ཁྱེད་རང་གི་ཡིག་ཆ་ཕྱིའི་གནོད་འཚེ་ལས་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ།

ཁ་གསབ།2010

ལམ་ཡིག་འདི་བཞིན་ད་ལྟ་བདག་གཅེས་བྱས་ཀྱི་མེད།

ཁྱེད་གི་གློག་ལས་ནང་དཀའ་ངལ་མ་འཕྲད་བའི་ཆེད་ཉེན་སྲུང་མཉེན་ཆས་ ཇི་ལྟར་ནང་འཇུག་བྱས་ཀྱང་ཞོགས་པ་ཡར་ལངས་དུས་ཡིག་ཆ་མང་པོ་ཞིག་བརླག་སྐྱོན་ཤོར་བའམ་ཡང་ན་དཔེ་བཤུ་བྱས་པ་སོགས་ཀྱི་གནས་སྟངས་ཐབས་སྡུག་དེ་འདྲ་ཡོང་གི་ཡོད། ཐབས་སྡུག་གནས་ཚུལ་དེ་འདྲ་ཚིག་ཇ་འཐུང་ཞོར་གློག་ལས་ཁ་ཕྱེ་ནས་གློག་གསོག་པའི་སྐབས་སུ་ཡིག་ཆ་བརླག་སྐྱོན་ཤོར་ཏེ་གློག་ལས་བེད་སྤྱོད་བྱེད་རྒྱུ་མེད་པའི་དུས་སྐབས་ཀྱང་ཡོང་གི་ཡོད། དེར་བརྟེན་གློག་ལས་བེད་སྤྱོད་གཏོང་སྐབས་གཟབ་ནན་ངང་[*ཉེན་སྲུང་སྲིད་ཇུས་*](/bo/glossary#Security_policy) དང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན།

རྒྱབ་ལྗོངས་ཀྱི་གནས་ཚུལ།

:Snippet

སློབ་ཚན་འདི་བརྒྱུད་ཁྱེད་ལ་གང་ཤེས་ཀྱི་རེད་དམ།

 • ཁྱེད་རང་གི་གློག་ཀླད་ནང་གསོག་འཇོག་བྱས་པའི་གནས་ཚུལ་དང་གློག་ཀླད་ལ་ཕྱིའི་གནོད་འཚེ་འཚེ་ག་རེ་འཕྲད་ཀྱི་ཡོད་མེད་ཤེས་རྟོགས།
 • གློག་ཀླད་ཀྱི་ཡོ་ཆས་རྣམས་ཕྱིའི་གནོད་འཚེ་འདི་དག་ལས་ཇི་ལྟར་སྲུང་སྐྱོབ་ལེགས་པོ་བྱེད་དགོས་མིན།
 • གློག་ཀླད་དང་དྲཱ་རྒྱའི་ཡོ་ཆས་བཀོལ་སྤྱོད་གཏོང་ཡག་ལ་ཁོར་ཡུག་བཟང་པོ་ཇི་ལྟར་བསྐྲུན་དགོས་མིན།
 • ཁྱེད་རང་གི་ལས་ཁུངས་ནང་ཡོད་པའི་གློག་ཀླད་ཁག་ལ་ཉེན་སྲུང་དོ་དམ་ཇི་ལྟར་བྱེད་དགོས་མིན།

ཁྱེད་རང་གི་ཉེན་ཁ་ལ་བརྟག་ཞིབ།

ཚོགས་པ་མང་པོ་ཞིག་གི་སོ་སོའི་ལས་ཁུངས་ཀྱི་གློག་ཀླད་དང་དེའི་ཡོ་ཆས་ཁག་ཕྱིའི་གནོད་འཚེ་ལས་འགོག་ཐབས་ཆེད་དེ་ཙམ་དོ་སྣང་བྱེད་ཀྱི་མེད། རྒྱུ་མཚན་དེར་བརྟེན་ཁོང་ཚོས་གློག་ཀླད་དེ་བཞིན་ཡང་སེ་ཕྱིའི་གནོད་འཚེ་སྟེ་གནམ་གཤིས་འགྱུར་ལྡོག་དང་རྐུན་མ་སོགས་ཀྱི་ཉེན་ཁ་ལས་གཡོལ་ཐབས་ཇི་ལྟར་ཡིན་མིན་སྐོར་ལ་སྐད་ཆ་དྲི་གི་ཡོད། ཐབས་ལམ་དེ་དག་བེད་སྤྱོད་གཏོང་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན་ཀྱང་ལག་ལེན་བསྟར་ཡག་ལ་བཤད་པ་ནང་བཞིན་ལས་དཀའ་ལས་ཆེ་བ་ཡོད། དཔེར་ན། ཚོགས་པ་མང་པོ་ཞིག་གི་ལས་ཁུངས་ཀྱི་སྒོ་དང་སྒེའུ་ཁུང་བཙན་པོ་ཞེ་པོ་ཞིག་ཡོད་ཀྱང་ཁོང་ཚོས་ལྡེ་མིག་ག་ཚོད་བཟོས་ཡོད་པ་དང་སུ་ལ་སྤྲད་ཡོད་མིན་སྐོར་དོ་སྣང་དེ་ཙམ་བྱེད་ཀྱི་མེད་དུས་གནད་འགག་ཆེ་བའི་ཡིག་ཆ་མང་པོ་ཞིག་ཉེན་ཁའི་ངང་གནས་ཡོད།

:Snippet

ཁྱེད་རང་གི་ཚོགས་པ་ལ་དཀའ་ངལ་དང་ཉེན་ཁ་འཕྲད་སྐབས། རྒྱུ་མཚན་གང་ལ་བརྟེན་ཁྱེད་ཀྱི་ཡིག་ཆའམ་གནས་ཚུལ་ལ་ཉེན་ཚབས་འཕྲད་ཀྱི་ཡོད་མེད་སྐོར་ལ་ཐབས་ཤེས་འདྲ་མིན་སྣ་ཚོགས་བརྒྱུད་བསྐྱར་ཞིབ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན།

