ཉིད་གང་དུ་གནས་ས་གསལ་སྟོན་བྱ་རྒྱུ་ཡིན། བྱེད་ལས་དེ་ནི་ལག་ཐོགས་ཁ་པར་ནང་ལམ་སྟོན་བྱེད་མཁན་གྱི་འཕྲུལ་ཆས་ (GPS) དེས་བྱེད་བཞིན་ཡོད། དེར་བརྟེན་ལག་ཐོགས་ཁ་པར་ནས་སྤྱི་ཚོགས་དྲ་རྒྱའི་ནང་འཛུལ་སྐབས་ས་གནས་གསལ་སྟོན་བྱེད་ཀྱི་ཡོད།ལག་ཐོགས་ཁ་པར་ཐོག་ནས་སྤྱི་ཚོགས་དྲ་རྒྱ་བརྒྱུད་ན་མ་གཏོགས་ས་གནས་གསལ་སྟོན་བྱ་མི་ཐུབ་བསམ་ན་ནོར་བ་རེད། ཁྱེད་ཀྱི་གློག་ཀླད་དེ་དྲ་རྒྱར་མཐུད་སྐབས་སུའང་དྲ་རྒྱ་དེས་ས་གནས་གསལ་སྟོན་བྱ་རྒྱུའི་མཐུན་རྐྱེན་སྤྲད་སྲིད། དེར་བརྟེན་ཐབས་ལམ་བཙན་ཤོས་ནི་ཚན་པ་ལ་ཞིབ་ཚགས་དཔྱད་པ་བྱེད་དགོས།

    ལྷག་པར་པར་རིགས་དང་བརྙན་པར་འཇོག་སའི་ཚན་པ་ལ་དོ་སྣང་བྱེད་དགོས། ཚན་པ་དེས་ཁྱེད་ཀྱིས་སྤྱི་ཚོགས་དྲ་རྒྱའི་ཐོག་བཅུག་པའི་པར་རིགས་དང་བརྙན་འཕྲིན་གྱི་ས་གནས་གསལ་སྟོན་བྱ་རྒྱུ་མ་རེད་བསམ་མི་རུང། བརྟག་དཔྱད་ཐེངས་གཉིས་བྱེད་དགོས།

    ས་གནས་གསང་ཉར་བྱེད་སའི་ཁ་བྱང་ནི་ འདི་ཡིན། ཁ་བྱང་འདི་ནི་གློག་ཆས་དྲ་རྒྱ་ (Electronic Frontier Foundation) ཞེས་པ་དེ་ནས་ལེན་ཐུབ།

    པར་རིགས་དང་བརྙན་འཕྲིན་མཉམ་སྤྱོད།

    པར་རིགས་དང་བརྙན་འཕྲིན་སོགས་ཀྱིས་ངོ་ཤེས་ལས་སླ་པོར་བཟོ་ཐུབ། དེར་བརྟེན་པར་རིགས་དང་བརྙན་འཕྲིན་དྲ་རྒྱའི་ཐོག་མ་བཅུག་གོང་པར་རིགས་དང་བརྙན་འཕྲིན་དེ་དག་ནང་ཡོད་པའི་མི་དེར་སྐད་ཆ་འདྲི་དགོས། གནས་སྟངས་དེ་འདྲ་ལ་གཟབ་དགོས། ཁྱེད་ཀྱིས་མི་གཞན་གྱི་གསང་བ་ཕྱིར་གྱར་བྱས་པ་དེ་འདྲ་ཡོང་སྲིད། དེར་བརྟེན་མི་གཞན་གྱིས་འདོད་མོད་མེད་པར་ཁོང་ཚོའི་པར་རིགས་དང་བརྙན་པར་དྲ་རྒྱའི་ནང་འཇུག་རྒྱུར་འཛེམས་ཟོན་ངེས་པར་དུ་གནང་དགོས།

