རང་ཉིད་ཇི་ལྟར་མིང་མེད་དང་དྲ་རྒྱའི་བཀག་སྡོམ་ལས་རང་སོར་གནས་དགོས་སམ།

ཁ་གསབ།2010

ལམ་ཡིག་འདི་བཞིན་ད་ལྟ་བདག་གཅེས་བྱས་ཀྱི་མེད།

འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་ཆབ་སྲིད་ཀྱི་འཕོ་འགྱུར་དང་ལངས་ཕྱོགས་རྐྱེན་པས་བཀག་སྡོམ་མཉེན་ཆས་ཤིག་དྲ་རྒྱའི་ནང་ནང་བཅུག་བྱས་ཏེ་དྲ་རྒྱ་ཁ་ཤས་ཤིག་ཡུལ་དེ་གའི་ནང་ཡོད་པའི་རྒྱ་ཆེའི་མང་ཚོགས་ཚོར་བཀོལ་སྤྱོད་བྱེད་བཅུག་གི་མེད། མཉེན་ཆས་དེ་ག་རང་ཁེ་ལས་དང་སློབ་གྲཱ་དེ་བཞིན་མི་མང་དཔེ་མཛོད་ཁང་སོགས་ཀྱིས་ཁོང་ཚོའི་ལས་བྱེད་དང་སློབ་ཕྲུག་དེ་བཞིན་གཙོ་སྐྱོང་གནང་མཁན་གྱི་གནད་འགག་ཆེ་བའི་གནས་ཚུལ་ཁག་ཧ་གོ་ཆེད་བཀོལ་སྤྱོད་ཀྱིས་གློག་ཀླད་ནང་ནང་བཅུག་བྱས་ཡོད། འདི་ལྟ་བུའི་ཚན་ཚན་གྱི་འཚག་སེལ་འཕྲུལ་ཆས་ངོ་བོ་འདྲ་མིན་སྣ་ཚོགས་ནང་ཡོད། འཚག་སེལ་མཉེན་ཆས་ཁ་ཤས་ཤིག་གི་IP addressཡོད་པའི་དྲ་རྒྱ་དང་ཡིད་རྟེན་མེད་པའི་དྲ་རྒྱ་མིང་ཁག་བཀག་སྡོམ་བྱེད་པ་དང་ཡང་ན་གསང་ཚིག་བྱེ་བྲག་པ་གཅིག་བཀོལ་སྤྱོད་ཀྱིས་བརྡ་ཚིག་མེད་པའི་དྲ་ལམ་ཁག་འཚོལ་ཞིབ་བྱེད་ཀྱི་ཡོད།

ད་ལྟ་འཚག་སེལ་མཉེན་ཆས་ཀྱི་བྱ་ཐབས་ཡོད་མིན་ལ་མ་ལྟོས་པར་ཕྱི་ཕྱོགས་རྒྱལ་ཁབ་ཏུ་ཡོད་པའི་གློག་ཀླད་དྲ་རྒྱ་བརྒྱུད་རྒྱལ་ཁབ་ནང་བཀག་སྡོམ་བྱས་ཡོད་པའི་དྲ་རྒྱ་ཁག་ང་ཚོས་བལྟ་ཀློག་བྱེད་ཐུབ་ཀྱི་ཡོད། བྱ་ཐབས་འདིར་བཀག་སྡོམ་གཡོལ་ཐབས་ཟེར་གྱི་ཡོད་ལ་རོགས་པ་བྱེད་མཁན་གྱི་གློག་ཀླད་དྲ་རྒྱ་དེར་ངོ་ཚབ་ཞེས་བརྗོད་ཀྱི་ཡོད། ངོ་ཚབ་ངོ་སྲུང་དྲ་རྒྱ་དེ་ངོ་བོ་འདྲ་མིན་སྣ་ཚོགས་ནང་ཡོང་གི་ཡོད་དུས་སློབ་ཚན་འདིའི་ནང་དྲ་ཐོག་དང་བཀག་སྡོམ་གཡོལ་ཐབས་ཀྱི་བྱ་ཐབས་བརྒྱུད་དེས་ལས་ཀ་ག་རེ་ག་རེ་བྱེད་ཀྱི་ཡོད་མེད་སྐོར་གླེང་སློང་ཐུང་ཙམ་ཞིག་བྱས་ཡོད་པས་དེར་གཟིགས་རོགས།

བྱ་ཐབས་འདི་གཉིས་ནི་དྲ་ཐོག་འཚག་སེལ་ལས་གཡོལ་ཐབས་ཀྱི་ཐབས་ལམ་ནུས་སྟོབས་ལྡན་པ་ཞིག་ཡིན། ཡིན་ནའང་། དེ་གཉིས་ནང་ནས་གོང་མ་དེ་ཁྱེད་རང་གི་དྲ་ཐོག་ཏུ་ལས་ཀ་བྱས་པ་ཁག་མིས་མ་ཤེས་པའི་ཆེད་བཀོལ་སྤྱོད་བྱས་ན་རན་ཤོས་ཤིག་ཡིན། ཁྱེད་ཀྱིས་དེ་གཉིས་ཀ་བེད་སྤྱོད་བཏང་ན་རེ་རེར་དགེ་མཚན་རེ་ཡོད། གལ་སྲིད་ཁྱེད་ཀྱི་ངོ་ཚབ་དེ་བཀོལ་སྤྱོད་བྱེད་མཁན་ཡིད་ཆེས་ལྡན་པའི་ཚོགས་པ་དང་མི་སྒེར་དེ་འདྲ་ཡོད་པའམ་ཡང་ན་ཁྱེད་ལ་མིང་མེད་དེ་ལག་ལེན་ལས་གལ་ཆེ་བ་ཡོད་ན་ཐབས་ཀྱི་སླུ་ཡག་དེ་དང་ངོ་ཚབ་དེས་ཁྱེད་ལ་དགོས་མཁོ་བསྐྱུན་ཐུབ་ཀྱི་རེད།

རྒྱབ་ལྗོངས་ཀྱི་གནས་ཚུལ།

:Snippet

ཁྱེད་ཀྱིས་སློབ་ཚན་འདི་བརྒྱུད་གང་ཤེས་སམ།

 • ཁྱེད་ཀྱི་རྒྱལ་ཁབ་ནང་བཀག་སྡོམ་བྱས་ཡོད་པའི་དྲ་རྒྱ་ཁག་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་སམ།
 • ཁྱེད་ཀྱི་དྲ་རྒྱ་བཀོལ་སྤྱོད་བྱེད་ས་དེ་ནས་ཇི་ལྟར་སྐྱོབ་ཐབས་བྱེད་དགོས་སམ།
 • ཁྱེད་ཀྱི་ཇི་ལྟར་ཁྱེད་ཀྱིས་བལྟ་ཀློག་བྱས་པའི་དྲ་རྒྱ་ཁག་བལྟ་སྲུང་ཚོགས་པ་དང་ISPགཉིས་ཀྱི་ཤེས་རྟོགས་མ་ཐུབ་པ་བཟོ་དགོས་སམ།

དྲ་རྒྱ་དམ་བསྒྲགས་བྱེད་སྟངས།

རྒྱལ་མཚམས་མེད་པའི་གསར་འགོད་Reporters Without Borders (RSF)དང་གུ་ཡངས་དྲ་རྒྱའི་སྣེ་ཁྲིད་OpenNet Initiative (ONI)ཞེས་པའི་ཚོགས་པ་འདི་གཉིས་ཀྱིས་ཉམས་ཞིབ་བྱས་པར་གཞིགས་ན་རྒྱལ་ཁབ་མང་པོ་ཞེ་པོ་ཞིག་གི་ནང་སྤྱི་ཚོགས་དང་ཆབ་སྲིད། དེ་བཞིན་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་དྲ་ཐོག་ཏུ་དམ་བསྒྲགས་བྱེད་ཀྱི་ཡོད་པ་གསལ་སྟོན་གནང་འདུག དེ་ལྟ་བུའི་འབངས་མི་སེར་གྱི་དྲ་རྒྱ་དམ་བསྒྲགས་བྱེད་མཁན་གྱི་རྒྱལ་ཁབ་དེ་ཚོས་དྲ་རྒྱ་བཀོལ་སྤྱོད་བྱེད་ཡག་ལ་མཐུན་རྐྱེན་བསྐྲུན་མཁན་གྱི་ངོ་ཚབ་དང་བཀག་སྡོམ་ཉེན་གཡོལ་མཉེན་ཆས་ལའང་ཚོད་འཛིན་བྱེད་ཀྱི་ཡོད་པ་བརྗོད་མི་དགོས་པ་ཞིག་ཡིན།

རྒྱལ་སྤྱིའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་དོན་ཚན་བཅུ་དགུའི་ནང་གསལ་ལྟར་ན་མི་སུ་ལའང་དྲ་རྒྱ་བཀོལ་སྤྱོད་བྱེད་ཡག་གི་སྨྲ་བརྗོད་རང་དབང་ཡོད་ཀྱང་རྒྱལ་ཁབ་ཁ་ཤས་ཤིག་ནང་ལོ་ཤས་གོང་ད་དུང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད། དེ་ལྟ་བུའི་དྲ་རྒྱ་འཚག་སེལ་བྱེད་ཡག་དེ་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་ཡོད་པ་ནང་བཞིན་བཀག་སྡོམ་ཉེན་གཡོལ་གྱི་བྱ་ཐབས་དེ་ཡང་དཱང་བླངས་པ་དང་འཆར་འགོད་པ་དེ་བཞིན་ལས་འགུལ་པ་ཚོས་བཀོད་སྒྲིག་རྒྱ་སྐྱེད་བྱས་ཏེ་ཁྱབ་བསྒྲགས་བྱེད་ ཀྱི་ཡོད།

དྲ་རྒྱའི་དམ་བསྒྲགས་དེ་ལས་གཡོལ་ཐབས་ཀྱི་ཐབས་ལམ་མ་འཚལ་གོང་ཁྱེད་ཀྱིས་འཚག་སེལ་གྱི་ལས་ཀའི་རྨང་གཞི་དེ་ངེས་པར་ཤེས་དགོས། དེ་ཤེས་པ་ཡིན་ན་དྲ་ཐོག་བཀོལ་སྤྱོད་བྱེད་ཡག་ལ་ཕན་ཐོགས་ཆེན་པོ་ཐོན་གྱི་ཡོད།