 • ཁྱེད་རང་གི་ཆ་འཔྲིན་གྱི་བརྒྱུད་ལམ་ག་རེ་བེད་སྤྱོད་བྱེད་ཀྱི་ཡོད་མེད་དང་གང་འདྲ་སེ་བྱེད་ཀྱི་ཡོད་མེད་སྐོར་ལ་བསམ་གཞིགས་བྱེད་དགོས། དཔེར་ན། གཏོང་ཡིག་དང་མྱུར་འཕྲིན། (faxes) ཁ་པར། ལག་ཐོག་ཁ་པར། ཨེ་མལ། དེ་བཞིན་Skype འཕྲིན་ཐུང་སོགས་ཚུད་ཡོད།

 • ཁྱེད་ཀྱི་གལ་ཆེན་གནས་ཚུལ་ཁག་ཇི་ལྟར་གསོག་འཇོག་བྱེད་མིན། གློག་ཀླད་དང་ཨེ་མལ། དྲ་རྒྱ། གཅིག་བསྡུས་ཆ་འཕྲིན་ཡོ་ཆས་(USB ) མཐེབ་སྨྱུག། (Pendrive) ལམ་ཐོག་ཁ་པར། དེ་བཞིན་ལག་བྲིས་ཡི་གེ་སོགས་བེད་སྤྱོད་གཏོང་སྲིད་པ་ཞིག་ཡིན།

 • གློག་ཀླད་ཡོ་བྱད་འདི་ཚོ་ག་པར་བཞག་མིན་བསམ་གཞིགས་བྱེད་དགོས། ལས་ཁུངས། སོ་སའི་ཁྱིམ་ཚང་། གློག་ཀླད་ཀྱི་གད་སྙིགས་བླུག་སྣོད། ཡང་ན་དྲ་རྒྱ་སོགས་ནང་ཡིན། དེ་ཡང་དྲ་རྒྱ་ནང་ལ་ཡོད་པའི་གནས་ཚུལ་ཞིག་ཇི་ལྟར་ག་པར་འཇོག་མིན་ཐད་ལ་དཀའ་ངལ་ཡང་སེ་འཕྲད་ཀྱི་ཡོད་དུས་དེའི་སྐོར་ངེས་པར་བསམ་བློ་གཏོང་དགོས།

གནས་ཚུལ་དེ་རིགས་རྐྱེན་འདྲ་མིན་དབང་གིས་སྐྱོན་ཤོར་སྲིད་པ་ཞིག་ཡིན་པས་ངེས་པར་སེམས་ནང་བཞག་དགོས། ཇི་ལྟར་ཁྱེད་ཀྱི་ཉེན་སྲུང་མཉེན་ཆས་ལ་བརྟེན་གློག་ཀླད་ལ་ཡོད་པའི་གློག་ཀླད་ཀྱི་མ་ལག་ཡོ་ཆས་ (USB) དྲ་འབུ་ལས་སྲུང་སྐྱོབ་བྱེད་པ་ལྟར་ཕྱིའི་གནོད་འཚེ་སྟེ་རྐུན་མ་དང་བརླག་དོར་གྱི་ཉེན་ཁ་མི་ཡོང་བ་བྱེད་རྒྱུ་ནི་དེ་བས་གལ་ཆེན་པོ་ཡིན། གློག་ཀླད་ནང་ཕྱི་ནང་གཉིས་ཀའི་དཀའ་ངལ་དེ་འདྲ་མི་ཡོང་བའི་ཆེད་དམིགས་བཀར་བསྐྱར་ལེན་གྱི་བྱ་ཐབས་ཤིག་ངེས་པར་དགོས།

ཁྱེད་ཀྱིས་འཁྱེར་ཡག་དེ། གློག་ཀླད་ཀྱི་ཅ་ལག་ཡིན་མིན་ལ་མ་ལྟོས་པར། ཁྱེད་ཀྱི་གློག་ཀླད་མ་ལག་གི་ཡོ་ཆས་སམ་མཐེབ་སྨྱུག སྦ་ཁུག་གམ་ཡང་ན་འགྱིག་ཤོག་གི་ཁུག་མའི་མཐིལ་གང་ལ་འཁྱེར་དགོས་མིན་ཐོག་བསམ་གཞིགས་བྱེད་པ་དེར་ཕྱིའི་ཉེན་ཁ་ལས་སྲུང་སྐྱོབ་བྱས་པ་ཟེར། དུས་རྒྱུན་དུ་བྱ་ཐབས་ཡག་པོ་ཞིག་གནས་སྟངས་ལ་དཔག་ནས་ལག་ལེན་བསྟར་གྱི་ཡོད། དེ་ཡང་ཁྱེད་རང་གྲོང་བརྡལ་གྱི་ཕ་རོལ་དུ་འགྲོ་གི་ཡིན་ནམ། ཡང་ན་ས་མཚམས་ཀྱི་ཕར་ཕྱོགས་སུ་འགྲོ་གི་ཡིན། མི་ཞིག་གིས་ཁྱེད་རང་གི་ལྟོ་ཕད་འཁྱེར་རུ་བཅུག་གམ། ཡང་ན་ཆར་པ་གཏོང་གི་འདུག་གམ་སོགས་ཀྱི་དྲི་བ་འདི་དག་འདྲི་དུས་ངེས་པར་བསམ་བློ་ཡག་པོ་གཏོང་དགོས།

ཁྱེད་རང་གི་གནས་ཚུལ་ཕྱིའི་བཙན་འཛུལ་ལས་སྲུང་སྐྱོབ།

ཉེན་ཚབས་ཆེ་བའི་མི་སྣས་ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་གལ་ཆེན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན་ན་དེར་ཕྱིའི་ཉེན་ཁ་ཟེར། ཁྱེད་ཀྱི་ཕུགས་རྒྱང་རིང་པོར་བསམ་བློ་མ་གཏང་བར་ཉེན་ཁ་དེ་གཅིིག་པུ་རེད་བསམ་ནས་དོ་སྣང་མ་བྱས་པར་སྣང་མེད་བསྡད་པ་ཡིན་ན་ལྐུགས་པ་ཡིན། འདིར་ཕྱིའི་བཙན་འཛུལ་གྱི་ཉེན་ཁ་ཉུང་དུ་གཏོང་ཡག་ལ་ཐབས་ལམ་མང་པོ་ཡོད། གང་འདྲ་སེ་བྱེད་དགོས་མིན་གྱི་ཚན་པ་དང་བསམ་ཚུལ་ཁག་གཤམ་དུ་འགྲེལ་བརྗོད་བྱས་ཡོད། དེ་དག་མང་ཆེ་བ་ཁྱེད་ཀྱི་ནང་ཙམ་མ་ཟད་ལས་ཁུངས་གཙོ་བོར་འཛིན་པའི་ཐོག་ཉེན་ཁ་དེ་དག་ལས་ཐར་ཐབས་ཀྱི་འབད་བརྩོན་བྱེད་དགོས།