    ཕྱོགས་མཚུངས་པར་རིགས་དང་བརྙན་འཕྲིན་སོགས་ཀྱི་གནས་ཚུལ་མང་པོ་ཞིག་བསམ་བཞིན་དུ་མིན་པའི་ཐོག་ནས་ཕྱིར་གྱར་བྱེད་ཐུབ། པར་ཆས་མང་པོའི་ནང་ཚེས་གྲངས་དང་དུས་ཚོད། ས་གནས་སོགས་གསལ་སྟོན་བྱ་རྒྱུའི་འཕྲུལ་ཆས་ལྡན་ཡོད།པར་རིགས་དང་བརྙན་འཕྲིན་མཉམ་སྤྱོད་བྱེད་ས་དེར་ཁྱེད་ཀྱིས་འཇུག་སྐབས་ས་གནས་སོགས་གསལ་སྟོན་བྱེད་སྲིད།

    མྱུར་གླེང་།

    སྤྱི་ཚོགས་དྲ་རྒྱ་མང་པོ་ཞིག་ནང་གྲོགས་པོ་དང་ལྷན་དུས་ཐོག་གླེང་མོལ་བྱ་རྒྱུའི་ཆ་རྐྱེན་ཡོད། དྲ་རྒྱའི་ཐོག་བརྡ་འཕྲིན་མྱུར་པོ་གཏོང་རྒྱུ་སོགས་ནི་གསང་བ་ཕྱིར་གྱར་རྒྱུའི་ཉེན་ཁ་ཆེ་ཤོས་ཡིན། གང་ཡིན་བརྗོད་ན་བརྒྱུད་ལམ་དེས་ཁྱེད་སུ་ཡིན་མིན་དང། སུ་དང་འབྲེལ་བ་བྱེད་བཞིན་ཡོད་མེད། གནད་དོན་གང་གི་ཐོག་འབྲེལ་བ་བྱེད་བཞིན་ཡོད་པ་སོགས་ཤེས་ཐུབ།

    གླེང་མོལ་བྱེད་སྐབས་ཉུང་མཐར་ (HTTPS) བརྒྱུད་ནས་འགྲོ་དགོས།དེ་འདྲ་བྱུང་ན་གསང་བ་མི་ཤོར་བའི་ཁྱད་པར་ཡོད། འོན་ཀྱང་དུས་ནམ་ཡང་གསང་བ་མི་ཤོར་བའི་ངེས་པ་གང་ཡང་མེད། དཔེར་ན། ངོ་དེབ་ནང་གླེང་མོལ་ཆེད་ (HTTPS) ལ་མཐུད་སྐབས་བརྒྱུད་ལམ་གཞན་ཞིག་ཐོག་ནས་མཐུད་བཞིན་ཡོད། དེར་བརྟེན་ཕྱིར་གྱར་འགྲོ་རྒྱུའི་ཉེན་ཁ་ཆེ་བ་ཡོད།

    ཁྱེད་ཀྱིས་གླེང་མོལ་བྱེད་སྐབས་ (Pidgin) བེད་སྤྱོད་བྱེད་ཚེ་བརྟན་པ་ཡོད། (Pidgin) དེ་བེད་སྤྱོད་བྱེད་སྐབས་བསད་ནས་བྱེད་དགོས། (Pidgin) གསང་ཚིག་བེད་སྤྱོད་བྱེད་ཀྱི་ཡོད།

    འཛུལ། ཚོགས་པ་གསར་གསོ། འདུ་འཛོམས་གོ་སྒྲིག སྒྲིག་འཛུགས་གསར་འཛུགས།

    གལ་ཏེ་ཁྱེད་ཀྱིས་ཚོགས་པའམ་སྒྲིག་འཛུགས་ཤིག་ནང་འཛུལ་ཞུགས་བྱས་ཚེ་རང་ཉིད་སྐོར་གྱི་གནས་ཚུལ་ཇི་འདྲ་ཞིག་གཞན་ལ་སྤྲོད་བཞིན་ཡོད། གནས་ཚུལ་དེས་ཁྱེད་ཀྱི་སྐོར་ལ་འགྲེལ་བརྗོད་ཇི་ལྟར་བྱེད། དེ་ལས་ལྡོག་སྟེ་ཁྱེད་ཀྱིས་བཙུགས་པའི་ཚོགས་པའམ་སྒྲིག་འཛུགས་དེར་འཛུལ་མཁན་གང་ཟག་དེས་ཁོང་རང་གི་སྐོར་ལ་གནས་ཚུལ་ཇི་འདྲ་ཞིག་ཕྱི་རུ་ཁྱབ་བསྒྲགས་བྱེད་བཞིན་ཡོད། ཁྱེད་ཀྱིས་མི་གཞན་ལ་ཉེན་ཁ་ཇི་ལྟར་བཟོ་བཞིན་ཡོད།