ཁྱེད་ཀྱི་དྲ་ལམ།

ཁྱེད་རང་གི་དྲ་ལམ་ཡོང་ས་དང་པོ་ནི་དྲ་རྒྱ་མཁོ་སྤྲོད་བྱེད་སའི་ཁང་པའམ། ལས་ཁུངས། སློབ་གྲཱ། དཔེ་མཛོད་ཡང་ན་གློག་ཀླད་ཀྱི་རྩེད་རཱ་སོགས་གང་རུང་ཞིག་ཡིན་དགོས། དྲ་རྒྱ་མཁོ་སྤྲོད་བྱེད་མཁན་ISPགྱིས་ཁྱེད་ལ་IPaddressཞེས་པའི་ཁ་བྱང་ཞིག་ངོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད་དེས་ཁྱེད་རང་ངོ་རྟགས་ཆོད་ནས་ཁྱེད་ཀྱི་རེ་སྐུལ་བྱས་པའི་ཨེ་མལ་དང་དྲ་ཤོག་སོགས་གནས་ཚུལ་ཁག་མཁོ་གཏོང་བྱེད་ཀྱི་ཡོད།

ཁྱེད་ཀྱི་IP addressཁ་བྱང་ཡོད་པའི་མི་ཚོས་ཁྱེད་རང་གྲོང་ཁྱེར་ག་པར་བསྡད་ཡོད་མེད་ལམ་སེང་ཤེས་ཀྱི་རེད། ཁྱེད་ཀྱི་རྒྱལ་ཁབ་དང་འབྲེལ་བ་དམ་གཟབ་ཡོད་པའི་ཚོགས་པ་ཚོས་ཁྱེད་རང་ཏག་ཏག་ག་པར་ཡོད་མེད་ཧ་གོ་ཡག་ལ་གནས་ཚུལ་དེ་བེད་སྤྱོད་གཏོང་གི་རེད།

 • གལ་སྲིད་ཁྱེད་ཀྱི་དྲ་ཐོག་འཇུག་བྱེད་ཡོ་ཆས་བེད་སྤྱད་དེ་དྲ་རྒྱ་ནང་ཞུགས་པ་ཡིན་ན་ཁྱེད་ཀྱི་ISPཁ་བྱང་བརྒྱུད་ཁྱེད་རང་ཁང་པ་གའི་ནང་སྡོད་ཀྱི་ཡོད་མེད་དང་ཁ་པར་ག་རེ་བེད་སྤྱོད་གཏོང་གི་ཡོད་མེད་སོགས་འཕྲལ་མ་ཉིད་དུ་ངེས་རྟོགས་ཐུབ་ཀྱི་ཡོད།
 • ཁྱེད་རང་གི་དྲ་རྩེད་ཁང་དང་དཔེ་མཛོད་ཡང་ན་ཚོང་ལས་སོགས་ཀྱིས། དུས་ཚོད་གང་འདྲ་ཞིག་ནང་ཁྱེད་རང་གིས་སྐུད་མེད་དྲ་རྒྱ་དང་གློག་ཀླད་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ཤེས་ཀྱི་རེད།
 • གཞུང་གི་ངོ་ཚབ་ཚོགས་པས་སོ་སོའི་ལས་ཀའི་ངོ་བོ་རྐྱེན་པས་གོང་འཁོད་གནས་ཚུལ་སྐོར་ལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་ཡོད།

གནས་སྟངས་འདིའི་སྐབས་སུ་ཇི་ལྟར་ཁྱེད་དང་འཛམ་གླིང་གང་སར་ཡོད་པའི་མི་བར་དྲ་ཐོག་བརྒྱུད་འབྲེལ་ལམ་བྱེད་ཐུབ་མིན་ནི་སོ་སོའི་རྒྱལ་ཁབ་ནང་དྲ་རྒྱ་བཀོལ་སྤྱོད་ཀྱི་མཐུན་རྐྱེན་ཇི་ལྟར་ཡོད་མིན་ལ་རག་ལུས་ཡོད། དེ་དང་ཕྱོགས་མཚུངས་ཁྱེད་ཀྱིས་ཡུན་རིང་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་དྲ་རྒྱ་དེའི་ISPཁ་བྱང་དེ་རྒྱལ་ཁབ་དེ་རང་ནས་ཡིན་མིན་རྩད་ཞིབ་བྱེད་ཀྱི་རེད། གནད་ལ་འཁེལ་བའི་བྱ་ཐབས་དེ་ཚོའི་སྐོར་ལ་ཞིབ་ཕྲ་ཤེས་ཀྱི་མེད་ཀྱང་ཁྱེད་ཀྱིས་རྨང་གཞིའི་བྱ་ཐབས་དེ་ཚོ་ཤེས་པ་ཡིན་ན་དྲ་ཐོག་འཚག་སེལ་བྱེད་ཡག་དང་མིང་བརྗོད་མི་དགོས་པའི་ཐོག་དྲ་རྒྱ་བེད་སྤྱོད་བྱེད་སྟངས་ཀྱི་བྱ་ཐབས་ཁག་ཤེས་ཀྱི་རེད།

ཇི་ལྟར་དྲ་རྒྱ་ཁག་དམ་བསྒྲགས་བྱེད་ཀྱི་ཡོད་དམ།

ཁྱེད་རང་དྲ་ཐོག་ཏུ་ཞུགས་ནས་དྲ་རྒྱ་བལྟ་སྐབས་དྲ་རྒྱ་མཁོ་སྤྲོད་བྱེད་མཁན་གྱིས་ཁྱེད་ལ་IP addressཁ་བྱང་བརྒྱུད་དྲ་རྒྱའི་ནང་འཛུལ་རྒྱུའི་སྐུལ་མ་བྱེད་ཀྱི་རེད། གལ་སྲིད་ཁྱེད་ལ་འཚག་སེལ་མ་བྱས་པའི་དྲ་ལམ་ཡོད་པ་ཡིན་ན་དེས་བརྟག་ཞིབ་བྱེད་ཀྱི་རེད། ཁྱེད་རང་གལ་སྲིད་དྲ་རྒྱ་དམ་བསྒྲགས་བྱེད་སའི་རྒྱལ་ཁབ་ཞིག་ནང་ཡོད་པ་ཡིན་ན། དེས་བཀོལ་སྤྱོད་བྱེད་མི་ཆོག་པའི་དྲ་རྒྱ་ཁག་གསལ་སྟོན་གྱིས་ཐག་གཅོད་བྱེད་དུ་བཅུག་གི་རེད།

དེའི་སྐོར་གནད་དོན་ཁ་ཤས་ཤིག་གཞུང་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་ལས་དྲ་རྒྱ་མཁོ་སྤྲོད་བྱེད་མཁན་ཚོས་ཐེ་བྱུས་བྱེད་ཐུབ་ཀྱི་མེད། དེའི་ནང་ནས་དམིགས་བསལ་བཀོལ་སྤྱོད་བྱེད་མི་ཆོག་པའི་དྲ་རྒྱ་ཁག་གི་མིང་ (www.blogger.com) མ་གཏོགས་དྲ་རྒྱ་མཁོ་སྤྲོད་བྱེད་མཁན་དེ་སྐོར་བརྗོད་ཀྱི་མེད། རྒྱལ་ཁབ་ཁ་ཤས་ནང་འཚག་སེལ་མཉེན་ཆས་ཀྱིས་ཁྱེད་ཀྱི་དྲ་ལམ་དོ་དམ་བྱེད་པ་མ་གཏོགས་དྲ་རྒྱ་བྱེ་བྲག་པ་གཅིག་ལ་དམ་བསྒྲགས་བྱེད་ཀྱི་མེད།

འདི་ལྟ་བུའི་འཚག་སེལ་མཉེན་ཆས་འདིས་ཁྱེད་ཀྱིས་རེ་འདུན་བྱས་པ་ལྟར་དྲ་ཤོག་ཁག་བལྟ་ཀློག་ཐུབ་པ་མ་ཟད་གནད་འགག་ཆེ་བའི་ཡི་གེ་ཁག་ཇི་ལྟར་བཀོལ་སྤྱོད་བྱེད་མིན་ཐད་ཐག་གཅོད་བྱེད་ཀྱི་ཡོད། ཡིན་ནའང་། དྲ་ཤོག་ཁག་དམ་བསྒྲགས་བྱས་པ་ཡིིན་ན་དེ་ལས་མང་བ་ཉེན་ཁ་འཕྲད་སྲིད་པ་ཞིག་ཡིན་ལ་ཉེན་ཁ་དེ་གང་ནས་འཕྲད་མིན་ང་ཚོས་ཤེས་ཐུབ་ཀྱི་མེད། འཚག་སེལ་མཉེན་ཆས་ཁ་ཤས་ཤིག་གི་ནང་དམ་བསྒྲགས་དྲ་ཤོག་ཞེས་པ་ཞིག་ཡོད་པས་དེས་དྲ་ཤོག་གང་འདྲ་ཞིག་དམ་བསྒྲགས་བྱེད་དགོས་མིན་དང་ཆད་ལྷག་འཕྲིན་ཐུང་གི་ཉེས་སྐྱོན་ག་རེ་ཡོད་པ་ཁག་ངོ་སྤྲོད་བྱེད་ཀྱི་ཡོད།

འཕྲིན་ཐུང་དེ་ཚོ་ཁ་ཕྱེ་མ་ཐུབ་པའི་རྒྱུ་མཚན་ནི་ཁ་བྱང་ནོར་འཁྲུལ་ཤོར་ཡོད་པ་སོགས་གསལ་སྟོན་གྱིས་ར་སྤྲོད་བྱེད་ཀྱི་ཡོད། དེར་བརྟེན། ཁྱེད་ཀྱིས་ཁྱེད་རང་གི་རྒྱལ་ཁབ་ནང་འཚག་སེལ་གྱི་ཚན་ཚན་ཇི་ལྟར་ཡོད་མིན་གྱི་ཉེས་སྐྱོན་མ་འཚལ་བར་དྲ་རྒྱའི་དམ་བསྒྲགས་ཀྱི་ཤུགས་རྐྱེན་ངན་པ་ཁག་ཤེས་རྟོགས་ཀྱིས་ལག་ལེན་བསྟར་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་ཁྱེད་རང་གིས་གཤམ་དུ་འགྲེལ་བརྗོད་བྱས་ཡོད་པའི་ཚོད་དཔག་ཁག་བསམ་གཞིགས་བྱེད་སྲིད་པ་ཞིག་ཡིན།