ལས་ཁུངས་ཀྱི་ཉེ་འཁོར།་

 • ཇི་ལྟར་ཁྱེད་ཀྱིས་ཁྱིམ་མཚེས་ཀྱི་གནས་སྟངས་སྐོར་ཤེས་ཐུབ་པ་དགོས། དེ་ཡང་རང་ཉིད་ཀྱི་རྒྱལ་ཁབ་དང་ཉེ་འཁོར་རྒྱལ་ཁབ་གཉིས་ཀྱི་ནང་ནས་གཅིག་གི་ཁྱེད་ལ་ཉེན་སྲུང་ཇི་ལྟར་བྱེད་མིན་ལ་རག་ལུས་ཡོད། དེ་མིན་དེ་ཚོ་ཁྱེད་རང་གི་ལས་ཁུངས་སུ་བློ་འགུག་བལྟ་སྲུང་བྱས་པའམ། ཡང་ན་ནུས་པ་ལྡན་པའི་ཉེན་ཁ་ཞིག་ལ་བརྩིས་ཏེ་འགྲེལ་བརྗོད་བྱེད་དགོས།

 • ཇི་ལྟར་ཁྱེད་ཀྱིས་ལས་ཁུངས་ནང་འཛུལ་སའི་འགྲོ་ལམ་ཁག་དང་། སྒོ། སྒེའུ་ཁུང་ལ་སོགས་སྲུང་སྐྱོབ་གང་འདྲ་བྱེད་མིན་བསྐྱར་ཞིབ་བྱེད་དགོས།

 • དོགས་སྲུང་པར་ཆས་སམ་ཡང་ན་འགུལ་སྐྱོད་ཉེན་བརྡ་ནང་འཇུག་བྱེད་དགོས།

 • ཐུག་འཕྲད་བྱེད་མཁན་ཚོ་ཡིག་ཚང་དང་ཚོགས་འདུ་ཁང་ནང་མ་འཛུལ་གོང་སྣེ་ལེན་ཞབས་ཞུ་ཁང་ཞིག་ལོག་ཏུ་བཙུགས་དགོས།

ལས་ཁུངས་ནང་ལོག

 • དྲ་ལམ་གྱི་ཏར་སྐུད་སྲུང་སྐྱོབ་བྱ་ཆེད་ཡིག་ཚང་ཚང་ནང་འཁྲིད་ཐུབ་པ་དགོས།

 • དྲ་ལམ་གྱི་ཡོ་ཆས་ servers དང་ routers དེ་བཞིན་ switches དང་ hubs སོགས་འཇོག་སའི་ཁང་པ་ཡང་ན་ཁང་ཆུང་ཞིག་དགོས། གལ་སྲིད་ཧམ་ཟུང་བྱེད་མཁན་ལ་ཡོ་ཆས་དེ་ཚོ་བེད་སྤྱོད་བྱེད་ཡག་རག་པ་ཡིན་ན་གློག་ཀླད་ནང་ཡོད་པའི་ཡིག་ཆ་བརྐུ་བཤུ་རྒྱག་པའམ་ཡང་ན་ཁོ་རང་མེད་པའི་སྐབས་སུའང་ཁྱེད་རང་གི་དྲ་འབྲེལ་གློག་ཀླད་ཁག་ལ་གནོད་སྐྱོན་གཏོང་གི་ཡོད། གནས་སྟངས་ཁ་ཤས་ལ་དྲ་མཐུད་ཡོ་ཆས་དང་གློག་ཀླད། དེ་བཞིན་མཁོ་ཆས་ཁག་ཁང་ཐོག་དང་ཐོག་པང་། ཡང་ན་ཁྱིམ་མཚེས་ནང་ལ་སྦས་ནས་སྐུད་མེད་དྲ་ལམ་བརྒྱུད་བེད་སྤྱོད་བྱས་པ་ཡིན་ན་ཁེ་ཕན་ཆེ་བ་ཡོད།

 • གལ་སྲིད་ཁྱེད་ལ་སྐུད་མེད་དྲ་རྒྱ་ཡོད་པ་ཡིན་ན་དྲ་ལམ་ཡོང་ས་ལྟེ་བ་དེ་སྲུང་སྐྱོབ་ཡག་པོ་བྱེད་དགོས། དེ་འདྲ་བྱེད་ཐུབ་པ་ཡིན་ན་ཧམ་ཟུང་ཅན་ཚོས་དྲ་ལམ་རྐུན་མ་རྐུ་མ་ཐུབ་པ་མ་ཟད་མྱུར་ཚད་མགྱོགས་པའི་ཐོག་ཁྱེད་ཀྱི་དྲ་རྒྱ་ཁག་བལྟ་ཀློག་ཐུབ་ཀྱི་རེད། གལ་སྲིད་ཁྱེད་ཀྱི་ཉེན་སྲུང་མེད་པའི་སྐུད་མེད་དྲ་རྒྱ་བེད་སྤྱོད་གཏོང་གི་ཡོད་ན་གློག་ཀླད་ཆུང་ཆུང་ (laptop) ཡོད་པའི་གྲོང་པ་ཁྱིམ་མཚེས་ཚོས་ཁུ་སིམ་སིམ་ངང་བེད་སྤྱོད་བྱེད་སྲིད་པ་ཞིག་ཡིན། འདི་ནི་རྒྱུན་གཏན་མ་ཡིན་པའི་ཕྱིའི་གནོད་འཚེ་ཞིག་ཡིན། ཡིན་ནའང་ཧམ་ཟུང་ཅན་གྱི་མི་ཚོས་ཁྱེད་ཀྱི་སྐུད་མེད་དྲ་རྒྱ་བེད་སྤྱོད་བཏང་བའམ་ཡང་ན་མགོ་སྐོར་བསླུ་བྲིད་བྱས་ཏེ་ལས་ཁུངས་ཀྱི་གློག་ཀླད་དྲ་ལམ་བེད་སྤྱོད་བཏང་བ་སོགས་ཀྱི་རྐྱེན་གཉིས་ཀར་ནུས་པ་གཅིག་པ་ཡིན་པ་ར་སྤྲོད་བྱས་པ་རེད། སྐུད་མེད་དྲ་ལམ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་ཐད་ཀྱི་ཐབས་ལམ་ནི་ཁྱེད་ཀྱི་གློག་ཀླད་ཀྱི་མཁྲེགས་ཆས་དང་མཉེན་ཆས་ལ་རག་ལུས་ཡོད། ཡིན་ནའང་དེ་ཚོ་གང་འདྲ་སེ་བྱེད་དགོས་མིན་ཐད་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད།