    ཁྱེད་ཀྱིས་དྲ་རྒྱ་བརྒྱུད་ཚོགས་པའམ་སྒྲིག་འཛུགས་ཤིག་ནང་འཛུལ་ཞུགས་བྱེད་སྐབས་མི་གཞན་གྱིས་ཁྱེད་ཀྱི་སྐོར་ཤེས་རྟོགས་ཡོང་བཞིན་ཡོད། སྒྲིག་འཛུགས་ཀྱི་ལས་དོན་དང་བསམ་ཚུལ་ལ་ཁྱེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མི་ཚོས་ངོས་འཛིན་བྱ་རྒྱུ་ཡིན། དེར་བརྟེན་གལ་ཏེ་ཁྱེད་ཀྱིས་ཆབ་སྲིད་ཚོགས་པ་བྱེ་བྲག་པ་ཞིག་གི་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་ངོས་འཛིན་བྱས་ཚེ་ཁྱེད་ལ་ཉེན་ཁ་བཟོ་སྲིད། ཕྱོགས་མཚུངས་གལ་ཏེ་ཁྱེད་ཀྱིས་རྒྱུས་མངའ་མེད་པའི་ཚོགས་མི་ཧ་ཅང་མང་པོ་ཡོད་པའི་ཚོགས་པ་ཤིག་ནང་འཛུལ་ཚེ། ཁ་བྱང་བརྒྱུད་ནས་ཁྱེད་རང་སྒེར་གྱི་གནས་ཚུལ་ཕྱི་གྱར་འགྲོ་སྲིད། དེར་བརྟེན་ཚོགས་པའི་ནང་འཛུལ་ཞུགས་མ་བྱས་གོང་ཁྱེད་ཀྱིས་མི་གཞན་ལ་གནས་ཚུལ་ཇི་འདྲ་ཞིག་ཕྱིར་གྱར་བྱ་རྒྱུ་ཡིན་པ་དེར་བསམ་གཞིགས་བྱེད་དགོས། ཁྱེད་ཀྱིས་མི་གསར་པ་དེར་མིང་དང་འདྲ་པར་ངོ་མ་བསྟན་ནས་ངོ་ཤེས་འཇུག་རྒྱུ་ཡིན་ནམ།

    དེ་ལས་ལྡོག་སྟེ་གལ་ཏེ་ཁྱེད་ཀྱིས་སྒྲིག་འཛུགས་སམ་ཚོགས་པ་གསར་འཛུགས་བྱས་པ་དེར་མི་གཞན་གྱིས་འཛུལ་ཞུགས་བྱས་པ་ཡིན་ན། འཛུལ་མཁན་གང་ཟག་དེས་ཁོང་རང་གི་སྐོར་ལ་གནས་ཚུལ་ཇི་འདྲ་ཞིག་ཕྱིར་ཁྱབ་བསྒྲགས་བྱེད་བཞིན་ཡོད། དཔེར་ན། ཁྱེད་ཀྱིས་རིགས་མཐུན་འཁྲིག་སྤྱོད་ཀྱི་ཚོགས་པ་ཞིག་བཙུགས་ནས་སྤྱི་ཚོགས་ཀྱི་ལས་དོན་བྱེད་སྐབས།ཚོགས་པ་དེར་མི་གཞན་སུ་འཛུལ་རུང་རང་ཉིད་རིགས་མཐུན་འཁྲིག་སྤྱོད་པ་ཡིན་པའི་ཁྱབ་བསྒྲགས་བྱེད་བཞིན་ཡོད། དེས་ཁོང་ཚོ་སྒེར་གྱི་མི་ཚེའི་ནང་དཀའ་ངལ་དང་ཉེན་ཚབས་བཟོ་སྲིད།

    Hands-on: Get started with the Social networking tools: Facebook, Twitter, YouTube and others