 • ཁྱེད་རང་གི་དྲ་རྒྱའི་འབྲེལ་མཐུད་གསང་ཚིག་གིས་དོ་དམ་བྱེད་ཀྱི་ཡོད།
 • དྲ་རྒྱ་འཚག་སེལ་བྱེད་ཡག་དེ་ ISPབརྒྱུད་ཁ་ཐུག་ལག་བསྟར་བྱེད་ཀྱི་ཡོད།
 • བཀོལ་སྤྱོད་བྱེད་མི་ཆོག་པའི་དྲ་རྒྱ་ཁག་IP addressesཁ་བྱང་དང་དྲ་རྒྱའི་མིང་domain namesགཉིས་ཀས་གསལ་སྟོན་བྱེད་ཐུན་ཀྱི་ཡོད།
 • བཀོལ་སྤྱོད་བྱེད་མ་ཆོག་པའི་དྲ་རྒྱ་ཁག་རྒྱུ་མཚན་གང་ལ་བརྟེན་བེད་སྤྱོད་གཏོང་མི་ཆོག་པ་གསལ་པོ་བྱས་ནས་འགྲེལ་བརྗོད་བྱེད་ཀྱི་མེད།

གང་ཡིན་ཞེ་ན། དམ་བསྒྲགས་ཉེན་གཡོལ་མཉེན་ཆས་འདི་འཚག་སེལ་གྱི་བྱ་ཐབས་ཇི་ལྟར་སྤྱད་མིན་ལ་མ་ལྟོས་པར་དེ་བེད་སྤྱད་བྱས་པ་ཡིན་ན་འ་ཆད་འུ་ཐུག་གིས་ཚོད་དཔག་བྱས་པ་ནང་བཞིན་གནོད་སྐྱོན་གང་ཡང་ཡོང་གི་མེད།

:Snippet

དམ་བསྒྲགས་ཉེན་གཡོལ་བྱེད་སྟངས།

གལ་སྲིད་གོང་དུ་འགྲེལ་བརྗོད་ཞུས་པའི་ཐབས་ལམ་དེ་ཚོས་ཁྱེད་ལ་འགོག་རྐྱེན་བཟོས་ཏེ་དྲ་རྒྱ་ཁག་བལྟ་ཀློག་བྱེད་མ་བཅུག་པ་ཡིན་ན་འགལ་རྐྱེན་དེ་ནས་ཁྱེད་ཀྱིས་ཐབས་ལམ་ཞིག་ངེས་པར་འཚོལ་དགོས། ཁྱེད་རང་གི་རྒྱལ་ཁབ་ཏུ་ཡོད་པའི་ཉེན་མེད་ངོ་ཚབ་དྲ་རྒྱས་དྲ་རྒྱ་འཚག་སེལ་བྱེད་མ་ཐུབ་པ་མ་ཟད་དེ་ལས་ཟློག་ཏེ་ལམ་ནོར་དུ་ཁྲིད་དེ་ཁྱེད་ཀྱིས་རེ་སྐུལ་བྱས་པའི་དྲ་ཤོག་ཁག་ཁོང་ཚོས་ཁྱེད་ལ་མཁོ་སྤྲོད་བྱེད་ཀྱི་ཡོད། ཁྱེད་ཀྱི་དྲ་རྒྱ་མཁོ་སྤྲོད་བྱེད་མཁན་ISP'sཐོག་ནས་བསམ་བློ་བཏང་བ་ཡིན་ན་ཁྱེད་རང་གིས་རྒྱུས་མངའ་མེད་པའི་དྲ་ཐོག་ཏུ་ཡོད་པའི་ངོ་ཚབ་ཁག་དང་ཁྱེད་རང་འབྲེལ་མོལ་བྱེད་ཀྱི་ཡོད་པ་མངོན་གྱི་རེད།

ཡིན་དང་ཡིན། དྲ་རྒྱའི་དམ་བསྒྲགས་ཐད་སྟངས་འཛིན་བྱེད་མཁན་གྱི་གཞུང་གི་ཚོགས་པ་ཁག་གི་རྒྱུས་མངའ་མེད་པའི་གློག་ཀླད་དེ་དངོས་གནས་ངོ་ཚབ་ཉེན་གཡོལ་མཉེན་ཆས་ཤིག་ཡིན་པ་བརྟག་ཞིབ་བྱེད་ཀྱི་རེད། གལ་སྲིད་བྱུང་བ་ཡིན་ན་དྲ་རྒྱ་མཁོ་སྤྲོད་བྱེད་མཁན་གྱི་ཁ་བྱང་དེ་བཀོལ་སྤྱོད་བྱེད་མ་ཆོག་པ་བཟོ་གི་རེད། དྲ་རྒྱའི་ངོ་ཚབ་དེ་དམ་བསྒྲགས་བྱེད་ཡག་ལ་དུས་ཡུན་མང་པོ་འགོར་གྱི་ཡོད་དུས་ཉེན་གཡོལ་བྱ་ཐབས་དེ་བཟོ་མཁན་དང་ཁ་སྐོང་བྱེད་མཁན་ཚོས་ཉེན་ཁ་དེ་མཐོང་མཐོང་པ་ཞིག་ཡིན། དེར་བརྟེན། ཁོང་ཚོས་གཤམ་གྱི་བྱ་ཐབས་ཤིག་གམ་ཡང་ན་གཉིས་ཀ་བེད་སྤྱོད་གཏོང་གི་ཡོད།

 • མངོན་མི་ཐུབ་པའི་ངོ་ཚབ་དེ་ཚོ་ངོ་རྟགས་ཆོད་ཡག་ལ་དཀའ་ལས་ཁག་པོ་ཡོད། རྒྱུ་མཚན་དེར་བརྟེན་མངོན་གསལ་ཅན་གྱི་ཉེན་མེད་ངོ་ཚབ་བཀོལ་སྤྱོད་བྱེད་ཡག་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཡོད། བརྡ་ཚིག་འཕོ་འགྱུར་གཏོང་ཡག་དེ་ཐབས་ལམ་ཞིག་ཡིན་ཡང་ངོ་ཚབ་བཀོལ་སྤྱོད་བྱེད་མཁན་དེ་ཁོང་ཚོས་སྦེད་སྐུང་བྱེད་དགོས་ཀྱི་ཡོད་ན་བེད་སྤྱོད་གསར་པ་གཏོང་མཁན་དེའི་ས་བབས་གསལ་སྟོན་བྱེད་ཡག་ལ་ངེས་པར་གཟབ་གཟབ་བྱེད་དགོས།

 • འཕངས་ནུས་པའི་ངོ་ཚབ་དེ་ཚོ་དམ་བསྒྲགས་བྱས་རྗེས་ལམ་སེང་དེ་བརྗེ་པོ་བརྒྱབ་ཐུབ་པ་དགོས། ཡིན་ནའང་། དེ་བེད་སྤྱོད་གཏོང་མཁན་ཚོར་ཇི་ལྟར་བརྗེ་ལེན་གྱི་ངོ་ཚབ་ཚོར་ཡིད་ཆེས་བློས་འཁེལ་བྱེད་རྒྱུ་མེད་པ་དེ་ངོ་སྤྲོད་ཡག་པོ་བྱེད་དགོས། ཉེན་གཡོལ་བྱ་ཐབས་འདི་ལྟ་བུས་དམ་བསྒྲགས་དེ་ལས་མགྱོགས་པ་བྱེད་ཡག་གི་ངོ་ཚབ་གསར་པ་དེ་འདྲ་བགོ་འགྲེམས་བྱེད་སྲིད་པ་ཞིག་ཡིན་པས་ངེས་པར་དོ་སྣང་ཡག་པོ་སྤྲོད་དགོས།

མཐའ་དོན་ཁྱེད་རང་གིས་ཡིད་ཆེས་འཕེར་བའི་ངོ་ཚབ་ཞིག་གིས་ཞབས་ཞུ་དགོས་ཀྱི་ཡོད་ན་དེར་ཁྱེད་རང་གི་རེ་སྐུལ་དེ་བཏང་བ་དང་སྦྲགས་དྲ་རྒྱ་བཀོལ་སྤྱོད་བྱས་པ་དེ་ནས་ཐོབ་པའི་གནད་དོན་ལ་བལྟ་ཞིབ་བྱེད་དགོས། བྱ་ཐབས་འདི་ཞིབ་ཕྲ་ཁྱེད་རང་གི་གློག་ཀླད་དུ་ནང་འཇུག་བྱས་ཡོད་པའི་ཉེན་གཡོལ་མཉེན་ཆས་བརྒྱུད་དྲ་རྒྱ་ཕབ་ལེན་དང་དྲ་སྟེང་ངོ་ཚབ་ཤོག་ལྷེར་བཟོ་བཀོད་བྱས་ཏེ་རང་འགུལ་ངང་ལག་བསྟར་བཀོལ་སྤྱོད་བྱེད་ཀྱི་ཡོད། ཐབས་ལམ་གཅིག་ནི་གཤམ་དུ་འགྲེལ་བརྗོད་ཞུས་ཡོད་པའི་མིང་མེད་དྲ་རྒྱ་Torཡིན་པས་རྨང་གཞིའི་ཉེན་གཡོལ་གྱི་བྱ་ཐབས་ཤིག་ཡིན་པ་མ་ཟད་དེ་ཚོ་རེ་རེས་ལས་དོན་མི་འདྲ་བ་རེ་རེ་བྱེད་ཀྱི་ཡོད།