ལས་ཀ་་བྱེད་སྐབས།

 • ཁྱེད་ཀྱི་གློག་ཀླད་ཀྱི་ངོ་གདོང་ནང་ཡོད་པའི་གནས་ཚུལ་ཁག་མི་གཞན་གྱིས་མ་ཀློག་པའི་ཆེད་ལས་ཁུངས་དང་ལས་འཚམས་བཞག་རྗེས་ངེས་པར་སྒྲོག་ཙེའི་སྟེང་གཟབ་གཟབ་ངང་ཡག་པོ་བཞག་དགོས། གལ་སྲིད་ཁྱེད་ལ་མཐུན་རྐྱེན་ཡོད་ན་ལས་ཁུངས་ཀྱི་སྒོ་དང་སྒེའུ་ཁུང་ཡང་ན་སྐུ་མགྲོན་བཞུགས་སའི་ས་ཕྱོགས་སུ་འདེམས་དགོས།

 • གློག་ཀླད་མང་ཆེ་བའི་ཤུབ་ལ་སྒོ་ལྕགས་རྒྱག་ཡག་ཡོད་པར་བརྟེན་ལྡེ་མིག་མེད་ན་མི་སུ་གཅིག་གི་གང་བྱུང་སྒོ་ཕྱེ་ཐུབ་ཀྱི་མེད། གལ་སྲིད་ལས་ཁུངས་ནང་ཁྱེད་རང་ལ་ཤུབ་དེ་འདྲ་ཡོད་ན་ངེས་པར་སྒོ་རྒྱག་དགོས། ལག་ལེན་དེ་བསྟར་ཐུབ་ན་ཧམ་སེམས་ཅན་ཚོས་ཐེ་བྱུས་གང་ཡང་བྱེད་ཐུབ་ཀྱི་མེད་པས་ཁྱེད་ཀྱི་གློག་ཀླད་གསར་པ་ཉོ་དུས་དེར་དོ་སྣང་བྱེད་དགོས།

 • ཉེན་སྲུང་གི་གློག་ཐག་སྒོ་རྒྱག་ཐུབ་ན་མིས་རྐུན་མ་བརྐུ་ཐུབ་ཀྱི་མ་རེད། འདི་ནི་དམིགས་བསལ་ལྟོ་ཕད་དང་སྟོད་ཐུང་ནང་སྦས་སླ་བའི་གློག་ཀླད་ཁག་ལ་གལ་ཆེན་པོ་ཆགས་ཀྱི་ཡོད།

མཉེན་ཆས་དང་ཕྱིའི་ཉེན་སྲུང་གི་སྒྲིག་ཤོམ།

 • ཁྱེད་ཀྱི་གློག་ཀླད་ཁ་ཕྱེ་སྟེ་ཡིག་ཆ་ཁག་བལྟ་ཀློག་མ་བྱས་གོང་གློག་ཀླད་ཀྱི་གསང་ཡིག་བླུག་རོགས་ཞེས་འབོད་སྐུལ་བྱེད་ཀྱི་རེད། གལ་སྲིད་ཁྱེད་ཀྱི་དེ་བྱེད་མ་ཐུབ་ན་གློག་ཀླད་ཀྱི་ངོ་དབྱིབས་སྟེང་ཡོད་པའི་གློག་ཀླད་ཁ་ཕྱེ་ས་ (Start) བརྒྱུད་དོ་དམ་མིང་གཞུང་ (Control Panel) སྟེང་ཡོད་པའི་བཀོལ་སྤྱོད་བྱེད་མཁན་གྱི་ཐོ་གཞུང་ (User Accounts) ཐོག་ཐེངས་མ་གཉིས་བསྣུན་དགོས། བཀོལ་སྤྱོད་བྱེད་མཁན་གྱི་ཐོ་གཞུང་སྟེང་ཁྱེད་ཀྱི་མིང་འདེམ་སྒུག་བྱས་ཏེ་གསང་ཡིག་བཟོས་ཞེས་པ་དེར་བསྣུན་དགོས། དེ་གང་འདྲ་སེ་བྱེད་དགོས་མིན་ནི་སློབ་ཚན་གསུམ་པའི་ནང་3. གསང་ཡིག་བཙན་པོ་བཟོ་སྟངས་དང་ཉར་ཚག་ས་བྱེད་སྟངས་སྐོར།འཁོད་པའི་གསང་ཡིག་ཇི་ལྟར་བཟོ་དགོས་པ་དང་ཉར་འཚག་བྱེད་དགོས་མིན་ཐད་ཀྱི་དཔྱད་གཞིར་གཟིགས་གནང་ཡོད་པ་ཞུ། དེ་ཡང་ཐོག་མ་ཁྱེད་ཀྱི་གསང་ཡིག་བཙན་པོ་ཞིག་འདེམ་སྒྲུག་གི་ངེས་བརྟན་བཟོ་དགོས་པ་དང་དེ་རྗེས་གསང་ཡིག་བཟོས་ཞེས་པ་དེར་ཡོད་པའི་ (Yes) བསྣུན་དགོས། གསང་ཡིག་དེ་མི་གཞན་གྱི་ཧ་མ་གོ་བ་བྱེད་དགོས།

 • ཁྱེད་རང་གི་གློག་ཀླད་ནང་ཡོད་པའི་BIOS ཞེས་པའི་ནང་སྒྲིག་ཤོམ་ཁ་ཤས་བེད་སྤྱོད་བྱེད་རྒྱུ་ཡོད་པ་འདི་དག་ནི་ཕྱིའི་གནོད་འཚེའི་སྲུང་སྐྱོབ་དང་བྲེལ་བ་ཡོད་པ་ཞིག་ཡིན། ༡༽ ཁྱེད་ཀྱི་ངེས་པར་གློག་ཀླད་ཀྱི་བཟོ་དབྱིབས་ཧ་གོ་པ་དགོས། དེ་ཤེས་སོང་ན་གློག་ཀླད་མ་ལག་གི་ཡོ་ཆས་ (USB device) ཏེ་འོད་སྡེར་བླུག་སྣོད་དམ (CD-ROM) ཡང་ན་གཟུགས་མཐོང་སྒྲ་ཕབ་འོད་སྡེར་ (DVD drive) སོགས་གཉིད་ལས་དཀྲོག་*bootཐུབ་ཀྱི་རེད། ༢༽ ཁྱེད་རང་གི་[BIOS*](/bo/glossary#BIOS)ནང་རང་ལ་གསང་ཡིག་བཅུག་པ་ཡིན་ན་སྔོན་ལ་སྒྲ་འཇུག་བྱས་པའི་གསང་ཡིག་དེ་ཕྱིའི་བཙན་འཛུལ་བྱེད་མཁན་ཚོས་གཏོར་བཤིག་གཏོང་ཐུབ་ཀྱི་མ་རེད། ཡིན་ནའང་གསང་ཡིག་བཙན་པོ་ཞིག་བཀོལ་སྤྱོད་བྱེད་དགོས།

 • གལ་སྲིད་ཁྱེད་ཀྱི་ལས་འཆར་རེའུ་མིག་དེ་གསང་ཡིག་བཙན་པོ་ཞིག་ཐོག་རེ་བ་བཅོལ་ནས་བསྡད་ཡོད་ན་སློབ་ཚན་གསུམ་པའི་ནང་གོ་བསྡུར་བྱས་པ་ལྟར། ལས་འཆར་རེའུ་མིག་དེ་ཁྱེད་ཀྱི་གློག་ཀླད་ཀྱི་ངོ་གདོང་ངམ་ཡང་ན་གསང་ཡིག་ཅིག་བརྒྱབ་ཏེ་ཉར་འཇོག་བྱེད་དགོས།

 • ཁྱེད་རང་གློག་ཀླད་དང་ཁ་བྲལ་དུས་མིང་བཀོད་བྱེད་སའི་མཉེན་ཆས་སམ་ཡིག་སྣོད་དེ་སྒོ་རྒྱག་རྒྱུ་མ་བརྗེད་པ་བྱེད་དགོས། གློག་ཀླད་ཀྱི་ངོ་གདོང་སྒོ་རྒྱག་དུས་ངོ་གདོང་གི་མཚོན་རྟགས་ལྡེ་མིག་བསྣུན་པ་ཡིན་ན་ལམ་སེང་དེ་སྒོ་བརྒྱབ་ཐུབ་ཀྱི་ཡོད། གོང་དུ་འགྲེལ་བརྗོད་ཞུས་པ་ལྟར་གལ་སྲིད་ཁྱེད་ཀྱི་གསང་ཡིག་ཅིག་བཟོས་ཏེ་ནང་དུ་འཛུལ་ཐབས་ཀྱི་མིང་ཐོ་བཀོད་བྱས་མེད་ན་དེ་གྲུབ་ཐབས་མེད།

 • རྩ་འཛིན་ཡིག་རིགས་ཁག་ཁྱེད་ཀྱི་གློག་ཀླད་དམ་ཡང་ན་ལས་ཁུངས་ནང་ཡོད་པའི་ཡིག་རིགས་གསོག་འཇོག་བྱེད་སའི་ཡོ་ཆས་ནང་ཉར་ཚག་བྱེད་དགོས་ན་སློབ་ཚན་བཞི་པ་ཁྱེད་རང་གི་གློག་ཀླད་ནང་ཡོད་པའི་གལ་ཆེའི་ཡིག་ཆ་ཁག་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ། གནས་ཚུལ་དེ་ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་རྩ་འཛིན་ཡིག་རིགས་ཁག་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ་ཞེས་པའི་ངོ་སྤྲོད་ལག་དེབ་ནང་ཞིབ་ཕྲ་འགྲེལ་བརྗོད་བྱས་ཡོད་པས་དེར་ངེས་གཟིགས་ཡོད་པ་ཞུ།

:Snippet

སྟབས་བདེའི་ཡོ་ཆས།

 • ཁྱེད་རང་ཕར་ཚུར་འགྲོ་སྐབས་སམ་ཡང་ན་མགྲོན་ཁང་ནང་སྡོད་སྐབས་ངེས་པར་དུ་གློག་ཀླད་དང་ལག་ཐོག་ཁ་པར། དེ་བཞིན་སྟབས་བདེའི་ཡོ་ཆས་སོགས་ནང་ཡོད་པའི་གལ་ཆེན་གནས་ཚུལ་ཁག་ལ་བདག་གཅེས་ཡག་པོ་བྱེད་དགོས། གློག་ཀླད་མཐུད་སའི་ཆ་རྐྱེན་ཡོད་མིན་ལ་མ་ལྟོས་པར་གློག་ཀླད་ཀྱི་ ཉེན་སྲུང་གི་གློག་ཐག་་དམ་ཡོ་ཆས་འཁྱེར་ཏེ་འགྲོ་པ་ཡིན་ན་ཡག་པོ་ཡོད། ཁ་ལག་ཟ་སྐབས་རྐུན་མ་མང་པོ་ཤོར་གྱི་ཡོད་པས་མགྲོན་ཁང་ནས་མ་ཐོན་གོང་ངེས་པར་གློག་ཀླད་བཙན་ས་ཞིག་ལ་འཇོག་མིན་ཐད་བསམ་བློ་ཡག་པོ་གཏོང་དགོས།