མིང་མེད་དྲ་རྒྱ་དང་གཞི་རྩའི་ངོ་ཚབ་དྲ་རྒྱ།

མིང་མེད་དྲ་རྒྱ།

མིང་མེད་དྲ་རྒྱས་ཁྱེད་རང་གི་དྲ་ལམ་དང་དེའི་ངོ་ཚབ་འདྲ་མིན་བར་ཟོག་རྫུ་བྱས་ཏེ་ཁྱེད་རང་ལ་དྲ་རྒྱ་ག་རེ་འོང་གི་ཡོད་པ་དང་ག་རེ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་སོགས་ཚོད་འཛིན་གྱིས་བལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པར་བརྟེན་དྲ་རྒྱ་ཁག་གི་མྱུར་ཚད་དང་ཞབས་ཞུ་ལ་དོ་ཕོག་ཆེན་པོ་འགྲོ་གི་ཡོད། Torལ་ཆ་བཞག་ན་མང་ཚོགས་ཀྱིས་བཀོལ་སྤྱོད་བྱེད་ཐུབ་པའི་ཚད་ཐུབ་ཉེན་མེད་ཀྱི་ཉེན་གཡོལ་བྱ་ཐབས་མཐུན་རྐྱེན་སྦྱོར་བ་ཙམ་མ་ཟད་དེས་ཁྱེད་རང་གིས་ཡིད་ཆེས་ཡོད་པའི་མིས་ཁྱེད་རང་གི་ངོ་ཚབ་དང་དྲ་རྒྱ་ཁག་ལ་གནོད་སྐྱོན་གཏོང་མི་ཐུབ་པའི་ཉེན་སྲུང་བྱེད་ཀྱི་ཡོད། དུས་རྒྱུན་ཁྱེད་རང་གིས་དྲ་ཐོག་བརྒྱུད་གནད་འགག་ཆེ་བའི་གནས་ཚུལ་ཏེ་གསང་ཡིག་དང་ཨེ་མལ་སོགས་མིར་མ་བཤད་གོང་བརྡ་ཚིག་ཡོད་པའི་དྲ་རྒྱ་སྟེ་HTTPSབཀོལ་སྤྱོད་བྱས་ཏེ་དྲ་ཐོག་ཏུ་ཞུགས་དགོས་པ་ཤེས་དགོས།

ཁྱེད་རང་གིས་ངེས་པར་Torབེད་སྤྱོད་བྱེད་ཐུབ་མཁན་གྱི་མཉེན་ཆས་ཤིག་གློག་ཀླད་ནང་ནང་འཇུག་བྱེད་དགོས། ཡིན་ནའང་། བྱ་ཐབས་དེ་ཁོ་ན་མ་གཏོགས་མཉེན་ཆས་དེས་མིང་མེད་དང་ཉེན་གཡོལ་བྱེད་ཐུབ་ཀྱི་མེད། ཁྱེད་རང་གིས་Torདྲ་རྒྱ་མཐུད་འབྲེལ་བྱེད་དུས་དྲ་རྒྱ་དེའི་ངོ་ཚབ་གསུམ་གྱི་ངེས་མེད་ལམ་འདེམ་སྒུག་བྱས་ཏེ་བཀོལ་སྤྱོད་བྱེད་དགོས། འདིས་ག་རེ་གསལ་སྟོན་བྱེད་ཐུབ་ཡོད་དམ་ཞེ་ན། ཁྱེད་རང་གི་གློག་ཀླད་ཀྱི་IPaddressདང་ཁྱེད་ཀྱིས་རེ་སྐུལ་བྱས་པའི་དྲ་རྒྱའི་ཞབས་ཞུའི་ས་བབས་སོགས་ISPཡང་ན་དེ་མིན་དེའི་ངོ་ཚབ་ཀྱིས་ཤེས་རྟོགས་ཐུབ་ཀྱི་མེད། དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ཡོད་ན་ཁྱེད་རང་གིས་Torལམ་སྟོན་ཤེས་བྱར་གཟིགས་ན་མཁྱེན་ངེས་ཤིག་ཡིན།

Hands-on: Get started with the Tor - Digital Anonymity and Circumvention Guide

Torགྱི་ནུས་པ་ནི་དྲ་རྒྱ་དང་མཉམ་དུ་ལས་ཀ་བྱས་པ་ཙམ་མ་ཡིན་པར་དེ་དྲ་རྒྱའི་མཉེན་ཆས་མང་པོ་དང་མཉམ་དུ་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད། དེ་ཡང་ཨེ་མལ་བཀོལ་སྤྱོད་བྱེད་སའི་མཉེན་ཆས་འདྲ་མིན་ཏེ་MozillaThunderbirdདང་Pidgin སོགས་Torགྱིས་འཚག་སེལ་ལམ་དེ་མིན་ན་དྲ་རྒྱའི་ཞབས་ཞུ་ཁག་སྦེད་སྐུང་དོ་དམ་གྱིས་བཀོལ་སྤྱོད་བྱེད་བཅུག་གི་ཡོད།

གཞི་རྩའི་ཉེན་གཡོལ་གྱི་ངོ་སྲུང་ངོ་ཚབ་དྲ་རྒྱ་སྐོར།

ཁྱེད་རང་གིས་ཉེན་གཡོལ་ངོ་ཚབ་འདེམ་སྒྲུག་བྱེད་དུས་ཤེས་དགོས་པའི་གལ་ཆེའི་གནས་ཚུལ་གསུམ་ཡོད། དང་པོ། དེ་དྲ་ཐོག་བྱ་ཐབས་ཤིག་ཡིན་མིན་དང་ཡང་ན་ཕབ་ལེན་བྱས་པ་དེ་བརྗེ་པོ་བརྒྱབ་ཏེ་གློག་ཀླད་ནང་ནང་འཇུག་བྱེད་དགོས་མིན་དེ་ཤེས་དགོས། གཉིས་པ། དེ་བཙན་པ་ཡོད་དམ། གསུམ་པ། དེ་མི་སྒེར་རམ་མི་མང་གི་རེད་དམ་ཞེས་པའི་དོན་ཚན་འདི་གསུམ་ཤེས་དགོས།

དྲ་ཐོག་དང་དྲ་ཐོག་མིན་པའི་ངོ་སྲུང་ངོ་ཚབ་དྲ་རྒྱ།

དྲ་ཐོག་གི་ངོ་ཚབ་བེད་སྤྱོད་གཏོང་ཡག་སྟབས་བདེ་ཤོས་ཤིག་ཡིན། ཁྱེད་རང་གིས་དྲ་རྒྱ་དེས་ངོ་ཚབ་དྲ་ཤོག་ཐོག་བསྣུན་ཏེ་ཁྱེད་རང་གིས་བལྟ་ཉིད་འདོད་པའི་འཚག་སེལ་ཁ་བྱང་བླུག་པ་དང་སྦྲགས་དེར་ཐེངས་ཤིག་གནན་དགོས། དེ་རྗེས་ངོ་ཚབ་དེས་ཁོ་རང་གི་དྲ་ཤོག་ཐོག་ཁྱེད་རང་གིས་རེ་སྐུལ་བྱས་པའི་གནད་དོན་ཁག་བཀོད་ཤོམ་བྱེད་ཀྱི་རེད། གལ་སྲིད་ཁྱེད་རང་དྲ་ཤོག་གཞན་པ་ཞིག་བལྟ་འདོད་ན་འཆར་ཅན་འབྲེལ་ཐག་དེའི་རྗེས་སུ་འབྲངས་ཏེ་ངོ་ཚབ་དེའི་ནང་ཁ་བྱང་གསར་པ་ཞིག་བླུག་ཏེ་བཀོལ་སྤྱོད་བྱས་པ་ཡིན་ན་དྲ་ཤོག་དེ་བལྟ་ཀློག་བྱེད་ཐུབ་ཀྱི་ཡོད། དེའི་ཆེད་དུ་ཁྱེད་ཀྱིས་མཉེན་ཆས་དེ་འདྲ་ནང་འཇུག་བྱེད་དགོས་མེད་ལ་དྲ་རྒྱ་དེ་བསྐྱར་དུ་སྒྲིག་སྦྱོར་བྱེད་དགོས་མེད། དེར་བརྟེན། དྲ་ཐོག་ངོ་ཚབ་ཞེས་པ་འདི་ནི།

 • བེད་སྤྱོད་བྱེད་ཡག་སྟབས་བདེ་པོ།
 • དྲ་ཐོག་རྩེད་ཁང་སོགས་ནས་མི་མང་ལ་སྙོབ་ཐུབ་ཀྱི་ཡོད་ཀྱང་། གློག་ཀླད་ནང་ནང་འཇུག་དང་སྒྲིག་སྦྱོར་བྱེད་ཐུབ་ཀྱི་མེད།
 • གློག་ཀླད་ནང་ཉེན་གཡོལ་མཉེན་ཆས་ཡོད་པ་ཡིན་ན་ཕན་ནུས་ལྡན་པའི་ཉེན་སྲུང་བྱེད་ཐུབ་པ་མ་ཟད་ཕྱི་དགྲ་འཇུ་བཟུང་བྱེད་ཐུབ་ཀྱི་ཡོད།

དྲ་ཐོག་ངོ་ཚབ་ལ་ཡང་སྐྱོན་ཆ་ཁ་ཤས་ཤིག་ཡོད། དེ་ཡང་སྒྲ་སྐུལ་དང་གཟུགས་མཐོང་བརྙན་པར་གྱི་རྒྱུན་ཡོད་པའི་ཁྱད་ཆོས་དང་། རྙོག་འཛིང་ཆེ་བའི་དྲ་རྒྱ་ཁག་ཕབ་ལེན་བྱེད་ཐུབ་ཀྱི་མེད་ལ་དྲ་རྒྱ་ཁག་ཀྱང་དུས་རྟག་ཏུ་བལྟ་ཀློག་བྱེད་ཐུབ་ཀྱི་མེད། ངོ་ཚབ་དེ་བེད་སྤྱོད་བྱེད་མཁན་ག་ཚོད་ཀྱིས་མང་བ་ཡོད་པ་ཙམ་གྱིས་དེ་སྲིད་དུ་མྱུར་ཚད་འགོར་བ་ཡོད། ཡིན་ནའང་། འདི་ཚོ་མང་ཆེ་བ་མང་ཚོགས་ཀྱིས་བཀོལ་སྤྱོད་བྱེད་སའི་ངོ་ཚབ་ཁག་ནང་ཡོང་གི་ཡོད། དྲ་ཐོག་གི་ངོ་ཚབ་ནི་དྲ་ཤོག་ཐོག་མ་གཏོགས་བཀོལ་སྤྱོད་བྱེད་ཐུབ་ཀྱི་མེད། དཔེར་ན། ཁྱེད་རང་གིས་སྤྱི་ཚོགས་དྲ་རྒྱ་དང་ཡང་ན་ཨེ་མལ་མཁོ་སྤྲོད་བྱེད་མཁན་ཚོ་བརྒྱུད་དྲ་ཐོག་ངོ་ཚབ་བེད་སྤྱད་དེ་དྲ་རྒྱ་ཁག་བཀག་སྡོམ་བྱེད་ཐུབ་ཀྱི་མེད། མཐའ་དོན་ཉེན་མེད་དྲ་ཐོག་ངོ་ཚབ་ཀྱིས་གསང་རྒྱ་ངེས་ཅན་ཞིག་དང་ལེན་བྱེད་ཀྱི་ཡོད་ཀྱང་། དེ་དག་གིས་ཁྱེད་རང་གིས་བལྟ་ཀློག་བྱས་ཚར་བའི་དྲ་རྒྱ་ཁག་གི་གནས་ཚུལ་ཁག་ཕྱིར་ལོག་གིས་བཀོལ་སྤྱོད་བྱེད་ཀྱི་རེད། གལ་སྲིད་ཁྱེད་ཀྱིས་དྲ་ཐག་དེ་ངོ་ཚབ་བེད་སྤྱོད་མ་བཏང་བར་ཁ་ཕྱེ་ཐུབ་པ་མ་ཟད་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་ན་དགེ་མཚན་ཆེན་པོ་ལྡན་ཡོད་ཀྱང་དེ་གྲུབ་ཡག་དཀའ་ལས་ཁག་པོ་ཡིན། འདིའི་སྐོར་ལ་ཞིབ་ཕྲ་གཤམ་དུ་འགྲེལ་བརྗོད་ཞུས་ཡོད་པས་དེར་གཟིགས་རོགས།