 • གལ་སྲིད་ཁྱེད་ལ་གློག་ཀླད་དང་ལག་ཐོག་གློག་ཀླད། དེ་བཞིན་ལག་ཐོག་ཁ་པར་སོགས་ཡོད་ན་རྔམ་སྟོན་ཁྲོམ་སྐོར་བྱས་ནས་མི་ལ་ངོམས་སོ་བརྒྱབ་རྒྱུ་མེད། དེ་ནི་གནས་ཚུལ་མང་པོས་ཁེངས་ཡོད་པའི་ཁྱེད་ཀྱི་ཕྲག་སྟེང་གི་ལྟོ་ཕད་ནང་ཡོད་པའི་རིན་ཐང་ཅན་གྱི་གློག་ཀླད་ཀྱི་མཁྲེགས་ཆས་དེ་དག་རྐུན་མའམ་ཡང་ན་མི་གཞན་ལ་སྟོན་ཏེ་རྐུན་མ་བརྐུ་བར་ཤོག་ཟེར་པ་དང་གཅིག་མཚུངས་ཡིན། དེར་བརྟེན། སྟབས་བདེའི་ཡོ་ཆས་དེ་དག་མི་མང་འཛོམས་ས་དང་དེ་མིན་མངོན་གསལ་དོད་པོས་གློག་ཀླད་བླུག་སའི་ལྟོ་ཕད་ནང་བླུག་ཏེ་ ཁྱེད་ཀྱི་ནམ་ཡང་འཁྱེར་རྒྱུ་མེད།

ཁྱེད་ཀྱི་གློག་ཀླད་ཀྱི་མཁྲེགས་ཆས་སོར་གནས་ཐུབ་པར་ཁོར་ཡུག་བཟང་པོ་ཞིག་དགོས།

གློག་གི་ཡོ་ཆས་མང་ཆེ་བ་ནང་བཞིན་གློག་ཀླད་དེ་བཞིན་བདག་གཅེས་བྱེད་ཡག་ལས་སླ་པོ་མེད། དེ་ཚོ་གློག་གི་ཐོན་ཁུངས་ཡག་པོ་མེད་ས་དང་གན མ་གཤིས་ཚ་དྲོད་མི་སྙོམས་ས་སྟེ་ཐལ་འཚུབ་དང་ཞ་ཚན་མང་པོ་ཡོད་ས་དེ་བཞིན་འཕྲུལ་ཆས་ཀྱི་གནོན་ཤུགས་ཡོད་ས་ཁག་ལ་ཁྲོད་ཀྱི་མེད། ཁྱེད་ཀྱི་དྲ་ལམ་དང་གློག་ཀླད་ཁག་ཉེན་ཁ་དེ་མི་ཡོང་བའི་ཆེད་ཐབས་ལམ་འདྲ་མིན་སྣ་ཚོགས་ཡོད་པས་གཤམ་དུ་གཟིགས་གནང་རོགས།

 • གློག་ཤུགས་དང་འབྲེལ་བའི་གློག་གི་དཀའ་ངལ་སྟེ་ནག་ཁུང་ཆགས་པའམ་ཡང་ན་ནག་སྲིབ་སྲིབ་ཆགས་པ་དེས་གློག་ཀླད་ཀྱི་མཁྲེགས་ཆས་ལ་སྐྱོན་བཟོ་གི་ཡོད། རྒྱུན་གཏན་མ་ཡིན་པའི་གློག་ཤུགས་དེས། ཁྱེད་ཀྱི་གློག་ཀླད་ཀྱི་མཁྲེགས་ཆས་དང་དེའི་ནང་ཡོད་པའི་ཡིག་ཆ་ཁག་གཏོར་བཤིག་གཏོང་བའམ་ཡང་ན་གློག་ཀླད་ཀྱི་ཆ་ཤས་ཁག་ལ་གནོད་སྐྱོན་བཟོ་གི་ཡོད།

  • གལ་སྲིད་ཁྱེད་ཀྱིས་འགྲོ་སོང་གཏོང་ཐུབ་ན་གློག་ཤུགས་ལ་འགོག་རྐྱེན་སྤྲོད་མི་ཐུབ་མཁན་གྱི་གློག་ཀླད་ཡོ་ཆས་UPSདེ་ཉོས་ནས་གལ་ཆེའི་ལས་ཁུངས་ཀྱི་གློག་ཀླད་ནང་དུ་བེད་སྤྱོད་གཏོང་དགོས། དེ་ལྟ་བུའི་ཡོ་ཆས་དེས་གནས་སྐབས་རིང་གློག་མེད་ནའང་གློག་ཀླད་བེད་སྤྱོད་བྱེད་རྒྱུ་རགས་ཀྱི་རེད།

  • གལ་སྲིད་UPS'རིན་གོང་དབང་གིས་ཉོ་མ་ཐུབ་པ་དང་རན་པོ་མེད་ན་གློག་ཤུགས་ཀྱི་འགོག་རྐྱེན་མ་འཕྲད་པའི་ཆེད་གློག་ཤུགས་སྟངས་འཛིན་བྱེད་ཐུབ་མཁན་གྱི་ཅ་ལག་ཅིག་ཉོ་དགོས།

  • ཁྱེད་ཀྱི་གལ་ཆེའི་མཁོ་ཆས་ཁག་མ་མཐུད་གོང་གློག་ཡོང་ས་ཁག་ལ་ཚོད་བལྟ་བྱེད་དགོས། དེ་ཡང་ཏར་སྐུད་གསུམ་རྒྱུད་ས་ཡོད་པའི་གློག་གི་འཁོར་མིག་དེ་བེད་སྤྱོད་གཏོང་ཐབས་བྱེད་དགོས། དེའི་ནང་ནས་གཅིག་ལ་ས་གློག་མཐུད་དགོས། གལ་སྲིད་བྱེད་ཐུབ་ན་ཉིན་གཅིག་གཉིས་ཤིག་ལས་ཁུངས་གསར་པའི་ནང་ཡོད་པའི་གློག་གི་མ་ལག་ནང་གློག་ཀླད་ཀྱི་ཏར་སྐུད་བླུག་ནས་དཀའ་ངལ་མ་བཟོ་གོང་་རིན་གོང་ཁེ་བའི་གློག་བཞུ་དང་རླུང་འཁོར་གྱི་ཏར་བླུག་ཏེ་ཚོད་བལྟ་བྱེད་དགོས།

 • རྐྱེན་ངན་མ་འཕྲད་པའི་ཆེད་གློག་ཀླད་ཀྱི་མཁྲེགས་ཆས་ཏེ་ (UPS, power filters, surge protectors, power strips, extension cables) སོགས་དྲ་ལམ་དང་གློག་གྱི་འབྲེལ་བ་ཡོད་པའི་མཁོ་ཆས་དེ་དག་མི་གཞན་གྱིས་མ་ཉོབ་སར་ངེས་པར་བཞག་དགོས།

 • གལ་སྲིད་ཁྱེད་ལ་སྤུས་ཀ་དག་པོའི་གློག་ཀླད་ཀྱི་གློག་ཐག་དང་ (power strips) དང་ (extension cable) སོགས་ཀྱི་མཐུན་རྐྱེན་འཛོམས་ཡོད་ན་ལས་ཁུངས་ཀྱི་དགོས་མཁོ་ཆ་ཚང་ཁྱེད་ཀྱིས་སྒྲུབ་ཐུབ་ཀྱི་རེད། གྱང་ངོས་ཀྱི་གློག་ཐག་མཐུད་ས་དེ་ཆད་པ་ཡིན་ན་ཁྱེད་རང་བསུན་པོ་བཟོ་བ་ཙམ་མ་ཟད་མེ་ཚག་ཡང་སེ་ཡོང་གི་རེད། དེར་བརྟེན་དེ་དང་འབྲེལ་བསྡད་ཡོད་པའི་གློག་ཀླད་ཁག་དང་འགོག་རྐྱེན་བཟོ་མཁན་ཚོར་ཉེན་ཁ་བཟོ་གི་ཡོད་པ་ཙམ་མ་ཟད་མེ་སྐྱོན་ཀྱང་ཤོར་སྲིད་པ་ཞིག་ཡིན།

 • གལ་སྲིད་ཁྱེད་ཀྱི་གློག་ཀླད་གང་རུང་ཞིག་ཁང་ཆུང་ནང་ལོག་ཏུ་བཞག་ཡོད་ན་དེ་ཚ་པོ་མ་ཆགས་པའི་ཆེད་དུ་རླུང་འགྲོ་ས་ཞིག་ངེས་པར་བཟོ་དགོས།

 • གློག་ཀླད་ཀྱི་ཡོ་ཆས་ཁག་གློག་ཐབ་དང་རླུང་ཚ་གྲང་བཟོ་ཆེད་ཀྱི་ཅ་ལག་ (air conditioner) ལ་སོགས་པའི་ཡོ་ཆས་མཉམ་དུ་འཇོག་རྒྱུ་མེད།

ཁྱེད་ཀྱིས་ཕྱིའི་ཉེན་ཁ་ལས་་སྲུང་བྱ་ཇི་ལྟར་བྱེད་དགོས་སམ།

ཁྱེད་རང་དང་ཁྱེད་རང་གི་ཚོགས་པ་ལ་དཀའ་ངལ་དང་ཉེན་ཁ་འཔྲད་མ་ཐག་ལམ་སེང་ཕྱི་ལོག་གི་གནོད་འཚེ་ལས་འགོག་ཐབས་ཀྱི་ཐབས་ལམ་འཚོལ་དགོས། ཁྱེད་ཀྱིས་ཉེན་སྲུང་གི་བྱ་ཐབས་ཞེས་པའི་ཐབས་ལམ་ཁག་འདི་ལྟར་ ཉེན་སྲུང་སྲིད་ཇུས་ བཀོལ་སྤྱོད་བྱས་ཏེ་ལག་ལེན་བསྟར་དགོས། ཡིག་ཆ་དེ་དག་ནི་ཁྱེད་རང་དང་ཁྱེད་རང་གི་ལས་རོགས་དེ་བཞིན་ཚོགས་པའི་ལས་བྱེད་གསར་པ་ཚོར་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཆགས་ཐུབ་པ་བཟོ་དགོས། དེའི་ནང་ཕྱིའི་ཛ་དྲག་གི་ཉེན་ཁའི་དོན་སྐྱེན་ཁག་ལས་ཐར་ཐབས་ཀྱི་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་གྱི་ཐབས་ལམ་ངེས་པར་སྟོན་དགོས། བདེ་འཇགས་བརྟན་སྲུང་ཐུབ་ཆེད་འབྲེལ་བ་ཡོད་པའི་མི་རྣམས་ལ་དུས་ཚོད་སྤྲད་དེ་ཀློག་བཅུག་ཏེ་ལག་ལེན་བསྟར་དགོས། ཡིག་ཆ་དེ་ཡག་པོ་དང་ལེགས་པོ་ཞིག་ཡོང་ཆེད་ཁོང་ཚོར་བསམ་ཚུལ་བཤད་བཅུག་པའམ་ཡང་ན་དྲི་བ་འདྲི་རུ་བཅུག་དགོས།

ཁྱེད་ཀྱིས་ཉེན་སྲུང་གི་བྱ་ཐབས་ཞེས་པའི་ཐབས་ལམ་འདི་ ཉེན་སྲུང་སྲིད་ཇུས་ གནས་སྟངས་ལ་བརྟེན་སྡེ་ཚན་མང་པོ་ཞིག་ནང་ཆ་བགོས་བྱས་པ་ཞིག་དགོས་ངེས་ཡིན།