ངོ་ཚབ་གཞན་པ་དེ་ཁྱེད་རང་གིས་ནང་འཇུག་གམ་ཡང་ན་ཁྱེད་ཀྱིས་ཕྱི་རོལ་གྱི་ངོ་ཚབ་ཞིག་གི་ཁ་བྱང་དང་དྲ་རྒྱའམ་དྲ་ལམ་དུ་བཀོལ་སྤྱོད་བྱེད་དགོས། གོང་འཁོད་གནད་དོན་དང་པོ་དེར་ཆ་བཞག་ན་ཁྱེད་ཀྱི་ཉེན་གཡོལ་མཉེན་ཆས་དེས་དྲ་རྒྱ་གློད་གཏོང་གིས་ངོ་ཚབ་དེ་བཀོལ་སྤྱོད་བྱེད་དགོས་མིན་སྟངས་འཛིན་བྱེད་ཀྱི་རེད། གོང་དུ་འགྲེལ་བརྗོད་ཞུས་པ་ལྟར་གལ་སྲིད་དྲ་རྒྱ་གཅིག་བཀག་སྡོམ་བྱས་པ་ཡིན་ན་ཉེན་གཡོལ་མཉེན་ཆས་འདིས་ངོ་ཚབ་དེ་རང་འགུལ་ངང་བཀོལ་སྤྱོད་ཀྱིས་འཕོ་འགྱུར་བྱེད་དུ་བཅུག་གི་རེད། གལ་སྲིད་ཁྱེད་ཀྱི་ཕྱི་རོལ་གྱི་ངོ་ཚབ་དེ་དྲ་རྒྱའི་ནང་བཀོལ་སྤྱོད་བྱེད་དགོས་ན་ཁྱེད་ཀྱིས་ངེས་པར་ངོ་ཚབ་ཀྱི་ཁ་བྱང་ལེགས་པོ་ཞིག་འཚོལ་རྙེད་བྱས་ཏེ་བཀོལ་སྤྱོད་བྱེད་པ་ལས་བཀག་སྡོམ་བྱས་པའི་བཀོལ་སྤྱོད་བྱེད་མ་ཐུབ་པའི་ངོ་ཚབ་དེ་བེད་སྤྱོད་གཏོང་རྒྱུ་མེད།

དྲ་ཐོག་ངོ་ཚབ་མཉེན་ཆས་དེ་བེད་སྤྱོད་གཏོང་ཡག་ལ་དཀའ་ལས་ཁག་པོ་ཡོད་ཀྱང་ཉེན་གཡོལ་བྱ་ཐབས་འདིས་དཀའ་རྙོག་ཆེ་བའི་དྲ་ཤོག་ཁག་ཏག་ཏག་བཀོད་ཤོམ་བྱེད་ཐུབ་པ་མ་ཟད་མི་མང་པོས་བཀོལ་སྤྱོད་བྱེད་མིན་ལ་མ་ལྟོས་པར་དེ་རྒྱུན་རིང་མྱུར་ཚད་འགོར་པོ་ཆགས་ཀྱི་མེད། དེ་ཙམ་མ་ཟད་ངོ་ཚབ་དྲ་རྒྱ་དེ་བཞིན་བཀོལ་སྤྱོད་མང་པོ་བྱེད་སའི་དྲ་ཐོག་འདྲ་མིན་ནང་རེག་རྒྱུ་ཡོད། དཔེར་ན། དྲ་ཐོག་དྲ་རྒྱར་ (HTTP) ངོ་ཚབ་དང་ཨེ་མལ་དང་བབ་ཅོལ་བཤད་སའི་དྲ་རྒྱར་ (SOCKS) ངོ་ཚབ་དེ་བཞིན་དྲ་ལམ་འཚག་སེལ་སྔོན་འགོག་བྱེད་ཡག་ལ་བློ་སྒོ་གསར་པ་ཕྱེ་མཁན་ (VPN) ངོ་ཚབ་སོགས་ངོ་ཚབ་དྲ་རྒྱ་འདྲ་མིན་ཡོད།

བཙན་པོ་ཡོད་མེད་གཉིས་ཀྱི་ངོ་སྲུང་ངོ་ཚབ་དྲ་རྒྱ།

སློབ་ཚན་འདིའི་ནང་ཡོད་པའི་བཙན་ཡོད་ངོ་ཚབ་ནི་གང་ཞིག་བེད་སྤྱོད་གཏོང་མཁན་གྱིས་བརྡ་ཚིག་བརྒྱབ་ཡོད་པའི་དྲ་ལམ་ཁག་ལ་རོགས་སྐྱོར་བྱེད་མཁན་ཞིག་ལ་ཟེར། བཙན་པ་མེད་པའི་ངོ་ཚབ་ནི་དྲ་རྒྱ་འཚག་སེལ་མང་པོ་བྱེད་མཁན་ཞིག་ཡིན་པ་མ་ཟད་ཁྱེད་རང་གི་དྲ་ལམ་དེ་དྲ་རྒྱ་བྱེ་བྲག་པ་ཞིག་གི་ཁ་བྱང་ངམ་བརྡ་ཚིག་ཞིག་གིས་འཚག་སེལ་བྱེད་ཀྱི་ཡོད། དེར་བརྟེན། དུས་རྒྱུན་བརྡ་ཚིག་བརྒྱབ་ཡོད་པའི་དྲ་རྒྱ་དང་དྲ་རྒྱའི་ཁ་བྱང་དེ་བཞིན་དྲ་ཐོག་དངུལ་ཁང་དྲ་རྒྱ་སོགས་ལ་བཀོལ་སྤྱོད་བྱེད་དུས་ཁྱེད་ཀྱིས་བཙན་པོ་མེད་པའི་ངོ་ཚབ་དེ་བེད་སྤྱོད་མ་བཏང་བ་ཡིན་ན་དགེ་མཚན་ཆེ་བ་ཡོད། གལ་སྲིད་དེ་ལག་ལེན་བསྟར་བ་ཡིན་ན་སྦེད་སྐུང་བྱས་ཡོད་པའི་གནད་འགག་ཆེ་བའི་གནས་ཚུལ་ཁག་གསང་སྒྲོག་བྱེད་ཀྱི་རེད། གོང་དུ་འགྲེལ་བརྗོད་ཞུས་པ་ལྟར་བཙན་པོ་མེད་པའི་ངོ་ཚབ་དེ་དྲ་རྒྱ་འཚག་སེལ་བྱེད་ཡག་གི་མཉེན་ཆས་ཁ་སྐོང་གིས་བཀག་སྡོམ་བྱེད་མཁན་ལ་སྟབས་བདེ་པོ་ཆགས་ཀྱི་ཡོད། མཐའ་དོན་རིན་མེད་མྱུར་པོ་དང་བཙན་པོ་ཡོད་པའི་ངོ་ཚབ་དེས་ག་རེ་མཚོན་ནམ་ཞེ་ན། བཙན་པོ་མེད་པའི་ངོ་ཚབ་ཁག་ཞི་ལྷིངས་ཡོང་ཡག་ལ་རྒྱུ་མཚན་ཁ་ཤས་ཤིག་གསལ་སྟོན་བྱས་ཡོད་པ་ངེས་ཤེས་སྐྱེ་བཅུག་ཡོད།