 • ལས་ཁུངས་ཀྱི་ཉེན་སྲུང་བྱ་ཐབས་ནི་ཉེན་བརྡ་ཞིག་དང་འདྲ་བ་ལས་ཁུངས་ནང་སྐུ་མགྲོན་སུ་ཡོང་ཆོག་མིན་དང་ལྡེ་མིག་སུ་ལ་ཡོད་མིན། སུས་གཙང་མ་བཟོ་མིན་སོགས་གླེང་སློང་བྱེད་ཀྱི་ཡོད།
 • ལས་ཁུངས་ཀྱི་ཆ་ཤས་གང་འདྲ་ཞིག་ཁྲིམས་མཐུན་གྱི་བལྟ་སྐོར་བྱེད་མཁན་ཚོར་དམ་བསྒྲགས་བྱེད་དགོས་པ།
 • ཁྱེད་རང་གིས་ཨང་རིམ་སྒྲིག་པ་དང་འགྲེལ་བཤད་བརྒྱབ་ཡོད་པའི་དངོས་ཆས།
 • རྩ་ཆེའི་གནས་ཚུལ་ཡོད་པའི་ཤོག་ཛར་ཁག་གཡུག་ས།
 • ཛ་དྲག་གི་གནས་ཚུལ་ཁག་ལ་འབྲེལ་བ་ཡོད་པའི་ཐབས་ལམ་ནི།
  • གལ་གནད་ཆེ་བའི་གནས་ཚུལ་གསང་སྒྲོག་བྱས་པའམ་ཡང་ན་བཞག་འཇོག་ནོར་བ་ཁག་སུ་ལ་སྙན་སེང་ཞུ་དགོས་མིན།
  • མེ་སྐྱོན་དང་ཆུ་ལོག་དེ་བཞིན་རང་བྱུང་གི་འཇིགས་པ་ཁག་བྱུང་ན་སུ་ལ་འབྲེལ་བ་བྱེད་དགོས་མིན།
  • ཛ་དྲག་ངང་ལྡེ་མིག་གང་འདྲ་སེ་བཟོ་དགོས་མིན།
  • གློག་ཤུགས་དང་ཆུ་དེ་བཞིན་དྲ་ལམ་མཐུད་མཁན་གྱི་ཁེ་ལས་དང་ཚོགས་པ་ཁག་ལ་འབྲེལ་བ་ཇི་ལྟར་བྱེད་དགོས་མིན།
  • བསྐྱར་ལེན་བྱ་ཐབས་ལས་གནས་ཚུལ་ཁག་ཇི་ལྟར་བསྐྱར་སློག་ཐུབ་བམ། དེའི་སྐོར་ལ་ཞིབ་ཕྲ་སློབ་ཚན་ལྔ་པ་: གནས་ཚུལ་བརླག་དོར་ཤོར་བ་ཁག་བསྐྱར་གསོ་བྱེད་སྟངས་སྐོར། ཞེས་པ་དེ་ཁྱེད་ཀྱིས་ཀློག་ན་ཤེས་ཐུབ།

ཁྱེད་ཀྱི་དུས་ཐོག་ཏུ་ཉེན་སྲུང་སྲིད་ཇུས་བསྐྱར་ཞིབ་བྱེད་དགོས་པ་མ་ཟད་དུས་ཚོད་ལ་དཔག་པའི་ཐབས་ཤེས་ཁག་བེད་སྤྱད་དེ་བཟོ་བཅོས་བྱས་ཏེ་འགྱུར་བ་གཏོང་དགོས། ཡིན་ནའང་། ཉེན་སྲུང་སྲིད་ཇུས་ཀྱི་ཡིག་ཆ་ཁག་གལ་ཆེའི་གནས་ཚུལ་ཁག་དང་ལྷན་ཁྱེད་ཀྱིས་བསྐྱར་ལེན་བྱེད་ཡག་བརྗེད་རྒྱུ་མེད། ཉེན་སྲུང་སྲིད་ཇུས་ཀྱི་བྱེད་སྟངས་སྐོར་ལ་མང་བ་སློབ་ཚན་གཉིས་པའི་ལྔ་པར་འགྲེལ་བརྗོད་བྱས་ཡོད་པས་གཟིགས་རྒྱུ་མ་མཉེས་པ་གནང་རོགས།

བསྐྱར་སྦྱོང་།

 • ཉེན་ཁ་ལས་གཡོལ་ཐབས་ཀྱི་གནས་ཚུལ་འཕར་མ་ཤེས་དོད་ན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོའི་གློག་ཀླད་ཇི་ལྟར་ཉེན་སྲུང་བྱེད་དགོས་མིན་ཐད་བཤད་ཟིན་པའི་སློབ་ཚན་དང་པོའི་གཉིས་པ་སྟེ་ཉེན་ཁ་ལས་དོགས་ཟོན་དང་། དང་པའི་གསུམ་པ་སྟེ་ཉེན་ཁར་དཔྱད་ཞིབ་བྱེད་དགོས་ཞེས་པའི་སྡེ་ཚན་ཁག་ལ་གཟིགས་རོགས། Digital Security and Privacy for Human Rights Defenders
 • (BIOS) ཡི་ནང་གསང་ཡིག་བཟོ་དགོས་མིན་སྐོར་གྱི་གནས་ཚུལ་ཞིབ་ཕྲ་གློག་ཀླད་ཀྱི་ངོ་དབྱིབས་ཉེན་སྲུང་ཇི་ལྟར་བྱེད་དགོས་ཞེས་པའི་སློབ་ཚན་གཉིས་པའི་དང་པོར་འགྲེལ་བརྗོད་བྱས་ཡོད་པས་གཟིགས་གནང་ཞུ། Digital Security and Privacy for Human Rights Defenders
 • ཉེན་སྲུང་བྱེད་སྟངས་ཀྱི་ལམ་སྟོན་དེ་སློབ་ཚན་བཞི་པའི་དང་པོ་’དངོས་མཐོང་དཔྱད་གླེང་ཞེས་པར་གཟིགས་རོགས། Digital Security and Privacy for Human Rights Defenders
 • ཉེན་སྲུང་ལག་དེབ་ཞེས་པའི་ནང་འཁོད་པའི་གནས་ཚུལ་ཁག་ལ་གཟིགས་རོགས། Protection Manual