གལ་སྲིད་ཁྱེད་ཀྱིས་HTTPSཁ་བྱང་བརྒྱུད་ངོ་ཚབ་ཀྱི་དྲ་ཤོག་དེ་བཀོལ་སྤྱོད་བཏང་བ་ཡིན་ན་ཁྱེད་ཀྱིས་དྲ་ཐོག་ངོ་ཚབ་བཙན་སྲུང་བྱེད་ཐུབ་ཀྱི་ཡོད། དྲ་ཐོག་མལ་ནི་དྲ་ལམ་བཙན་པོ་ཡོད་མེད་གཉིས་ཀས་རམ་འདེགས་བྱེད་ཀྱི་ཡོད་དུས་ག་རེ་བེད་སྤྱོད་བཏང་ཀྱང་གཏོང་ཆོག་གི་ཡོད། ཡིན་ནའང་། གལ་སྲིད་ཁྱེད་ཀྱིས་བཙན་སྲུང་ཡོད་པའི་ཁ་བྱང་དེ་བེད་སྤྱོད་བཏང་བ་ཡིན་ན་ཉེན་ཁ་ཆུང་བ་ཡོད། གནས་ཚུལ་དེ་ལྟ་བུ་རྒྱུན་འཁྱོངས་བྱེད་ཡག་ལ་ཁྱེད་རང་ལ་དྲ་ཐོག་ནས་ཉེན་སྲུང་ཉེན་བརྡ་གཏོང་དགོས་པ་ཆགས་ཀྱི་རེད། དེ་ཡང་གཤམ་དུ་འགྲེལ་བརྗོད་ཞུས་ཡོད་པའི་ངོ་ཚབ་Psiphon2དང་Peacefireཀྱིས་ཉེན་བརྡ་གཏོང་གི་ཡོད། ཉེན་བརྡ་འདི་ལྟ་བུས་ཁྱེད་ལ་ག་རེ་གསལ་བཤད་བྱེད་ཀྱི་ཡོད་དམ་ཞེ་ན་མི་གཞན་གྱིས་ངོ་ཚབ་བེད་སྤྱད་དེ་ཁྱེད་ཀྱི་དྲ་རྒྱར་ཡང་ན་དྲ་རྒྱ་མཁོ་སྤྲོད་བྱེད་མཁན་ནམ་གློག་ཀླད་མཁས་པས་དོ་དམ་བྱེད་ཀྱི་ཡོད་པ་ངོ་སྤྲོད་བྱེད་ཀྱི་ཡོད། ཉེན་བརྡ་དེ་ཚོ་ཡོད་མིན་ལ་མ་ལྟོས་པར་ཁྱེད་ཀྱིས་གང་ཐུབ་ཉེན་མེད་ངོ་ཚབ་བེད་སྤྱོད་བཏང་ན་བཟང་བ་ཡོད། ཁྱེད་ཀྱིས་ངོ་ཚབ་དེ་ཚོ་བརྒྱུད་ཉེན་གཡོལ་གྱི་བྱ་ཐབས་སྤྱད་དེ་བཙན་སྲུང་དྲ་རྒྱ་བལྟ་ཀློག་བྱེད་ཀྱི་ཡོད་ན་ངོ་ཚབ་དེའི་SSLགྱི་མཛུབ་མཐེལ་མེད་པར་གནད་འགག་ཆེ་བའི་གནས་ཚུལ་དང་གསང་ཡིག་ཁག་མིར་བཤད་རྒྱུ་མེད། གལ་སྲིད་ཁྱེད་ཀྱིས་བྱ་ཐབས་དེ་བཀོལ་སྤྱོད་མ་བྱེད་རང་བྱེད་ཐུག་གི་ཡོད་ན་ངོ་ཚབ་སྟངས་འཛིན་བྱེད་མཁན་དེར་འབྲེལ་བ་བྱེད་དགོས།

དྲ་ཐོག་ངོ་ཚབ་སྟངས་འཛིན་བྱེད་མཁན་དེར་ཡིད་ཆེས་ཡོད་ན་མ་གཏོགས་ཁྱེད་ཀྱིས་གནད་འགག་ཆེ་བའི་གནས་ཚུལ་ཁག་དྲ་ཐོག་ཏུ་བཀོལ་སྤྱོད་དང་མཁོ་གཏོང་བྱེད་རྒྱུ་མེད། ཁྱེད་ལ་ངོ་ཚབ་དྲ་རྒྱ་དེའི་ཉེན་བརྡ་ཡོད་མིན་ལ་མ་ལྟོས་པར་འདི་ལག་བསྟར་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ཡིན། གལ་སྲིད་དེ་བཀོལ་སྤྱོད་བྱེད་དགོས་ན་ཁྱེད་ཀྱི་དྲ་རྒྱར་ངོ་ཚབ་སྟངས་འཛིན་གྱིས་ཉེན་བརྡ་མ་བཏང་གོང་ཞབས་ཞུ་སྒྲུབ་མཁན་དེའི་མཛུབ་ཐེལ་ངོ་རྟགས་ཆོད་དེ་བཀོལ་སྤྱོད་གཏོང་དགོས་པ་ཆགས་ཀྱི་ཡོད། ཁྱེད་ཀྱིས་གལ་སྲིད་ངོ་ཚབ་གཅིག་ཁོ་ནར་བརྟེན་ཉེན་གཡོལ་བྱེད་ཀྱི་ཡོད་ན་དེ་སྟངས་འཛིན་བྱེད་མཁན་དེས་ཁྱེད་ཀྱི་IP addressཁ་བྱང་བརྒྱུད་དྲ་རྒྱ་ག་རེ་ཁྱེད་ཀྱིས་བལྟ་ཀློག་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཐུབ་ཀྱི་ཡོད། དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ལ་གལ་སྲིད་ངོ་ཚབ་དེ་དྲ་ཐོག་ཏུ་ཡོད་པ་ཡིན་ན་ཉེན་ཚབས་ཆེ་བའི་དྲ་རྒྱ་སྟངས་འཛིན་བྱེད་མཁན་ཚོས་ཁྱེད་ཀྱི་གསང་ཡིག་དང་དྲ་ཐོག་འཕྲིན་ཐུང་དེ་བཞིན་གནད་འགག་ཆེ་བའི་གནས་ཚུལ་ཁག་ཤེས་རྟོགས་ཐུབ་ཀྱི་ཡོད་པས་ངེས་པར་གཟབ་གཟབ་བྱེད་དགོས།

ངོ་ཚབ་དེ་དྲ་ཐོག་མིན་པ་ཡིན་ན་དེར་ཁྱེད་ཀྱིས་དྲ་རྒྱ་འབྲེལ་མཐུད་བྱེད་ཐུབ་ཀྱི་ཡོད་མེད་ངེས་པར་བསམ་གཞིགས་བྱེད་དགོས། ཡིན་ནའང་སློབ་ཚན་འདིའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་ངོ་ཚབ་ཁག་དང་མིང་མེད་དྲ་རྒྱ་ཁག་བཙན་པོ་ཡོད་པས་ཁྱེད་སེམས་ཁྲལ་བྱེད་དགོས་དོན་མེད།

སྒེར་གཉེར་དང་སྤྱི་སྤྱོད་ངོ་སྲུང་ངོ་ཚབ་དྲ་རྒྱ།

སྤྱི་སྤྱོད་ངོ་སྲུང་ངོ་ཚབ་ཀྱིས་དྲ་ལམ་ཁག་ཚང་མ་ངོས་ལེན་བྱེད་ཀྱི་ཡོད། ཡིན་ནའང་། སྒེར་གཉེར་ངོ་ཚབ་ལ་བེད་སྤྱོད་གཏོང་མཁན་གྱི་མིང་དང་གསང་ཡིག་དགོས་ཀྱི་ཡོད། དེ་ཡང་སྤྱི་སྤྱོད་ངོ་ཚབ་ལ་ཁེ་ཕན་མངོན་གསལ་དོད་པོ་ཡོད་པ་ནི་དེ་འབེལ་པོ་ངང་ཐོབ་པ་མ་ཟད་མགྱོགས་པོ་མི་ཚོགས་ཀྱིས་ཁེངས་ཀྱི་ཡོད། སྤྱི་སྤྱོད་ངོ་ཚབ་དེ་སྒེར་གཉེར་དང་འདྲ་བ་རྙོག་འཛིང་ཆེ་ལ་བདག་སྲུང་ཡོད་མཁན་ཞིག་ཡིན། ཡིན་ནའང་དེ་དུས་རྒྱུན་ལས་ཏོག་ཙམ་འགོར་བ་ཡོད། མཐའ་དོན་སྒེར་གཉེར་ངོ་ཚབ་ནི་ཚོང་ལས་ཁེ་ཕན་ཆེད་དམ་ཡང་ན་སྟངས་འཛིན་བྱེད་མཁན་དེས་སོ་སོའི་ངོ་ཤེས་ཆེད་བཀོལ་སྤྱོད་བྱེད་ཡག་ལ་བཟོས་པ་ཞིག་ཡིན་པས་བེད་སྤྱོད་གཏོང་ཡག་ལ་སྟབས་བདེ་པོ་ཡོད་པ་ཙམ་མ་ཟད་ཡིད་ཆེས་བློས་འཁེལ་བྱེད་ཆོག་པ་ཞིག་ཀྱང་ཡིན། མདོར་ན། དེ་ཁེ་ཕན་ཁོ་ནར་དམིགས་ནས་བཟོས་པ་ཞིག་ཡིན་དུས་དྲ་ཐོག་ཏུ་བེད་སྤྱོད་གཏོང་མཁན་ག་ཚོད་ཡོད་མེད་གསལ་སྟོན་བྱེད་ཀྱི་ཡོད།

སྟབས་བདེ་ལ་ཉེན་སྲུང་མེད་པའི་སྤྱི་སྤྱོད་ངོ་ཚབ་འདི་འཚོལ་རྙེད་སྟེགས་བུ་ཐོག་སྤྱི་སྤྱོད་ངོ་ཚབ་ཞེས་བྲིས་ཏེ་བཙལ་བ་ཡིན་ན་འཚོལ་ཐུབ་ཀྱི་ཡོད། ཡིན་ནའང་། ཁྱེད་ཀྱིས་ངོ་ཚབ་ཀྱི་བྱ་ཐབས་དེ་ཁོ་ནར་རེ་བཅོལ་བྱས་ཏེ་སྡོད་རྒྱུ་མེད། དེར་བརྟེན་ཁྱེད་རང་གིས་ངོ་ཤེས་ཡིད་ཆེས་ཡོད་པའི་སྐད་གྲགས་ཅན་གྱི་མིའམ་ཡང་ན་དགའ་ཉེ་དེ་གྲས་ཀྱིས་འཛིན་སྐྱོང་དོ་དམ་བརྟན་སྲུང་བྱེད་བཞིན་ཡོད་པའི་སྒེར་གཉེར་ཉེན་མེད་ངོ་ཚབ་བཀོལ་སྤྱོད་བྱེད་ཐུབ་ན་ཕན་ཐོགས་ཆེ་བ་ཡོད། ཁྱེད་ཀྱིས་དྲ་ཐོག་ངོ་ཚབ་དེ་བེད་སྤྱོད་གཏོང་དགོས་མིན་ནི་ཁྱེད་རང་གི་དགོས་མཁོ་དང་གདམ་ཀར་རག་ལུས་ཡོད། ཁྱེད་རང་གིས་ག་དུས་ཡིན་ནའི་ངོ་ཚབ་དེ་ཉེན་གཡོལ་ཆེད་བེད་སྤྱོད་གཏོང་དགོས་པ་ཆགས་ཀྱི་ཡོད་ན་Firefoxདྲ་རྒྱ་དང་དེའི་ལམ་སྟོན་ནང་འགྲེལ་བརྗོད་ཞུས་ཡོད་པའི་NoScriptརྒྱ་སྐྱེད་དྲ་རྒྱ་དེ་ཕབ་ལེན་གྱིས་ནང་འཇུག་བྱེད་ཐུབ་ན་ཕན་ཐོགས་ཆེ་བ་ཡོད། གལ་སྲིད་ཁྱེད་ཀྱིས་དེ་བཀོལ་སྤྱོད་བྱེད་ཐུབ་པ་ཡིན་ན་ངོ་ཚབ་རྫུན་མ་དང་ཁྱེད་ཀྱི་IP addressཁ་བྱང་ངོ་མ་དྲ་རྒྱ་བརྒྱུད་འཚོལ་རྙེད་བྱེད་མཁན་ཚོ་ཉེན་སྲུང་བྱེད་ཐུབ་ཀྱི་རེད། མཐའ་དོན་ཁྱེད་རང་གིས་ཤེས་དགོས་པ་ཞིག་ལ་བརྡ་ཚིག་བརྒྱབ་ཡོད་པའི་ངོ་ཚབ་ཀྱིས་ཀྱང་ཉེན་སྲུང་མེད་པའི་དྲ་རྒྱ་ཁག་ཉེན་སྲུང་བྱེད་ཐུབ་ཀྱི་མེད། གནད་འགག་ཆེ་བའི་གནས་ཚུལ་ཁག་ཁྱེད་ལ་འབྱོར་བའམ་ཡང་ན་ཁྱེད་ཀྱིས་མི་གཞན་ལ་མ་བཏང་གོང་ཁྱེད་ཀྱི་ངེས་པར་HTTPSདྲ་ལམ་མཐུད་དེ་བཀོལ་སྤྱོད་བྱེད་དགོས།

ཁྱེད་ཀྱི་རྒྱལ་ཁབ་ནས་ཀྱང་བཀོལ་སྤྱོད་བྱེད་ཕོད་ཆོག་པའི་ཡིད་ཆེས་བློས་འཁེལ་བྱེད་སའི་མི་སྒེར་རམ་ཚོགས་པ་དེ་བཞིན་རོགས་པ་སོགས་ཀྱིས་དོ་དམ་བདག་སྐྱོང་བྱེད་བཞིན་ཡོད་པའི་ངོ་ཚབ་དྲ་རྒྱ་དེ་འདྲ་མེད་པ་ཡིན་ན་གོང་དུ་འགྲེལ་བརྗོད་ཞུས་ཡོད་པའི་ (Tor) མིང་མེད་དྲ་རྒྱ་དེ་ཁྱེད་ཀྱིས་བེད་སྤྱོད་ངེས་པར་གཏོང་ཐུབ་པ་བྱེད་དགོས།

ངེས་ཅན་ཉེན་གཡོལ་ངོ་སྲུང་ངོ་ཚབ་དྲ་རྒྱ།

གཤམ་དུ་དམིགས་བཀར་བྱ་ཐབས་དང་ངོ་སྲུང་ངོ་ཚབ་ཀྱི་དྲ་རྒྱ་ཁ་ཤས་ཤིག་གིས་དྲ་ཐོག་འཚག་སེལ་བྱེད་ཀྱི་ཡོད་པས་ཁྱེད་རང་གིས་གཟིགས་ན་མཁྱེན་ངེས་ཡིན། ཉེན་གཡོལ་བྱ་ཐབས་གསར་པ་རྒྱུན་དུ་ཐོན་སྐྱེད་བྱེད་པ་དང་སྦྲགས་ཡོད་བཞིན་པའི་བྱ་ཐབས་དེ་དུས་ཐོག་ཁ་སྐོང་བྱེད་ཀྱི་ཡོད་པས་དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ན་ཁྱེད་རང་གིས་བལྟ་ཀློག་བྱས་ཚར་བའི་དྲ་ཐོག་ཉེན་སྲུང་དྲ་མཛོད་དང་སློབ་ཚན་འདིའི་བསྐྱར་སྦྱོང་གི་གནད་དོན་ཁག་ལ་གཟིགས་ན་མཁྱེན་ངེས་ཡིན།

དོན་དམ་སྒེར་སྤྱོད་དྲ་ཐོག་ངོ་སྲུང་ངོ་ཚབ་དྲ་རྒྱ།

གཤམ་དུ་ཡོད་པའི་དོན་དམ་སྒེར་སྤྱོད་དྲ་ཐོག་ངོ་ཚབ་ཚོས་ཁྱེད་ཀྱི་དྲ་རྒྱ་བརྒྱུད་དྲ་ཐོག་ཏུ་ཡོད་པའི་ངོ་ཚབ་དེ་ཚོ་བེད་སྤྱོད་གཏོང་གི་ཡོད་ལ་རྒྱལ་ཁབ་ནང་དམ་བསྒྲགས་བྱས་ཡོད་པའི་དྲ་རྒྱ་ཁག་འཚག་སེལ་གྱིས་ཨེ་མལ་དང་སྤྱི་ཚོགས་དྲ་རྒྱ་ཁག་བཀོལ་སྤྱོད་གཏོང་རྒྱུར་རོགས་རམ་བྱེད་ཀྱི་ཡོད།

Riseup VPN. ལོངས་ཤོག་དོན་དམ་སྒེར་སྤྱོད་དྲ་ཐོག་ངོ་ཚབ་ནི་དྲ་རྒྱ་དེ་བཀོལ་སྤྱོད་བྱེད་མཁན་ཚོས་མ་གཏོགས་བེད་སྤྱོད་གཏོང་ཐུབ་ཀྱི་མེད། དེ་ཚོ་མཉམ་རུབ་ཀྱིས་ཉེན་མེད་སྒེར་སྤྱོད་ལྷུག་པོའི་དོན་དམ་དྲ་ཐོག་ངོ་ཚབ་མཁོ་སྤྲོད་བྱེད་སྲིད་པ་ཞིག་ཡིན་པས་གཤམ་གྱི་འབྲེལ་ཐག་ཁག་ལ་གཟིགས་ན་མཁྱེན་ངེས་ཤིག་ཡིན།

Hotspot Shield དྲ་འཛིང་ཞིང་ཁམས་འགེབས་སྲུང་ནི་ཉེན་མེད་ཉེན་གཡོལ་མཉེན་ཆས་ཤིག་ཡིན། གལ་སྲིད་དེ་བེད་སྤྱོད་གཏོང་དགོས་ན་དྲ་རྒྱ་འདི་ཁྱེད་ཀྱི་གློག་ཀླད་ནང་ཕབ་ལེན་གྱིས་ནང་འཇུག་བྱེད་དགོས། (Hotspot Shield) གསར་བསྐྲུན་བྱེད་མཁན་ཁེ་ལས་ཚོར་དེ་བཟོ་བསྐྲུན་བྱེད་ཡག་གི་མ་དངུལ་ཁྱབ་བསྒྲགས་བྱེད་མཁན་གྱི་ཁེ་ལས་ས་ནས་རག་གི་ཡོད་པས་ཁྱེད་རང་གི་དྲ་ཐོག་ངོ་གདོང་སྟེང་ཡོད་པའི་བརྡ་ཚིག་བརྒྱབ་མེད་པའི་དྲ་རྒྱའི་ཁྱབ་བསྒྲགས་ཁག་ལ་གཟིགས་ན་མཁྱེན་ཐུབ། ཡིན་ནའང་། དེ་ར་སྤྲོད་བྱེད་མི་སྲིད་པ་ཞིག་ཡིན། གང་ཡིན་ཞེ་ན། ཁེ་ལས་འདིས་བྱ་ཐབས་འདི་བཀོལ་སྤྱོད་བྱེད་མཁན་ཚོའི་IP addressesཁ་བྱང་མེད་པ་བཟོས་པ་མ་གཏོགས་དེ་ཚོ་གསོག་འཇོག་བྱས་ཏེ་ཁྱབ་བསྒྲགས་བྱེད་མཁན་ཁེ་ལས་ཚོར་མཁོ་གཏོང་བྱེད་ཀྱི་མེད།

Your-Freedom ཁྱེད་རང་གི་རང་དབང་ཞེས་པ་འདི་ནི་སྒེར་སྤྱོད་ཉེན་མེད་ཉེན་གཡོལ་ (VPN/SOCKS) གྱི་ངོ་ཚབ་ཞིག་ཡིན། འདི་ནི་རིན་མེད་མཉེན་ཆས་ཀྱི་བྱ་ཐབས་ཤིག་ཡིན་པར་བརྟེན་དེ་འགོག་མེད་ཉེན་གཡོལ་གྱི་ཞབས་ཞུར་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་། ཁྱེད་རང་གིས་ཁ་པར་གྱི་ཏར་སྐུད་བརྒྱུད་གློག་ཀླད་ནང་གནས་ཚུལ་མཁོ་གཏོང་བྱེད་ཡག་ལ་དམ་བསྒྲགས་བྱེད་ཀྱི་ཡོད། དེ་ཡང་ཉིན་མ་གཅིག་ལ་ཆུ་ཚོད་གསུམ་དང་བདུན་ཕྲག་གཅིག་ལ་ཆུ་ཚོད་དགུ་ཙམ་ལས་བཀོལ་སྤྱོད་ཐུབ་ཀྱི་མེད། གལ་སྲིད་ཁྱེད་ཀྱིས་རིན་པ་སྤྲོད་དགོས་པའི་མྱུར་ཚད་མགྱོགས་ལ་ཚད་འཛིན་ཉུང་བའི་དྲ་རྒྱ་དེ་འདྲ་བཀོལ་སྤྱོད་བྱས་ཀྱང་ཆོག་གི་ཡོད། ཁྱེད་རང་གི་རང་དབང་ཞེས་པའི་དྲ་རྒྱ་དེ་བཀོལ་སྤྱོད་བྱེད་དགོས་ན་དྲ་རྒྱ་དེ་གྱི་འབྲེལ་ཐག་ལ་གཟིགས་ཏེ་ཁ་བྱང་བཟོས་ནས་ཕབ་ལེན་བྱེད་དགོས། Your-Freedom websiteཁྱེད་རང་གིས་དྲ་རྒྱ་མཐུད་དུས་དྲ་རྒྱ་དེས་OpenVPNཞེས་པའི་ངོ་ཚབ་དྲ་རྒྱ་འདི་བཀོལ་སྤྱོད་གཏོང་ཆོག་པ་བཟོ་དགོས། དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ན་ཁྱེད་རང་གི་རང་དབང་ཞེས་པའི་དྲ་རྒྱ་དེའི་ཡིག་ཆ་ཁག་ལ་གཟིགས་ན་མཁྱེན་ཐུབ།.

Freegate ཞེས་པ་འདི་ནི་ཉེན་མེད་ཉེན་གཡོལ་དོན་དམ་གྱི་དྲ་རྒྱའི་ངོ་ཚབ་ཞིག་ཡིན་པས་གལ་ཏེ་ཁྱེད་ཀྱིས་ཐོན་གསར་ཤོས་དེ་ཕབ་ལེན་བྱེད་དགོས་ན་གཤམ་གྱི་དྲ་རྒྱ་ཁག་ལ་གཟིགས་ན་མཁྱེན་ཐུབ།

SecurityKISS ཞེས་པ་འདི་ནི་སྤྱི་པས་སྤྱོད་ཆོག་པའི་ཉེན་མེད་ཉེན་གཡོལ་དོན་དམ་གྱི་དྲ་རྒྱའི་ངོ་ཚབ་ཞིག་ཡིན། དེ་ཁྱེད་ཀྱིས་བེད་སྤྱོད་གཏོང་དགོས་ན་གཤམ་གྱི་འབྲེལ་ཐག་བརྒྱུད་ཕབ་ལེན་བྱེད་དགོས། ཡིན་ནའང་དེ་དེབ་སྐྱེལ་བྱེད་དགོས་དོན་མེད། དྲ་རྒྱ་དེ་བེད་སྤྱོད་ལྷུག་པོ་གཏོང་མཁན་ཚོར་ཉིན་གཅིག་ལ་ཨེམ་ལྦི་༣༠༠ མ་གཏོགས་བེད་སྤྱོད་གཏོང་ཆོག་གི་མེད་དེ་མིན་ངོ་ཚབ་བརྒྱུད་དྲ་ཐོག་ནང་ཞུགས་དགོས་པ་ཆགས་ཀྱི་རེད། འགྲོ་གྲོན་བཏང་ཡོད་པའི་དྲ་རྒྱ་ཁག་ལ་དམ་བསྒྲགས་ཉུང་བ་ཡོད་པ་ཙམ་མ་ཟད་ (VPN) བེད་སྤྱོད་གཏོང་ཡག་མང་བ་ཡོད་པས་གཤམ་གྱི་འབྲེལ་ཐག་ལ་གཟིགས་རོགས།.

Psiphon3 ཞེས་པ་འདི་ནི་ཉེན་མེད་སྤྱི་སྤྱོད་ཀྱི་ (VPN) དང (SSH) ཉེན་གཡོལ་ངོ་ཚབ་ཀྱི་རིན་མེད་མཉེན་ཆས་ཤིག་ཡིན། ཁྱེད་ཀྱིས་འདི་བེད་སྤྱོད་གཏོང་དགོས་ཀྱི་ཡོད་ན་རིན་མེད་མཉེན་ཆས་ལ་རེ་སྐུལ་ཞུ་དགོས་པས་གཤམ་གྱི་ཁ་བྱང་ get@psiphon3.com བརྒྱུད་འབྲེལ་གཏུགས་བྱེད་དགོས། .

དྲ་ཐོག་ངོ་ཚབ།

Psiphon2 ཞེས་པ་འདི་ནི་སྒེར་གཉེར་མིང་མེད་དྲ་ཐོག་གི་ངོ་ཚབ་བྱ་ཐབས་ཤིག་ཡིན། ཁྱེད་རང་གིས་དྲ་རྒྱ་འདི་psiphon2 བེད་སྤྱོད་གཏོང་དགོས་ན་ཁྱེད་ལ་དྲ་རྒྱ་བཀོལ་སྤྱོད་བྱེད་སའི་མིང་དང་གསང་ཡིག་དགོས་ཀྱི་ཡོད། ཁྱེད་རང་ཁ་བྱང་དེ་བཟོ་ཡག་ལ་དྲ་རྒྱ་དེ་བཀོལ་སྤྱོད་བྱེད་མཁན་གྱི་མིའི་ས་ནས་གདན་ཞུའི་ཡི་གེ་ཞིག་འབྱོར་དགོས་ཀྱི་ཡོད། དྲ་རྒྱ་དེའི་ཁ་བྱང་བཟོ་ཡག་ལ་པར་སྐྲུན་བྱས་ཡོད་པའི་དེབ་ཆུང་འདིའི་བཀོལ་སྤྱོད་ཀྱི་གདན་ཞུའི་ཡི་གེ་དེ་ཁྱེད་ཀྱིས་བེད་སྤྱོད་བྱས་ཀྱང་ཆོག་གི་ཡོད་པས་གཤམ་དུ་གཟིགས་རོགས། Psiphon2.

Peacefire ཞེས་པ་འདིས་ཇི་ལྟར་བཙན་པོ་ཡོད་མེད་ཀྱི་དྲ་ཐོག་ངོ་ཚབ་མང་པོ་ཞིག་ཁྱེད་ཀྱིས་བཀོལ་སྤྱོད་བྱེད་མིན་ལ་མ་ལྟོས་པར་ཉར་འཚག་བྱེད་ཀྱི་ཡོད། Peacefire ངོ་ཚབ་ཞེས་པ་འདི་བེད་སྤྱོད་གཏོང་དུས་ཁྱེད་དང་ངོ་ཚབ་བར་དྲ་ལམ་བཙན་པོ་དང་མྱུར་པོ་ཞིག་དགོས་ཀྱི་ཡོད་པར་བརྟེན། ཁྱེད་ཀྱིས་ HTTPSཞེས་པའི་ཁ་བྱང་འདི་ངེས་པར་བཀོལ་སྤྱོད་བྱེད་དགོས། དུས་རྒྱུན་ཐོན་གསར་པའི་ངོ་ཚབ་ཁག་འབྲེལ་གཏུགས་ཨེ་མལ་ཁ་བྱང་མང་པོ་ཞིག་ཐོག་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པས་ཁྱེད་ཀྱིས་དྲ་རྒྱ་འདིའི་ཐོག་མིང་འགོད་བྱས་ཏེ་ཁ་སྐོང་བྱེད་ཐུབ་པ་དགོས།

བསྐྱར་སྦྱོང་།

 • སློབ་ཚན་གཉིས་པའི་ལྔ་པ་དང་གཉིས་པའི་དྲུག་པའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་གནད་དོན་ཏེ་’’དྲ་རྒྱ་བལྟ་སྲུང་དང་དོ་དམ་བྱེད་སྟངས’’ཞེས་པ་དང་’’ཉེན་གཡོལ་བྱ་ཐབས་དམ་བསྒྲགས’’ཞེས་པའི་ འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱིས་གློག་ཀླད་གནས་ཚུལ་ཁག་ཇི་ལྟར་སྦ་གསང་དང་སྲུང་སྐྱོབ་བྱེད་དགོས་མིན་གྱི་བརྙན་དེབ་ནང་གཟིགས་ན་མཁྱེན་ངེས་ཡིན། Digital Security and Privacy Manual for Human Rights Defenders
 • FLOSS ལག་འགུལ་དྲ་རྒྱའི་ནང་ཡོད་པའི་སྙིང་དོན་ཇི་ལྟར་དྲ་རྒྱ་ཁག་དམ་བསྒྲགས་ལས་ཐར་ཐབས་བྱེད་དགོས་སམཞེས་པ་འདིར་གཟིགས་ན་མཁྱེན་ཐུབ།
 • ཕེ་རིག་གིས་བརྩམས་པའི་ཨིན་ཇི་དང་འཇར་མན་དེ་བཞིན་སེ་ཕན་སྐད་ནང་ཡོད་པའི་Wiki དྲ་རྒྱ་དོ་དམ་ཞེས་པ་འདིར་གཟིགས་ན་མཁྱེན་ཐུབ།
 • CitizenLab ཀྱིས་བཟོ་སྐྲུན་བྱས་པའི་འབར་མ་དང་ཨིན་ཇི། ཕ་རན་སི་སྐད། ཨུ་རུ་སུའི་སྐད། སེ་ཕན་སྐད་དེ་བཞིན་ཨུར་ཏུའི་སྐད་ཡིག་སོགས་ནང་བསྒྱུར་ཡོད་པའི་དྲ་རྒྱ་ཁག་ཇི་ལྟར་དམ་བསྒྲགས་བྱེད་ཀྱི་ཡོད་མེད་ཀྱི་མི་མང་ལམ་སྟོན་ཤེས་བྱར་གཟིགས་ན་མཁྱེན་ངེས་ཡིན།
 • རྒྱལ་མཚམས་མེད་པའི་གསར་འགོད་ཀྱིས་པར་སྐྲུན་ཐེངས་གཉིས་བྱས་ཡོད་པའི་ཨ་རབ་དང་འབར་མ། རྒྱ་ཡིག ཨིན་ཇི། ཕར་སི། ཕ་རན་སི་སྐད་ཡིག་དེ་བཞིན་ཨུ་རུ་སུ་དང་སེ་ཕན་གྱི་སྐད་ཡིག་ལ་སོགས་ནང་བསྒྱུར་ཡོད་པའི་དཔེ་དེབ་དྲ་ཐོག་རྩོམ་པ་པོ་དང་དྲ་འབྲེལ་ཕྱོགས་འགལ་བའི་ལག་དེབཞེས་པ་འདིའི་འབྲེལ་ཐག་ལ་གཟིགས་ན་མཁྱེན་ཐུབ།
 • ཨེ་ཐན་ཛོ་གྷར་མན་གྱི་འཛམ་གླིང་དྲ་ཐོག་འབོད་སྒྲས་པར་སྐྲུན་བྱས་ཡོད་པའི་བེད་སྤྱོད་ཅན་གྱི་ལམ་སྟོན་ཏེ་མིང་མེད་དྲ་རྒྱ་ལྷན་Wordpress དང་Torབཀོལ་སྤྱོད་བྱེད་སྟངས་ཞེས་པ་འདིར་གཟིགས་ན་མཁྱེན་ཐུབ།